མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་དང་ནེའུ་ཡོག་ནས་བོད་མི་མང་པོ་རྒྱའི་གོ་སྒྲིག་ལོ་སར་ལ་མཉམ་ཞུགས་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བལ་ཡུལ་དང་ནེའུ་ཡོག་ཏུ་སྐོང་ཚོགས་བྱས་པའི་བོད་ཀྱི་ལོ་སར་གྱི་དུས་སྟོན་ཐོག་སྐྱབས་བཅོལ་བོད་མི་མང་པོས་མཉམ་ཞུགས་བྱས་ཡོད་འདུག

བལ་ཡུལ་དུ་རྒྱའི་གོ་སྒྲིག་ལོ་སར་དུས་སྟོན། དྲ་ལམ་གྱི་པར།

ཕྱི་ཟླ་ ༡ ཚེས་ ༢༨ ཉིན་བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་གོ་སྒྲིག་འོག  བལ་ཡུལ་ནང་བོད་ཤིང་འབྲུག་ལོའི་ལོ་སར་སྲུང་གཙི་ཞུས་ཡོད་ཅིང་། ལོ་སར་སྲུང་གཙིའི་ལས་རིམ་དེའི་ནང་བོད་ནང་ནས་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཟློས་གར་ཚོགས་པ་སྐད་བཏང་ནས་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་མ་ཟད། བལ་ཡུལ་དུ་གནས་སྡོད་བོད་མི་སོགས་མི་གྲངས་ ༡༠༠༠ མ་ཟིན་ཙམ་ལོ་སར་གྱི་དགོངས་ཚོགས་ནང་མཉམ་ཞུགས་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་བསྒྲགས་འདུག

བལ་ཡུལ་ནང་བསྡུས་པའི་ལོ་སར་གྱི་དགོངས་ཚོགས་དེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌིར་ཟ་ཁང་ཞིག་ཏུ་འཚོགས་ཡོད་ཅིང་། སྐབས་དེར་བལ་ཡུལ་རྒྱ་ནག་གཞུང་ཚབ་པ་ཁྲན་སོན་ (Chen Song) ཟེར་བས། རྒྱ་ནག་གིས་དུས་རྒྱུན་དུ་བལ་ཡུལ་ནང་བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པ་སྐད་བཏང་ནས་ལོ་གསར་སྲུང་གཙི་ཞུས་པའི་རྒྱབ་ལྗོངས་དང་། རྒྱ་ནག་དམར་ཤོག་པས་བོད་རང་སྐྱོང་ལྗོངས་ཟེར་བར་ཕྱོགས་གང་ཅིའི་ཐད་ནས་འཛུགས་སྐྲུན་དང་ཡར་རྒྱས་བཏང་ཡོད་ལུགས་སོགས་བསྒྲགས་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་མི་བརྒྱ་ཆ་ ༩༩ ལྷག་ཙམ་རྒྱ་ནག་གུང་ཁྲན་ཏང་གི་གསོ་སྐྱོང་འོག་བདེ་ཞིང་སྐྱིད་པར་གནས་ཡོད་པ་དང་། ད་ལྟ་རྒྱ་གཞུང་གིས་སི་ཁྲོན་དང་ཡུ་ནན། ཀན་སུའུ་དང་མཚོ་སྔོན་སོགས་བོད་རིགས་རང་སྐྱོང་ས་ཁུལ་དུ་མ་དངུལ་བཏང་ནས་འཛུགས་སྐྲུན་དང་འཚོ་བ་སོགས་ཡར་རྒྱས་བཏང་དང་གཏོང་མུས་ཡིན་ལུགས་སོགས་བརྗོད་འདུག

ཡང་དམིགས་བསལ་བལ་ཡུལ་ནང་ལོ་གསར་སྲུང་གཙི་བྱས་པ་དང་འབྲེལ་ནས་ཁྲན་སོན་ཟེར་བ་ཞིག་གིས་བལ་ཡུལ་དང་རྒྱ་ནག་གཉིས་བར་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་མཉམ་འབྲེལ་དམ་ཟབ་ཡོད་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་ལམ་མུ་མཐུད་མདུན་སྐྱོད་བྱ་རྒྱུ་ཡིན་པས། བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་དུས་རབས་གསར་བའི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་སྲུང་སྐྱོབ་སོགས་ཀྱི་ལས་གཞིའི་ནང་མཉམ་ཞུགས་བྱས་ཏེ། བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཞོགས་འདེགས་དང་ལེགས་སྐྱེས་འབུལ་དགོས་ལུགས་སོགས་བརྗོད་འདུག་པ་མ་ཟད། བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བལ་ཡུལ་གནས་སྡོད་བོད་མི་རྣམས་ལ་སྔར་ལྷག་གིས་རོགས་འདེགས་དང་ཞབས་ཞུ་བསྒྲུབ་རྒྱུ་ཡིན་སྐོར་ཡང་བསྒྲགས་འདུག

གནས་ཚུལ་འདི་དང་འབྲེལ་ནས་རྒྱ་རིགས་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། ལོ་སར་གྱི་ལས་རིམ་དེའི་ནང་བལ་ཡུལ་དུ་གནས་སྡོད་བོད་མི་ཆིག་སྟོང་ལྷག་ཙམ་གྱིས་མཉམ་ཞུགས་བྱས་ཡོད་ཟེར་གྱི་ཡོད་མོད། ཚང་མ་བོད་པ་ཡིན་མིན་དང་གྲངས་ཀ་དེ་ཙམ་འབྱོར་ཡོད་མེད་ཞུ་ཚོད་ཐིག་པ་ཞིག་མ་རེད། བོད་ནང་ཡར་རྒྱས་བཏང་ཡོད་ལུགས་དང་། བལ་ཡུལ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཡག་པོ་ཡོད་ཚུལ། བོད་རང་སྐྱོང་ལྗོངས་ལ་ཡར་རྒྱས་བྱུང་བ་མ་ཟད། ཞིང་ཆེན་བཞིའི་ནང་ཡོད་པའི་བོད་རིགས་སྤྱི་ལ་ལྟ་རྟོག་བྱེད་ཀྱི་ཡོད་ཟེར་བཞིན་ཡོད་པ་དང་། དེའི་ཐོག་ནས་དཔེར་ན་བལ་ཡུལ་དུ་ཡོད་པའི་མདོ་སྟོད་སྨད་གཉིས་ཀྱི་བོད་མི་ཚོར། ཁྱེད་ཚོའང་ང་ཚོ་སེམས་ནང་དུ་ཡོད་ཟེར་གྱི་ཡོད། ནམ་རྒྱུན་ཟློས་གར་འཁྲབ་མཁན་མང་ཆེ་བ་བོད་རང་སྐྱོང་ལྗོངས་ཁོངས་ནས་སྐད་གཏོང་གི་ཡོད། ད་རེས་ཀན་ལྷོ་ཁུལ་ནས་ཟློས་གར་འཁྲབ་སྟོན་པ་སྐད་བཏང་ནས་མི་ལ་ཚོར་བ་མ་འདྲ་བ་བསྐྲུན་ཐབས་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

ཡང་ཁོང་གིས། རྒྱ་ནག་གིས་ལོ་སར་གཏོང་གི་ཡོད་ཟེར་བ་ཙམ་ལས་དོན་དངོས་ཐོག་རྒྱ་ནག་གི་བྱེད་སྟངས་ནི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁོ་ནའི་ཆེད་ཡིན་པ་དང་། ལོ་སར་བཏང་ནས་དྲིལ་བསྒྲགས་བྱེད་པ་ནི་རྒྱ་ནག་གི་གཏན་འབེབ་སྒྲིག་གཞི་རེད། རྒྱ་ནག་གི་ལོ་སར་སྲུང་གཙི་ནི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁོ་ནའི་ཆེད་དུ་རེད། དུས་རབས་གསར་བའི་རྒྱ་ནག་འོག་བོད་ལ་ཡར་རྒྱས་ཞེ་དྲགས་བཏང་ཡོད་ཟེར་གྱི་ཡོད་པ་དང་། དུས་རབས་གསར་པ་ཟེར་དུས་དེང་སྐབས་ཀྱི་ཚིག་གསར་པ་ཞིག་རེད། དུས་རབས་གསར་པ་ཟེར་དུས་ཞི་ཅིན་ཕིན་བསླེབས་པ་ནས་ཟེར་གྱི་ཡོད། ཞི་ཅིན་ཕིན་བསླེབས་པ་ནས་རྒྱ་ནག་གི་དུས་རབས་གསར་པ་ཞིག་ཆགས་ཡོད་ཟེར་གྱི་ཡོད། བྱས་རྗེས་ཏག་ཏག་བཤད་འདུག དུས་རབས་གསར་པའི་དེང་རབས་ཅན་གྱི་རྒྱ་ནག་འོག་བོད་ལ་ཡར་རྒྱས་ཞེ་དྲགས་ཕྱིན་ཡོད་ཟེར་གྱི་ཡོད། སྔོན་མ་མའོ་ཙེ་ཏུང་གི་སྐབས་སུ་ཀྲུང་གོ་གསར་པ་ཟེར་གྱི་ཡོད། ད་ལྟ་ཞི་ཅིན་ཕིན་གྱི་དུས་རབས་གསར་པ་ཟེར་ནས་མའོ་ཙེ་ཏུང་དང་འགྲན་སྡུར་བྱེད་བཞིན་པའི་རྣམ་པ་ཞིག་དེའི་ནང་དུ་ཡོད། མདོར་བསྡུས་ན། མི་གཞན་ལ་རྒྱ་ནག་གིས་བོད་ཡར་རྒྱས་བཏང་ཡོད་ལུགས་ཀྱི་མགོ་སྐོར་དང་དྲིལ་བསྒྲགས་རྫུན་མ་རྐྱང་རྐྱང་བསྒྲགས་ཡོད་སྐོར་བརྗོད་སོང་།

འདི་གའི་གསར་འགོད་པར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ལམ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྒྱ་ནག་གཞུང་ཚབ་ཀྱི་གོ་སྒྲིག་འོག་བོད་མི་བཅུ་གྲངས་ཤིག་འབོད་འགུག་གིས་ལོ་སར་སྲུང་གཙི་ཞུས་ཡོད་པ་དང་སྐབས་དེའི་གནས་ཚུལ་རྣམས་རྒྱ་ནག་གིས་གཞུང་འབྲེལ་དྲ་ལམ་ཁག་ཏུ་བསྟན་མེད་ཀྱང་། ལོ་སར་སྲུང་གཙི་བྱས་པ་དང་བོད་མིས་མཉམ་ཞུགས་བྱས་ཡོད་པ་ནི་དོན་དངོས་ཡིན་འདུག་ལ། རྒྱ་ནག་གཞུང་ཚབ་པས་གཏམ་བཤད་ཀྱང་སྤེལ་ཡོད་འདུག ད་དུང་ཡུ་རོབ་རྒྱལ་ཁབ་སུད་སི་དང་ཨི་ཊ་ལི་སོགས་སུ་རྒྱའི་གོ་སྒྲིག་འོག་བོད་ཀྱི་ལོ་སར་སྲུང་གཙིའི་ལས་རིམ་འཚོགས་ཡོད་ཀྱང་བོད་མིས་མཉམ་ཞུགས་བྱས་ཡོད་མེད་ཤེས་རྟོགས་གསལ་བོ་ཐུབ་ཀྱི་མི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༤ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese