མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གྲངས་ ༥༩༠༨ ལྷག་ཉག་ཆུའི་མེ་སྐྱོན་ཁྲོད་ནས་གནས་སྤོ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཉག་ཆུ་རྫོང་དུ་མེ་སྐྱོན་ཤུགས་ཆེ་རུ་ཕྱིན་རྐྱེན་ས་གནས་གསུམ་གྱི་ཁྱིམ་ཚང་ ༡༣༦༠ དང་མི་གྲངས་ ༥༩༠༨ ལྷག་གནས་སྤོ་བྱས་འདུག

བོད་ཉག་ཆུ་ཁུལ་དུ་མེ་སྐྱོན་ཤོར། དྲ་ལམ་གྱི་པར།

བོད་དཀར་མཛེས་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་གྲུ་བསུ་སྟོད་པ་གྲོང་ཚོའི་ནགས་ཚལ་མེ་སྐྱོན་ཤུགས་ཆེ་རུ་ཕྱིན་རྐྱེན། ད་ལྟའི་ཆར་མགར་ར་གྲོང་རྡལ་གྱི་ཁྱིམ་ཚང་ ༧༤༢ དང་མི་གྲངས་ ༢༦༥༥ ། ཆུ་ཁ་གྲོང་རྡལ་གྱི་ཁྱིམ་ཚང་ ༤༣༥ དང་མི་གྲངས་ ༡༨༧༣ ། མཁར་རིང་པོ་ཡུལ་ཚོའི་ཁྱིམ་ཚང་ ༡༨༣ དང་མི་གྲངས་ ༡༣༨༠ བཅས་ཁྱོན་ཁྱིམ་ཚང་ ༡༣༦༠ དང་མི་གྲངས་ ༥༩༠༨ ལྷག་གནས་སྤོ་བྱས་ཡོད་པ་མ་ཟད།  དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་ནས་ལི་ཐང་རྫོང་བར་གྱི་འགྲིམ་འགྲུལ་ལམ་ཁ་བཀག་སྡོམ་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་བོད་དཀར་མཛེས་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་གྲུ་བསུ་སྟོད་པ་གྲོང་ཚོར་ནགས་ཚལ་མེ་སྐྱོན་ཤོར་ཡོད་ཅིང་། ཕྱི་ཚེས་ ༡༦ ནས་མེ་སྐྱོན་གྱི་འབར་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཉག་ཆུ་རྫོང་གི་ལྷོ་ནུབ་དང་། བྱང་ཤར། ནུབ་བྱང་བཅས་ས་གནས་གསུམ་གྱི་ཕྱོགས་སུ་མེ་ཤུགས་མཆེད་བཞིན་ཡོད་པས། ས་གནས་གྲོང་ཚོ་མང་པོར་གནོད་སྐྱོན་ཐེབས་ཏེ་ས་གནས་གཞན་དུ་གནས་སྤོ་བྱེད་བཞིན་ཡོད་འདུག

རྒྱ་གཞུང་གི་གསར་ལམ་ཁག་ཏུ། ཐེངས་འདིའི་མེ་སྐྱོན་ཆེད་མེ་གསོད་མཁན་མི་གྲངས་ ༡༢༠༠ ལྷག་དང་།  ཐད་འཕུར་གནམ་གྲུ་ ༥ ཡིས་ཡུལ་དངོས་སུ་ལས་དོན་སྒྲུབ་བཞིན་ཡོད་སྐོར་དང་། སི་ཁྲོན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མི་ ༨༣༡ དང་ཐད་འཕུར་གནམ་གྲུ་ ༣  ཛ་དྲག་གི་རོགས་སྐྱོར་བྱེད་བཞིན་ཡོད་སྐོར།  དེ་བཞིན་ཡུན་ནན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མི་གྲངས་ ༧༥༠ དང་རླངས་འཁོར་ ༡༤༧ རོགས་རམ་བྱེད་བཞིན་ཡོད་ལུགས་ལས། ཐེངས་འདིའི་མེ་སྐྱོན་ཁྲོད་དུ་ས་གནས་མི་མང་དང་ཁང་པ་སོགས་གནོད་སྐྱོན་ཐེབས་པའི་གནས་ཚུལ་ཅི་ཡང་བསྒྲགས་མི་འདུག

འདས་ལོའི་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་དཀར་མཛེས་ཁུལ་ཉག་ཆུ་རྫོང་མར་རུ་མཚོ་གྲོང་རྡལ་ཐང་འཇོར་གྲོང་ཚོའི་ཉེ་འདབས་ཀྱི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་ཀྱང་། མང་ཚོགས་གནས་སྤོར་དང་མི་མང་ལ་ཤི་རྨས་སོགས་ཀྱི་དོན་རྐྱེན་བྱུང་མེད་སྐོར་རྒྱ་ནག་གིས་བསྒྲགས་ཡོད་ཅིང་།

ཕྱི་ལོ་ ༢༠༡༧ ལོར་བོད་ཉག་ཆུ་ཁ་རྫོང་གི་རྒྱ་ཁྱོན་སྤྱི་ལེ་ ༡༠༠ ཙམ་ལ་མེ་སྐྱོན་ཤོར་ཡང་རྒྱ་ནག་གིས་རོགས་སྐྱོར་བྱས་མེད་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་དཀར་མཛེས་ཁུལ་ལི་ཐང་རྫོང་གི་མོ་ལྷ་གྲོང་ཚོ་དང་ཉག་ཆུ་རྫོང་གི་དེས་ཚང་གྲོང་ཚོ་གཉིས་བར་གཟའ་འཁོར་གཅིག་ལྷག་རིང་མེ་སྐྱོན་ཤོར་སྐབས་ཀྱང་མེ་གསོད་རུ་ཁག་སོགས་ཀྱི་རོགས་སྐྱོར་བྱས་མེད་ཁར། དེ་ནི་རྒྱ་ནག་གཞུང་གིས་ཆེད་དུ་མེ་བརྒྱབ་པ་ཡིན་པར་ས་གནས་མི་མང་ལ་དོགས་གཞིའང་བྱུང་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་སྨར་ཁམས་རྫོང་གི་ནགས་ཚལ་ཆེ་ཤོས་ལ་མེ་སྐྱོན་ཤོར་ནས་ཟླ་གཅིག་མ་ཟིན་ཙམ་འགོར་ཡང་རྒྱ་ནག་གཞུང་གིས་སྣང་མེད་དུ་བཞག་སྟབས། ས་གནས་མི་མང་གིས་ཉིན་མཚན་དབྱེ་མེད་ཀྱིས་ཉིན་གྲངས་ཉི་ཤུ་ལྷག་རིང་མེ་གསོད་ཐབས་ཀྱི་ལས་ཀ་བྱེད་དགོས་བྱུང་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

སྐར་མ ༢༩ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese