མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་རྒྱ་ནག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་མིང་གསར་པ་ ༣༠ བཏགས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་ནག་གཞུང་གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་རི་ ༡༢ དང་། རྒྱུག་ཆུ་ ༤། མཚེའུ་ ༡། ལ་ཆུང་ ༡ དང་མི་མང་གནས་སྡོད་བྱ་ཡུལ་ ༡༡ བཅས་སུ་མིང་གསར་པ་རེ་བཏགས་འདུག

བོད་ཧིན་མཐའ་མཚམས་ཀྱི་རྒྱ་དཀར་ནག་གི་དམག་མི། དྲ་ལམ་གྱི་པར།

ཉེ་སྔོན་ཕྱི་ཟླ ༣ ཚེས་ ༣༠ ཉིན་རྒྱ་ནག་དམངས་སྲིད་ལྷན་ཁང་(Ministry of Civil Affairs) གིས་བོད་ལྷོ་རྒྱུད་ཁུལ་གྱི་ས་ཁུལ་ཁག་ཅིག་ལ་མིང་གསར་པ་བཏགས་ནས་ཁ་གསབ་བྱས་ཡོད་ལུགས་ཀྱི་ཐོ་གཞུང་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། རྒྱ་གར་ཨ་རུ་ནཱ་ཅལ་ཁུལ་གྱི་རི་ ༡༢ དང་། རྒྱུག་ཆུ་ ༤། མཚེའུ་ ༡། ལ་ཆུང་ ༡ དང་མི་མང་གནས་སྡོད་བྱ་ཡུལ་ ༡༡ བཅས་སུ་བོད་ཡིག་དང་རྒྱ་ཡིག་ཕིན་ཡེན་ཡོད་པའི་མིང་གསར་པ་བཏགས་ཏེ། རྒྱ་ནག་གི་མངའ་ཁུལ་ཡིན་པའི་ཧམ་བཤད་བྱས་པར་བརྟེན། རྒྱ་གར་གཞུང་གིས་མིང་གསར་པ་བཏགས་པ་ཙམ་གྱིས་མངའ་དབང་ལ་འགྱུར་བ་གཏོང་མི་ཐུབ་པའི་རྒོལ་གཏམ་བསྒྲགས་འདུག

གནད་དོན་དེའི་ཐད་རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇའེ་ཤན་ཁར (Subrahmanyam Jaishankar) མཆོག་གིས། ངས་དེ་རིང་ཁང་པ་ཞིག་གི་མིང་བསྒྱུར་ན། ཁང་པ་དེ་ངའི་ཡིན་ནམ། ཨ་རུ་ནཱ་ཅལ་ནི་གནའ་ནས་རྒྱ་གར་གྱི་མངའ་སྡེ་ཞིག་ཡིན་པས། མིང་གསར་པ་བཏགས་པ་ཙམ་གྱིས་འགྱུར་བ་གཏན་ནས་གཏོང་མི་ཐུབ། ཅེས་གསུངས་འདུག

རྒྱ་གཞུང་གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེ་ནི་བོད་ཀྱི་ལྷོ་མོན་ས་ཁུལ་ཡིན་པས་རྒྱ་ནག་གི་མངའ་ཁུངས་ཡིན་ལུགས་ཀྱི་འཁྱོག་བརྗོད་ལན་མང་བྱས་ཡོད་པ་མ་ཟད། འདས་པའི་ལོ་ཤས་རིང་ཨ་རུ་ནཱ་ཅལ་གྱི་ས་གནས་མང་དག་ཅིག་ལ་མིང་གསར་པ་ཐེངས་བཞི་ལ་བཏགས་ནས། ཁུལ་དེའི་རི་ཆུ་ནགས་གསུམ་གྱི་མིང་བསྒྱུར་ཐབས་བྱས་ཡོད་ཅིང་། ད་ལན་ཧ་དོང་ལ་ཟེར་བ་དང་། ཁྲི་ལམ་ཚོ། འབེ་རྩེ་གླིང་། མཁར་མང་ཆུ། མག་སྒོ། རླི་ཚོ། འཁྱགས་བཏུམ་རི། འབྲས་སྤྲུངས་རི། མཐོ་ལྕོག་རི། བདེ་པོ་རི། ཅི་ལོ། མཐོ་པོ་ལ། ཨ་ཤིང་རྩེ་ལ། སྤྲིན་དཀར་ལ། སྤང་སྒོར། མོ་ཤིང་། ཀུན་རིན། རིན་རྐང་། རྟ་སྒ་ལ། གཡང་བཟང་ཆུ། ཉ་མོ་རི་ཆུ། ཆུ་སྒང་། རྡོ་རི། ལུང་འགོ་ཁ་ལ། སྤང་ཁུག་ཆུ་འཛོམས། སོ་ལྟ་མཚོ། ད་བུ་ཧོ་གོང་། ཟླ་བ་སྒང་། གཉའ་ཨ་ཤ་བི་ལ་ཆུ། སྟ་ཀ་ཤིང་ཟེར་བ་སོགས་ལ་མིང་གསར་པ་བཏགས་ཡོད་འདུག

འདས་ལོའི་ཕྱི་ཟླ ༤ ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ས་མིང་དོ་དམ་ལྷན་ཁང་ཟེར་བས་བོད་ལྷོ་རྒྱུད་ཁུལ་གྱི་ས་ཁུལ་ཁག་ཅིག་ལ་མིང་བཏགས་ཡོད་ལུགས་ཀྱི་ཐོ་གཞུང་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། བོད་མེ་ཏོག་རྫོང་ཁོངས་སུ་མ་ནི་སྒང་དང་། གུ་མིང་ཤིང་རྩེ་རི། གཤེན་གཡོག་མོ་ཆུ། ཏུ་ཏིང་། མིག་ཕན། རྟ་གདོང་། ཆེན་པོ་རི། མདུང་རྩེ་རི་བཅས་དང་། རྫ་ཡུལ་རྫོང་ཁོངས་སུ་མགོ་གླིང་དང་། གཏམས་པ། ཏུ་ལན་ཆུ། དགེ་སྡེའུ་ཆུ། མགོ་ཡུལ་ཐང་། ཉི་མ་སྒང་། དེ་བཞིན་ལྷུན་རྩེ་རྫོང་ཁོངས་སུ་མེ་ལྕག་དང་། ལྕུག་སྨྱུག་རྩེ་གངས་རི། མཚོ་སྣ་རྫོང་ཁོངས་སུ་སེངྒེ་རྫོང་དང་། སྟག་ལུང་རྫོང་། གཟེ་ལ། ཝ་མོ་རི། མདེའུ་རི། ལྷུན་གྲུབ་རི། སྤང་ཆེན། རྒྱང་མཁར་རྫོང་། ལོ་གཟུགས་རི། གཏེ་པོ་རི་བཅས་ཁ་གསབ་བྱས་ཡོད་ལུགས་བརྗོད་དེ། རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་མང་པོ་ཞིག་བོད་མཚོ་སྣ་རྫོང་དང་ལྷུན་རྩེ་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་བཅས་ཀྱི་ཁོངས་སུ་བཅུག་ཡོད་ལ། དེ་བཞིན་ཕྱི་ལོ་ ༢༠༡༧  ཟླ་ ༤ ཚེས་  ༡༩ ཉིན་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་ཨོ་རྒྱན་གླིང་དང་མི་ལ་རི། མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོའི་ལ། ནམ་མཁའ་ཕུབ་རི་བཅས་ཀྱང་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད། གྷོ་གྷུལ་ (Google) སོགས་སུའང་ནང་འཇུག་བྱས་འདུག

སྤྱིར་འདས་པའི་ལོ་ཤས་རིང་བོད་ཧིན་མཐའ་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་ལན་མང་བྱུང་ནས་ཕྱོགས་གཉིས་ཀྱི་དམག་དོན་གྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་མུས་ཡིན་པའི་ཁར། ཕྱི་ལོ་ ༢༠༢༢ ལོའི་ཟླ ༡༢ ནང་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་ཤར་ཕྱོགས་ཡང་རྩེ་ས་ཁུལ་དུ། རྒྱ་དཀར་ནག་གཉིས་ཀྱི་དམག་མི་གདོང་ཐུག་བྱུང་བའི་ཁྲོད། རྒྱ་གར་གྱི་དམག་མི་ ༦ དང་རྒྱ་ནག་གི་དམག་མི་ ༩ ཙམ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 1

  1. འབྲུག་སེང་དཀར་མོ། says:
    ལོ་ 2 སྔོན།

    མིང་བཏགས་པ་ཡག་པོ་རེད། མ་འོང་པ་བོད་ཀྱི་ས་ཆ་རེད། ད་ལྟ་རྒྱ་མིས་ས་ཆ་གང་མང་བཟའ་ཐུབ་ན་མ་འོང་པ་བོད་ལ་ཁེ་སོང་རག་བ་རེད། རྒྱ་གར་ལ་མགོ་མཏགས་ཕྲག་ན་སྐྱོན་ཡོད་རོད་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese