མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གི་དྲི་བའི་ཐོག་ནས་འགྲེམས་སྟོན་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་བོད་མི་དང་རྒྱ་ནག རྒྱལ་སྤྱི་བཅས་ལ་ཛ་དྲག་གི་དྲི་བ་གསུམ་གྱི་ཐོག་ནས་གཏམ་བཤད་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བོད་ནང་གི་ཛ་དྲག་གི་དྲི་བའི་སྐོར་བསྐྱོད་འགྲེམས་སྟོན་དབུ་འབྱེད་གནང་། དུས་བབ་ཀྱི་པར། ༢༠༢༤།༠༢།༢༧

དེ་རིང་ཕྱི་ཚེས་ ༢༧ ནས་ཕྱི་ཟླ་ ༣ ཚེས་ ༨ བར་བདུན་ཕྲག་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་སྐོར་བསྐྱོད་འགྲེམས་སྟོན་ཞིག་བྱེད་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཕེབས་འདུག་ལ། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་དང་ལས་བྱེད། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་རྒྱ་གར་ཡུལ་སྐོར་བ་འཛོམས་འདུག

འདི་གའི་གསར་འགོད་པས་སྐོར་བསྐྱོད་འགྲེམས་སྟོན་གྱིས་བོད་དོན་དྲིལ་བསྒྲགས་ལ་ཕན་ཐོགས་ཡོད་མེད་དྲིས་པར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། འདི་བཞིན་བོད་ཀྱི་འགྲེམས་སྟོན་ཁང་གིས་བརྗོད་གཞི་མ་འདྲ་བ་བཅོ་ལྔའི་ཐོག་སྐོར་བསྐྱོད་འགྲེམས་སྟོན་ཞུས་ཡོད་ཅིང་། སྐོར་བསྐྱོད་འགྲེམས་སྟོན་ཧ་ལས་བའི་ཡག་པོ་བྱུང་སོང་། སྐོར་བསྐྱོད་འགྲེམས་སྟོན་བརྒྱུད་ནས་རྒྱ་གར་གྲོང་གསེབ་དང་། གྲོང་སྡེ་ཆེ་ཁག་ཏུ་ཕྱིན་ཏེ་བོད་དོན་དང་བོད་དོན་ཞུ་གཏུག་བྱེད་ཕྱོགས་སོགས་གོ་རྟོགས་སྤེལ་བ་ཡིན། འགྲེམས་སྟོན་གྱི་དངོས་པོ་ཚང་མ་འཁྱེར་བར་སྟབས་བདེ་བོ་ཡིན་པ་མ་ཟད།  པར་དང་བརྙན་རིས་ལམ་ནས་ངོ་སྤྲོད་བྱེད་བཞིན་ཡོད་སྟབས། མི་མང་གིས་ལྟ་བདེ་ཞིང་ནང་དོན་ཡང་གསལ་བོ་ཆགས་ཀྱི་འདུག བོད་ཀྱི་འགྲེམས་སྟོན་ཁང་གིས་མི་ལོ་བཅོ་ལྔ་ལྷག་གི་རིང་སྐོར་བསྐྱོད་འགྲེམས་སྟོན་བྱས་ཡོད། མི་མང་ལ་ཐུགས་ཕན་གསོ་ཐུབ་ཀྱི་ཡོད་པར་བརྟེན། རྗེས་ཕྱོགས་ཀྱང་མུ་མཐུད་དུ་གཞིས་ཆགས་ཁག་སོགས་ལའང་སྐོར་བསྐྱོད་འགྲོ་འཆར་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས།  བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་ནང་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཛ་དྲག་གི་དྲི་བ་ཞིག་བཏང་ཡོད་པ་རེད། དྲི་བ་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་དོན་གང་ཡིན་པ་དེ་རེད། དེ་ནི་ཛ་དྲག་གི་དྲི་བ་ཞིག་ཆགས་ཡོད། དྲི་བ་འདི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་ཆགས་བསྡད་ཡོད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཅིངས་གྲོལ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འོག་ཏུ་སྤྲོ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་བཞིན་ཡོད་ཅེས་སྒྲོག་བཞིན་ཡོད་པ་རེད། སྤྲོ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོད་ན་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ཅི་རེད། དེའི་ལན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་རྒྱག་དགོས།ཅེས་གསུངས་སོང་།

ཡང་ཚོགས་གཞོན་མཚོག་གིས།  དྲི་བ་གཉིས་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆགས་ཀྱི་ཡོད། འཛམ་གླིང་གི་ལོ་རྒྱུས་སྟེང་དུ་ཆབ་སྲིད་ཀྱི་རང་དབང་དང་། ཆོས་ལུགས་ཀྱི་རིག་གཞུང་ཉར་ཚགས་བྱེད་ཆེད་རང་ལུུས་མེར་བསྲེགས་གཏོང་མཁན་བྱུང་མྱོང་ཡོད་ཀྱང་། ང་ཚོས་ཤེས་རྟོགས་བྱུང་ཡོད་པའི་བོད་མི་ ༡༥༧ གྱི་རང་ལུས་མེར་བསྲེགས་འདྲ་བའི་གྲངས་ཀ་མང་པོ་འཛམ་གླིང་ཁྱོན་ཡོངས་སུ་བྱུང་མྱོང་མེད། ༡༥༧ ནི་གྲངས་ཀ་ཞིག་མ་རེད། དེ་ཚོ་ཚང་མ་མིའི་ཚེ་སྲོག་རེད། རིན་ཆེན་ལྟ་བུའི་ཚེ་སྲོག་དེ་བློས་གཏོང་བྱས་ཡོད་དུས། ང་ཚོའི་དགོས་པ་ག་རེ་རེད་ཞུས་ན། བོད་ནང་དུ་རང་དབང་མེད་པར་འཛམ་གླིང་གི་བཙོན་ར་ཆེན་པོ་ཞིག་ཏུ་བསྒྱུར་ཡོད་པ་དང་། རང་ཉིད་ཀྱི་རྩ་བའི་བླ་མའི་སྐུ་པར་ཉར་ཡང་རྒྱལ་ཁབ་ཀྱི་བརྟན་བརླིང་དང་། བདེ་འཇགས་ལ་ཁ་གཡར་ནས་བཙོན་ཁང་དུ་འགྲོ་དགོས་ཀྱི་ཡོད། རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་རང་དབང་གི་ཐོག་ནས་ཞུ་འབོད་བྱེད་ས་ཁྱོན་ནས་མེད་སྟབས། བོད་ནང་དུ་ཁྲ་ཁྲ་ཟང་ཟིང་ཇི་འདྲ་མཐོང་ཡང་། ཡིད་ཆེས་གཏན་ནས་མ་བྱེད་རོགས་ཞེས་བརྡ་ལེན་གཏོང་བཞིན་ཡོད། བརྡ་ལན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡ་ལན་གང་འདྲ་རྒྱག་གི་འདུག རང་དབང་ཡོད་པའི་རྒྱལ་ཁབ་ཚང་མའི་རྩ་ཁྲིམས་ནང་དུ་བདེན་པ་དང་། འཚེ་བ་མེད་པ། རང་དབང་། ཞི་བདེ་སོགས་གསལ་བོ་ཡོད་ཀྱང་། རང་དབང་མེད་པའི་ལུང་པའི་ཆེད་དུ་བདེན་པའི་རྒྱབ་ལངས་བྱེད་ཀྱི་ཡོད་དམ། ཇི་ནི་ཝར་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྐབས་འཛམ་གླིང་གི་རྒྱལ་ཁབ་ ༢༡ གི་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་ཡོད་པ་རེད། འོན་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་རྒྱལ་ཁབ་ཧ་ཅང་མང་པོ་རེད། རྒྱལ་སྤྱིའི་ཁྲིམས་ཀྱིས་ཟིན་པའི་རྒྱལ་ཁབ་ཚང་མས་བོད་དོན་ཆེད་བདེན་པར་བདེན་ལངས་ཀྱི་རྒྱབ་སྐྱོར་ཐོབ་ཐུབ་ཀྱི་ཡོད་པ་མ་རེད། དྲི་བ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་སྐོར་བསྐྱོད་འགྲེམས་སྟོན། དུས་བབ་ཀྱི་པར། ༢༠༢༤།༠༢།༢༧

དེ་བཞིན་ཁོང་མོས། དྲི་བ་གསུམ་པ་ནི་བོད་མི་རྣམས་ལ་ཆགས་ཀྱི་ཡོད། རང་དབང་ལུང་པའི་བོད་མིར་དྲི་བ་གང་ཡིན་ཟེར་དུས། བོད་ནང་ཡོད་པའི་བོད་མི་ཚོས་རང་ཉིད་ཀྱི་རིན་ཆེན་སྲོག་ཀྱང་བོད་མི་རིགས་ཀྱི་རྩ་དོན་ཆེད་བློས་གཏོང་བྱེད་ཐུབ་ཀྱི་ཡོད་སྟབས། ང་ཚོས་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་བྱེད་ཐུབ་ཀྱི་ཡོད་དམ་མེད། བོད་པ་མི་རེ་ངོ་རེར་དྲི་བ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད། བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་དང་བློས་གཏོང་ལ་ད་ལྟའི་བར་ཡ་ལན་བྱས་མེད་ཚེ། མགོ་འཛུགས་བྱ་དགོས་པ་ཞིག་ཆགས་ཡོད། ཆེ་ས་བློས་བཏང་ནས་ཆུང་སར་འཐམས་ཏེ་ནང་ཁུལ་མ་འགྲིག་པ་རྒྱ་ཁྱབ་གཏོང་བཞིན་ཡོད་ཚེ། དེ་དག་ནི་མཚམས་འཇོག་དགོས་པའི་དུས་ཚོད་ཞིག་ཏུ་སླེབས་ཡོད། དེ་རིང་གོ་སྐབས་འདི་བརྒྱུད་ནས་བོད་མི་ཡོད་དོ་ཅོག་ས་ཆ་གང་དུ་ཡོད་ཀྱང་།་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་སྙིང་ལ་བཅངས་བའི་ཐོག་ནས། གཞིས་ལུས་བོད་རྒྱ་ཆེ་མི་མང་གི་བློས་གཏོང་ཆུད་ཟོས་མི་འགྲོ་བ་ཞིག་དང་། སྐད་ཡིག་གང་ཞིག་ཤེས་ཀྱི་ཡོད་པ་གོ་སྐབས་དམ་འཛིན་བྱས་ཏེ་བོད་དོན་གོ་རྟོགས་སྤེལ་རོགས་གནང་ཞེས་འབོད་སྐུལ་གནང་སོང་།

ཐེངས་འདིར་པར་རིས་ ༢༧ ལྷག་ཡོད་པའི་འགྲེམས་སྟོན་བྱེད་བཞིན་ཡོད་པའི་ཁྲོད། བོད་ནང་རང་ལུས་མེར་བསྲེགས་གཏོང་དགོས་དོན་དང་། རང་ལུས་མེར་བསྲེགས་ཀྱི་འབོད་སྒྲ། རྒྱ་གཞུང་གིས་བོད་ནང་གི་གདུག་རྩུབ་མནར་གཅོད་གཏོང་བཞིན་ཡོད་པ་སོགས་ཀྱི་གནད་དོན་རྣམས་བོད་ཡིག་དང་། དབྱིན་ཡིག ཧིན་དྷི་བཅས་ཀྱི་སྐད་ཡིག་ནང་ངོ་སྤྲོད་བྱེད་བཞིན་འདུག

  གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese