མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཆོལ་ཁ་གསུམ་ནང་བྱམས་པ་དང་བརྩེ་བའི་ཐོག་ནས་ཕན་ཚུན་ལ་རོགས་རམ་བྱེད་ཀྱི་ཡོད་པའི་མིག་དཔེ་ཡག་པོ་འདུག་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་བོད་པའི་གོམས་གཤིས་སུ་ཡོད་པའི་རིག་གཞུང་གིས་འཛམ་གླིང་དུ་ཕན་ཐོགས་ཡོང་གི་ཡོད་པ་དང་འཛམ་གླིང་གི་སྤྱི་ནོར་ཞིག་ཆགས་ཡོད་པའི་བཀའ་བསྩལ་སོང་།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་སྐྱེས་རབས་ཀྱི་བཀའ་ཆོས་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༤།༠༢།༢༤

དེ་རིང་བོད་ཟླ་དང་པོའི་ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། གཟུངས་སྔགས་ཡི་གེ་དྲུག་མའི་བཟླས་ལུང་། སྐྱེས་རབས་ཀྱི་བཀའ་ཆོས་བསྩལ་སོང་།

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་འདིར་འཆར་ཅན་བཞིན་གསུང་རབས་ཀྱི་གསུང་ཆོས་ཞུ་ཡི་ཡོད་པ་རེད། འཛམ་བུ་གླིང་འདིར་རིམ་བཞིན་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་འདུག ཕྱི་དངོས་པོའི་ཡར་རྒྱས་གཅིག་པུར་དམིགས་མཁན་ཚོས་ཀྱང་གཞི་ནས་སེམས་ཀྱི་ཞི་བདེ་དགོས་པ་གལ་ཆེན་པོ་བརྩི་ཡི་འདུག ཆོས་ལུགས་ཚང་མའི་ནང་དཀོན་མཆོག་ལ་དད་པ་བྱེད་དགོས་པ་གསུང་གི་ཡོད། དེས་སེམས་ཀྱི་ཞི་བདེ་ཡོང་བར་ཕན་ཐོགས་ཡོད་ཀྱང་།  སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེ་བཟོ་བ་དེ་ཕལ་ཆེར་ནང་པའི་ཆོས་དེ་ཟབ་ཤོས་ཆགས་ཡོད།  ངོས་རང་གིས་ངོ་ཤེས་ཚན་རིག་པ་མང་པོས་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེའི་ཐོག་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག སངས་རྒྱས་ཀྱི་ཆོས་ནི་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེ་བསྒྲུབ་ཀྱི་ཡོད། ཕྱི་དངོས་པོའི་ཐོག་ཡར་རྒྱས་ཕྱིན་ཏེ་འགྱུར་བ་འགྲོ་བཞིན་ཡོད་ཀྱང་། སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་བསྒྲུབ་པ་དེ་ཚན་རིག་དང་མཐུན་པའི་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད།  བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་ཀྱི་ཞི་བདེ་བསྒྲུབ་པར་མ་འདྲ་བ་ཞིག་ཆགས་ཡོད། ངོས་རང་གི་ངོ་ཤེས་ཀྱི་ནང་དུ་ཆོས་དད་ཅན་མང་པོ་ཡོད།  ཡིན་ནའང་སེམས་ཀྱི་ཞི་བདེ་བསྒྲུབ་པར་དཀོན་མཆོག་ལ་སྨོན་ལམ་རྒྱག་གི་འདུག སེམས་ཀྱི་ཞི་བདེ་བསྒྲུབ་པར་ནང་པའི་ཆོས་དང་ན་ལེནྡྲའི་ཆོས་བརྒྱུད་ཟབ་ཤོས་ཆགས་ཡོད།  དེང་སང་ནུབ་ཕྱོགས་པ་དང་ཚན་རིག་པའི་ནང་དུ་ཆོས་དད་མེད་ཀྱང་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་ཀྱི་ཞི་བདེ་ལ་དོ་སྣང་ཆེ་རུ་འགྲོ་བཞིན་འདུག ཅེས་གསུངས་སོང་།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་སེར་སྐྱ་མི་མང་སྟོག་ཕྲག་འགས་གསུང་ཆོས་ཞུས། དགའ་ལྡན་ཕོ་བྲང་གི་པར། ༢༠༢༤།༠༢།༢༤

ཡང་མགོན་པོ་གང་ཉིད་མཆོག་ནས། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་ཏེ་རྒྱ་ནག་དང་འབྲེལ་བ་ཆེན་པོ་ཡོད་ཀྱང་། ཆོས་ནི་རྒྱ་གར་ནས་དར་བའི་ཆོས་ལུགས་ཐོག་ཐུགས་སྣང་ཆེན་པོ་གནང་འདུག རྗེས་སུ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་སྟེ། བོད་གངས་ཅན་ལྗོངས་སུ་ཡོད་པའི་ཆོས་དེ་བཅོམ་ལྡན་འདས་ཀྱི་བཀའ་དང་།  རྒྱ་གར་མཁས་པའི་གཞུང་གི་དགོངས་པ་མཐུན་པ་ཞིག་ཏུ་འཁྲིད་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས་བཅོམ་ལྡན་འདས་ཀྱིས་གསུངས་བཞག་པ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་མར་ལེགས་པར་བཤད་དེ་གཏན་ལ་ཕབ། དེའང་རིག་པའི་ལམ་ནས་དཔྱད་པ་གནང་ཡོད། དེར་བརྟེན་བོད་དུ་ཡོད་པའི་སངས་རྒྱས་པའི་ཆོས་དེ་དད་པ་ཙམ་མིན་པར་རྒྱུ་མཚན་ལ་བསམ་བློ་བཏང་ནས་སེམས་ཀྱི་ཞི་བདེ་དང་སྙིང་རྗེ་སྤེལ་ཡོད། འཛམ་གླིང་གི་ཆོས་ལུགས་ཚང་མས་སྙིང་རྗེ་གསུང་གི་ཡོད་པ་ཡག་པོ་རེད། སྙིང་རྗེའི་དམིགས་པ་རྩལ་ཏུ་བཏོན་པ་དང་རིག་པ་དང་ལྡན་པའི་ཐོག་གསུངས་ཡོད་པ་བོད་གངས་ཅན་གྱི་ལྗོངས་ཀྱི་ཆོས་འདི་ཧ་ཅང་ཡག་པོ་རེད། དེང་སང་ཚན་རིག་པའི་ནང་དམིགས་བསལ་དོ་སྣང་ཡོད་མཁན་གྱིས་ངོས་རང་ལ་ཐུག་ནས་བགྲོ་གླེང་མང་པོ་ཡོང་གི་འདུག གང་ལྟར་བོད་དུ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་སེམས་ཀྱི་ཞི་བདེ་བསྒྲུབ་པའི་གཙོ་བོ་ཞིག་རེད། ཅེས་གསུངས་སོང་།  

ཡང་༧གོང་ས་མཆོག་ནས། རྒྱུ་མཚན་དང་ལྡན་པའི་ན་ལེནྡྲའི་ཆོས་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཆགས་ཡོད། བོད་ཀྱིས་ཆོས་ལ་བདག་པོ་རྒྱག་སྟངས་དེ་ཁ་ནས་བཤད་པ་ཙམ་མིན་པར། ཐོག་མར་སློབ་གཉེར་བྱས་པ་དང་། དེ་ནས་ཡང་ནས་ཡང་དུ་བསམ་པ་དང་སྒོམ་གྱི་ཐོག་དཔྱད་འཇོག་ཟུང་འབྲེལ་བྱས་པའི་བསླབ་བྱ་ཡག་པོ་ཞིག་ཡོད། དེ་ནི་འཛམ་གླིང་གི་སྤྱི་ནོར་རེད་ལབ་ཐུབ་ཀྱི་འདུག ང་ཚོ་བོད་པས་ད་ལྟ་བར་དུ་བདག་པོ་བརྒྱབ་ཡོད་པ་རེད། ད་དུང་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ཆོས་བདག་པོ་རྒྱག་ཟེར་པ་དེ་ལྷ་ཁང་བཞེངས་པ་དང་། དཔེ་ཆ་བལྟ་རྒྱུ་གཅིག་པོ་མ་རེད། སྙིང་རྗེ་གཙོ་བོ་བྱས་ཏེ་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དེ་རེད། དེ་ནི་དངོས་གནས་དྲང་གནས་རིག་གཞུང་གཙོ་བོ་ཞིག་རེད། ད་ལྟའི་འཛམ་བུ་གླིང་གི་འཁྲུག་ཆ་དོད་པོ་འདིའི་སྟེང་དུ་སེམས་ཀྱི་ཞི་བདེ་གལ་ཆེན་པོ་ཡིན་དུས། ཁོང་ཁྲོ་དང་ང་རྒྱལ་གྱིས་སེམས་ཀྱི་ཞི་བདེ་དཀྲུག་གི་ཡོད་པ་དང་། གཞན་ཕན་གྱི་བློ་ཡག་པོ་ཡོད་ན་སེམས་ཀྱི་ཞི་བདེ་ཡོང་གི་ཡོད། ལུས་བདེ་བོ་ཡོང་གི་ཡོད་པ་མ་ཟད་ཚེ་སྒྲུབ་ཀྱི་མཆོག་ཀྱང་ཡིན། སྤྱི་ཚོགས་ནང་དུ་ཞི་བདེ་ཡོང་གི་ཡོད་པས་ཧ་ཅང་ཡག་པོ་རེད། བོད་ཆོལ་ཁ་གསུམ་ནང་བྱམས་པ་དང་བརྩེ་བའི་ཐོག་ནས་ཕན་ཚུན་ལ་རོགས་རམ་བྱེད་ཀྱི་ཡོད་པ་མིག་དཔེ་ཡག་པོ་ཞིག་འདུག ད་ལྟ་བར་དུ་བོད་པས་ནང་ཆོས་ལ་བདག་པོ་བརྒྱབ་སྟེ་སྤྱི་ཡོངས་ཀྱི་མིག་དཔེ་ཡག་པོ་ཡོད། རྒྱ་མི་གྲོགས་པོ་ཚོས་ཀྱང་བོད་པར་སེམས་བཟང་པོ་དང་གཤིས་ཀ་ཡག་པོ་ཡོད་པར་དགའ་མོས་བྱེད་ཀྱི་འདུག ད་དུང་ཡང་བོད་པ་ཚོས་སྙིང་རྗེ་གལ་ཆེན་པོ་བརྩིས་ནས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་གལ་ཆེན་པོ་རེད། དུས་ཚོད་ལ་འགྱུར་བ་འགྲོ་བཞིན་ཡོད་ཀྱང་། སེམས་ཀྱི་ཞི་བདེ་ལ་འགྱུར་བ་འགྲོ་རྒྱུ་ཡོད་པ་མ་རེད། བོད་པའི་གོམས་གཤིས་ལ་ཡོད་པའི་རིག་གཞུང་དེ་བདག་པོ་ཡག་པོ་རྒྱག་དགོས། ང་ཚོ་བོད་པའི་མི་གཤིས་བཟང་པོ་བྱེད་པའི་རིག་གཞུང་དེས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་རྒྱུ་སེམས་སུ་འཇོག་དགོས། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese