མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བལ་གྱི་གནའ་བོའི་ཚོང་ལམ་ ༡༤ བསྐྱར་དུ་སྒོ་འབྱེད་དགོས་ཚུལ་བཤད།

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་སྲིད་བློན་གཞོན་པ་རྒྱ་ནག་ཏུ་ཕྱིན་ཏེ་བོད་བལ་གཉིས་ཀྱི་གནའ་བོའི་ཚོང་ལམ་ ༡༤ བསྐྱར་དུ་སྒོ་འབྱེད་ཀྱིས་མཉམ་ལས་སྔར་ལྷག་བྱ་དགོས་པའི་རེ་བ་བཏོན་ཡོད་འདུག་ལ་རྒྱ་ནག་ཕྱོགས་ནས་ཀྱང་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཇེ་མགྱོགས་སུ་གཏོང་དགོས་ཚུལ་བརྗོད་ཡོད་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡས་དང་བལ་ཡུལ་གྱི་སྲིད་བློན་གཞོན་པ་ཤྲི་སི་ཐཱ་གཉིས་ཀྱི་ཐུག་འཕྲད། ༢༠༢༤།༠༣།༢༦ རྒྱ་ནག་གོ་ལའི་དུས་བབ་ཀྱི་པར།

ཕྱི་ཟླ ༣ ཚེས་ ༢༥ ནས་ཟླ་ ༤ ཚེས་ ༡ བར་བལ་ཡུལ་གྱི་སྲིད་བློན་གཞོན་པ་ཤྲི་སི་ཐཱ་(Narayan Kaji Shrestha) ཟེར་བས་རྒྱ་ནག་དང་བོད་རང་སྐྱོང་ལྗོངས་ཟེར་བ་སོགས་ཀྱི་ནང་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་དང་། ཉིན་ཤས་གོང་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲིན་(Wang Junzheng) དང་ཐུག་འཕྲད་བྱས་ཏེ། བོད་བལ་གཉིས་ཀྱི་བར་དུ་ཡོད་པའི་གནའ་བོའི་ཚོང་ལམ་ ༡༤ སྒོ་འབྱེད་ཀྱིས་ཚོང་འབྲེལ་མཉམ་ལས་སྔར་ལྷག་བྱས་ཏེ་མི་མང་གི་འཚོ་བ་ཡར་རྒྱས་གཏོང་དགོས་ཚུལ་སོགས་བཤད་ཡོད་འདུག

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བཙན་བཟུང་བྱས་རྗེས། ཕྱི་ལོ་ ༡༩༦༠ ལོར་རྒྱ་ནག་གཞུང་གིས་སྐབས་དེའི་བལ་གཞུང་ལ་གནའ་བོའི་བོད་བལ་ཚོང་ལམ་ཐད་གྲོས་ཆོད་བཞག་སྟེ། སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་ཚོའི་འགག་སྒོ་དང་། ལེགས་རྩེ་འགག་སྒོ། སྐྱིད་གྲོང་འགག་སྒོ། འགྲམ་འགག་སྒོ། འདྲེན་ཐང་འགག་སྒོ། རི་འོག་འགག་སྒོ་སོགས་རྒྱལ་སྤྱིའི་འགག་སྒོར་གཏན་འབེབ་བྱས་ཏེ་ཚོང་འབྲེལ་བྱས་ཡོད་ཀྱང་། ཕྱིས་སུ་མང་པོ་ཞིག་སྒོ་བརྒྱབ་ཡོད་འདུག

ཐེངས་འདིའི་སྲིད་བློན་གཞོན་པའི་སྐོར་སྐྱོད་སྐོར་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བལ་ཡུལ་དོན་གཅོད་ཁང་( Consulate General of Nepal) གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ཟླ་ ༣ ཚེས ༢༩ ཉིན་བལ་ཡུལ་གྱི་སྲིད་བློན་གཞོན་པ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ཁག་ཅིག་ལ་ཐུག་འཕྲད་བྱས་ཏེ། རྒྱ་ནག་གཞུང་གིས་བོད་བལ་གཉིས་ཀྱི་གནའ་བོའི་ཚོང་ལམ་དག་སྒོ་དབྱེ་རྒྱུ་དང་། རྒྱ་བལ་གཉིས་ཀྱི་མཉམ་འབྲེལ་ཚོང་དོན་ཡར་རྒྱས་བཏང་ནས་ཅ་དངོས་སྐྱེལ་འདྲེན་སྔར་ལས་ཤུགས་ཇེ་ཆེར་གཏང་རྒྱུ།  དེ་བཞིན་ཕྱོགས་གཉིས་ཀྱི་མཐའ་མཚམས་ཁུལ་གྱི་མི་མང་གི་འཚོ་བར་རོགས་འདེགས་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བས་བོད་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་ཌུར་སྐྱོད་པའི་སྤྱི་སྤྱོད་རླངས་འཁོར་གྱི་འགྲོ་བསྐྱོད་བསྐྱར་དུ་མགོ་འཛུགས་དགོས་པ་སོགས་ཀྱི་ཐད་ལ་གླེང་སློང་བྱས་ཡོད་སྐོར་སོགས་གསལ་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་བལ་ཡུལ་གྱི་སྲིད་བློན་གཞོན་པ་དེས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱི་སྲིད་བློན་ཆེན་ཝང་ཡེ་(Wang Yi) དང་ཐུག་འཕྲད་བྱས་ཏེ། རྒྱ་ནག་གཞུང་གིས་རྒྱུད་གཅིག་དང་ལམ་གཅིག་ཟེར་བའི་འཛུགས་སྐྲུན་གྱི་ལས་གཞིའི་འོག་ནས་བལ་ཡུལ་གཞུང་ལ་རོགས་འདེགས་བྱ་རྒྱུ་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་ལས་ཇེ་ཆེར་བཏང་ནས། བལ་ཡུལ་གྱིས་རྒྱ་ནག་ལ་འཚོང་མུས་ཡིན་པའི་རྩྭ་སྐམ་དང་། གླང་ཤ་བཙོས་མ། སྨན་རྩྭའི་རིགས་ཀྱི་ཕྱིར་འདྲེན་སྔར་ལས་ཇེ་མང་དུ་གཏང་བཅུག་དགོས་པའི་རེ་འདུན་བཏོན་ཡོད་འདུག

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་ཚུད་པའི་རྒྱལ་ཁབ་མང་དག་ཅིག་ནང་འཛུགས་སྐྲུན་མ་འཇོག་དང་རོགས་སྐྱོབ་ཀྱི་མིང་ཐོག་ནས་དངུལ་འབོར་ཆེན་བཏང་སྟེ་གནོན་ཤུགས་སྤྲད་དང་སྤྲོད་མུས་ཡིན་པ་བཞིན། ཕྱི་ལོ་ ༢༠༡༧ ལོར་རྒྱ་བལ་གཉིས་ཀྱི་བར་རྒྱུད་གཅིག་ལམ་གཅིག་གི་ཚོང་ལས་མཉམ་འབྲེལ་གན་རྒྱ་བཞག་ཡོད་ཀྱང་། རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་བལ་ཡུལ་སྤོག་ར་གནམ་ཐང་ཚད་ལྡན་མེད་པ་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བྱུང་ཡོད་པའི་དོགས་གཞིའི་འོག་ཞིབ་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་བལ་གཞུང་གིས་ཡུལ་དེའི་ནང་ཆེས་བྲིན་རྒྱུག་ཆེ་བའི་རྒྱ་ནག་གི་ཊིག་ཊོག་སྤྱི་ཚོགས་དྲ་ལམ་བཀག་སྡོམ་བྱས་པ་སོགས་ཀྱི་གནས་ཚུལ་འཐོན་བཞིན་ཡོད་ཀྱང་།   རྒྱ་ནག་གཞུང་གིས་མུ་མཐུད་རྒྱུད་གཅིག་ལམ་གཅིག་གི་མཉམ་འབྲེལ་ལས་གཞི་ཇེ་མགྱོགས་སུ་གཏོང་དགོས་པ་སོགས་ཀྱི་ཆ་རྐྱེན་འདོན་གྱི་ཡོད་ཀྱང་བལ་ཡུལ་གྲོས་ཚོགས་དང་མི་མང་ནང་དེའི་ཐད་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེན་ཡོང་གི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༡༦ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༡༦ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese