མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་ལོར་སྔགས་རམས་དགེ་བཤེས་མ་བཅུ་བསླབ་པ་མཐར་སོན།

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་དང་བལ་ཡུལ་གྱི་བཙུན་དགོན་གསུམ་ནས་ཁྱོན་སྔགས་རམས་དགེ་བཤེས་མ་བཅུ་བསླབ་པ་མཐར་སོན་བྱུང་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ ནས་སྔགས་རམས་དགེ་བཤེས་མ་བཅུ་ལ་མཇལ་ཁ་བསྩལ། དགའ་་ལྡན་ཕོ་བྲང་གི་བརྙན་ལས་བླངས། ༢༠༢༣།༠༣།༦

དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྔགས་རམས་དགེ་བཤེས་མ་བཅུ་ལ་མཇལ་ཁ་བསྩལ་ཡོད་ཅིང་། དེའི་ཁྲོད་བལ་ཡུལ་ཀོ་པན་དགོན་པ་ནས་དགེ་བཤེས་མ་བཞི་དང་། མོན་གྷོ་ཌི་བྱང་ཆུབ་ཆོས་གླིང་ནས་དགེ་བཤེས་མ་བཞི། དྷ་ས་དགའ་ལྡན་ཆོས་གླིང་ནས་དགེ་བཤེས་མ་གཉིས་བཅས་ཡོད་འདུག

འདི་གའི་གསར་འགོད་པས་བཙུན་མའི་ལས་འཆར་ཁང་གི་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་སུ་དགེ་བཤེས་མའི་བསླབ་པ་མཐར་སོན་སྐོར་ལ་དྲིས་པར་ཁོང་མོས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་དགེ་བཤེས་མ་རྣམས་དགེ་བཤེས་མ་བསླབ་པ་མཐར་སོན་རྗེས་གསང་སྔགས་ཀྱི་ཐོག་ལོ་གཅིག་རིང་སློབ་སྦྱོང་ཐོན་མཁན་ཡིན། སྤྱིར་དགེ་བཤེས་མའི་བསླབ་པ་མཐར་སོན་སྐོར་ལ་འགྲོ་ལུགས་ཆེན་པོ་ཡོད། དགེ་བཤེས་མའི་རྒྱུགས་སྤྲོད་ལ་ཞུགས་པར་ལོ་བཅུ་བདུན་རིང་སློབ་སྦྱོང་བྱེད་དགོས་ཤིང་། དེའི་རྗེས་སུ་དགེ་བཤེས་མའི་རྒྱུགས་སྤྲོད་ལ་ཞུགས་ཆོག་གི་ཡོད་པ་རེད། དགེ་བཤེས་མའི་ནང་ཚུད་རྗེས་ལོ་རིམ་དང་པོ་ནས་ལོ་རིམ་བཞི་པའི་བར་ལོ་བཞི་རིང་སློབ་གཉེར་བྱས་ཏེ་དགེ་བཤེས་མའི་ལག་འཁྱེར་ཐོབ་ཀྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

དགེ་བཤེས་མའི་རྒྱུགས་སྤྲོད་སྐོར་ལ་ཁོང་མོས། དགེ་བཤེས་མའི་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་ཚང་བ་ཡིན་ཚེ། ལོ་ལྟར་ཕྱི་ཟླ་བརྒྱད་པའི་ནང་དགེ་བཤེས་མའི་ལོ་རིམ་དང་པོ་ནས་ལོ་རིམ་བཞི་པའི་བར་རྒྱུགས་སྤྲོད་གཏོང་ཆོག་གི་ཡོད། ད་ལྟ་བར་དུ་དྷ་སའི་དགའ་ལྡན་ཆོས་གླིང་དང་། འཇམ་དབྱངས་ཆོས་གླིང་། སྒྲོལ་མ་གླིང་།  བལ་ཡུལ་ཀོ་པན་དགོན་པ། བལ་ཡུལ་ཐུགས་རྗེ་ཆོས་གླིང་། མོན་གྷོ་བྱང་ཆུབ་ཆོས་གླིང་བཅས་མཉམ་ཞུགས་གནང་བཞིན་ཡོད། རྒྱུགས་སྤྲོད་ཀྱི་དོ་དམ་གནང་མཁན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་། བཙུན་མའི་ལས་འཆར་ཁང་གི་ཚོགས་མི་སོགས་ཡོད།  ལོ་བཞིའི་མཚམས་སུ་དགེ་བཤེས་མ་ཐོན་བཞིན་ཡོད། དེའི་རྗེས་སུ་ལོ་གཅིག་རིང་རྒྱུད་སྟོད་དགོན་པར་གསང་སྔགས་ཐོག་སློབ་སྦྱོང་གནང་གི་ཡོད། རྒྱུགས་སྤྲོད་ཀྱི་འགྲོ་གྲོན་ཐད་ཁག་ཅིག་ཆོས་རིག་ལས་ཁུངས་དང་། ཕལ་ཆེ་བ་བཙུན་མའི་ལས་འཆར་ཁང་གིས་འགྲོ་གྲོན་གཏོང་བཞིན་ཡོད། བཙུན་མའི་ལས་འཆར་ཁང་གི་འཛིན་སྐྱོང་འོག་ཏུ་ཡོད་པའི་བཙུན་དགོན་ཁག་ནང་བོད་རིགས་དང་ཧི་མ་ལ་ཡར་དབྱེ་བ་མེད་པའི་ཐོག་ནས་གཟིགས་སྐྱོང་གནང་བཞིན་ཡོད།  ཅེས་འགྲེལ་བརྗོད་གནང་བྱུང་།

བཙུན་མའི་ལས་འཆར་ཁང་ནི་ཕྱི་ལོ་ ༡༩༨༧ ལོར་ཐོག་མར་མགོ་འཛུགས་ཏེ། འདས་པའི་ལོ་ངོ་ ༣༦ རིང་བཙུན་མ་རྣམས་ཀྱི་ཤེས་ཡོན་གྱི་ཐོག་ལ་རོགས་འདེགས་གནང་གི་ཡོད་པ་དང་། ད་ལྟའི་ཆར་ལས་འཆར་ཁང་དེས་འཛིན་སྐྱོང་འོག་ཏུ་ཡོད་པའི་རྒྱ་གར་གྱི་བཙུན་དགོན་ཁག་ནང་བཙུན་མ་ ༨༠༠ ལྷག་ལ་སློབ་ཡོན་དང་འཚོ་སྣོན་གྱི་རོགས་སྐྱོར་གནང་བཞིན་ཡོད་འདུག

ཕྱི་ལོ་༡༩༩༥ ལོ་ནས་བཟུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་བཤེས་མ་གཏོང་དགོས་པའི་བཀའ་སློབ་རབ་དང་རིམ་པ་བསྩལ་བར་བརྟེན་ནས། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༥ བའི་ནང་དགེ་བཤེས་མ་གཏོང་ཕྱོགས་ཀྱི་ལམ་སྲོལ་གཏན་འབེབས་བྱས་ཏེ་ལག་བསྟར་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ཚོགས་ཆེན་གྱི་འདུ་ཁང་དུ། ལོ་རྒྱུས་ནང་ཐོག་མར་བོད་ཀྱི་བཙུན་མ་ ༢༠ དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆེས་ཐོག་མར་སྔགས་རམས་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཡོད་འདུག ད་ལྟའི་བར་དགེ་བཤེས་མ་ཁྱོན་ ༦༠ དང་སྔགས་རམས་དགེ་བཤེས་མ་ཁྱོན་ ༤༨ བཅས་བྱུང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༨ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ལོ་ 2 སྔོན།

    ཚེ་དཔག་རིག་འཛིན།
    ཧ་ཅང་གཏམ་བཟང་རེད། ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་པ་རེད། བཙུན་མ་དགེ་བཤེས་དང་། བཙུན་མ་སྔགས་རམས་པའི་བསླབ་པ་མཐར་སོན་པ་རྣམས་ལ་སླར་ཡང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། འདིར་ཡང་སྐྱར་ཞུ་འདོད་པ་ཞིག་ནི། བཙུན་མ་བསླབ་པ་མཐར་སོན་པ་ཚོར་དགེ་བཤེས་མ་དང་། སྔགས་རམས་མ་ཞུ་དགོས་པ་འདི་ལོ་རྒྱུས་ནང་། སྔ་དུས་ཀྱི་ཕོ་མཆོག་མོ་དམན་དང་། ཕོ་མོ་དབྱེ་འབྱེད་ཀྱི་སྲོལ་ངན་ཆག་སྒོ་ཆེན་པོ་ཞིག་གི་རྒྱུན་ཡིན་པས། སྦེད་དེ་མ་འགྲིགས་པ་རེད་སྙམ། འཛམ་གླིང་སྤྱི་ཡོངས་ཀྱི་ནང་། ཤེས་ཡོན་གྱི་སྒྲོམ་གཞིའི་བསྟི་གནས་གཙུག་ལག་མ་ལག་དང་། སྡེ་ཚན་གང་འདྲ་ཞིག་གི་ནང་ལ་ཡིན་ན་ཡང་། སློབ་མ་གང་ཞིག་གིས་ཐེག་པ་རིམ་འཛེགས་ཀྱིས་བསླབ་པ་མཐར་སོན་ནས། གོ་ས་ཕྱག་འཁྱེར་བཞེས་ཡོད་ན། གོ་ཐོབ་ཕྱག་འཁྱེར་རྩ་འཛིན་དེ་དག་ལ་ཕོ་མོའི་མིང་བརྡ་ཁྱད་མེད་ཡིན་དགོས་པ་སྨོས་མེད་རེད། ། དཔེར་ན། སྨན་རམས་པ་ཟེར་བ་ལས་སྨན་རམས་མ་དང་། སྨན་རམས་ཕ་སོགས་ནམ་ཡང་ཟེར་སྲོལ་མེད། དེ་བཞིན་དུ་ Ph.D Male དང་ Ph.D Female ཟེར་སྲོལ་ཡང་མེད། འོན་ཀྱང་། ཁས་བླངས་པའི་བསླབ་སྡོམ་བཞེས་སྐབས། དགེ་ཚུལ་ཕ་མ་དང་། དགེ་སློང་ཕ་མ་ཟེར་སྲོལ་ཡོད་པས། དེ་ནི་གནད་དོན་སྦད་དེ་ཁག་ཁག་རེད། བཙུན་མ་དགེ་བཤེས་ཀྱི་བསླབ་པ་མཐར་སོན་པ་རྣམས་ལ་དགེ་བཤེས་མདང་། སྔགས་རམས་མ་ཞེས་མཚད་དོད་གནང་སྟངས་འདི་ལ་ངེས་པར་བསམ་གཞིགས་ཅིག་གནང་དགོས་པ་འདུག་སྙམ། དེ་མིན་མ་འོངས་པར་དུས་ནམ་ཞིག་གི་ཚེ། སྤྱི་ཚོགས་ནང་རྩོད་གཞི་དུག་ཅན་ཞིག་ཏུ་གྱུར་མི་སྲིད་པ་མིན་པས་འབྲེལ་ཡོད་ཚོས་དགོངས་པ་བཞེས་རོགས་གནང་། ལྷག་དོན་དུ། རང་རེའི་བོད་བརྒྱུད་ནང་པ་སངས་རྒྱས་པའི་སྲོལ་བཟང་ལའང་ཕོ་མོ་གཉིས་ཁྱད་མེད་འདྲ་མཉམ་ཡིན་པ་སྨོས་མི་དགོས་པས་གནད་དོན་འདི་གཅིག་པུར་བསམ་གཞིགས་གནང་ནའང་རྒྱུ་མཚན་མཁྱེན་ཐུབ་པ་ཞིག་ལོས་ཡིན། ཡ་ཡ། ད་མ་འོངས་པར་འདང་ཞིག་བརྒྱབ་ན། བཙུན་མ་སྔགས་རམས་པ་རྣམས་ཀྱང་། རི་བོ་དགེ་ལུགས་པའི་སྲོལ་བཟང་ལས། ཤར་བྱང་ཆོས་རྗེ་དང་། དགའ་ལྡན་ཁྲི་པར་ཡང་ཕེབས་ཆོག་པའི་ལམ་པོ་ཆེའི་སྲོལ་བཟང་ལོ་རྒྱུས་རང་བཞིན་ཅན་ཞིག་རང་ཤུགས་ཀྱིས་ཆགས་སོང་བ་རེད་སྙམ། གང་ལྟར། ལས་འཆར་འདི་ལ་དགའ་བསུ་ཚད་མེད་ཡོད། ༧རྒྱལ་བའི་དགོངས་པ་དང་མཛད་བཟང་བླ་ན་མེད་པ་ལོས་ཡིན། བཀྲིས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese