མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུག་ཚང་དཔལ་ཡོན་གང་དུ་ཡོད།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ།  གཡག་རྒོད་པོ།

མགོ་ལོག་ལྕགས་མོས་རྒྱ་ཡིག་ནས་བསྒྱུར།

ཨེ་པོ་ལགས་ནི་ལྷ་སའི་ཆུ་ཤུར་རྫོང་གི་ལོ་ན་རྒན་པའི་ཞིང་པ་ཞིག་ཡིན། ཡར་ལུང་གཙང་བོའི་འགྲམ་རྒྱུད་ནས་དཀའ་སྡུག་གི་མི་ཚེ་ཧྲིལ་པོ་ཞིང་ལས་ཀྱི་འཚོ་བའི་ནང་དུ་བསྐྱལ་མཁན་ཞིག་ཡིན། ཁོང་ལ་བབ་ཆགས་པོ་དང་གཟི་བརྗིད་ལྡན་པའི་རྨི་ལམ་ཞིག་ཡོད། དཀའ་སྡུག་ཅི་ཙམ་ཡོད་ནའང་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་གསུམ་པོ་སློབ་གྲྭར་བཏང་ནས་ལྕགས་ཕོར་ཐོབ་པའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཆགས་རྒྱུ་ཡིན།

བགྲེས་པོ་ཨེ་པོ་ལགས་ཀྱི་སྔོན་ཆད་ཀྱི་ཕུགས་འདུན་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་བུ་ཆེ་བ་ནག་ཆུ་གཞུང་གི་ལས་བྱེད་པ་ཆགས། བུ་ཆུང་བ་ནི་སློབ་ཆེན་མཐར་ཕྱིན་རྒྱུས་མངའ་རིས་མཚོ་ཆེན་རྫོང་གི་སློབ་ཆུང་གི་དགེ་རྒན་ཞིག་ཏུ་གྱུར། བགྲེས་པོ་ཨེ་པོ་ལགས་ཀྱི་འདོད་པ་ཁེངས་ཤོས་དང་སེམས་ཁྲལ་ཆེ་ཤོས་ནི་བུ་གཉིས་པ་ཡེ་ཤེས་བསྟན་འཛིན་ཡིན། ཁོང་གིས་པེ་ཅིན་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཆུ་ཤུར་རྫོང་དུ་དགེ་རྒན་གྱི་ཕྱག་ལས་གནང་།

ཡེ་ཤེས་བསྟན་འཛིན་ལ་མགོ་བོ་ཆེན་པོ་མེད་ནའང་རིག་པ་རྒོད་པོ་ཡོད། ཡུལ་ཚོ་དང་རྫོང་ནས་སློབ་ཆུང་གི་སྦྱང་བརྩོན་དང་གྲུབ་འབྲས་མི་དམན་པ་ཐོབ། ཡུལ་ཚོའི་སློབ་ཆུང་ནས་རྫོང་ལ་མ་སོང་སྔོན་དུ་ལོ་རིམ་ལྔ་པ་ཐེངས་གཉིས་འདོན་དགོས་བྱུང་། དེ་ནི་སློབ་སྦྱོང་གི་རྒྱུགས་འབྲས་དམན་པའི་རྐྱེན་མིན་པར་འཛིན་རིམ་དྲུག་པའི་སློབ་ཕྲུག་གི་གྲངས་ཀ་འབོར་ཆེན་ཆགས་སྟབས་བསྐྱར་དུ་འཛིན་རིམ་ལྔ་བའི་ནང་དུ་ལོ་གཅིག་འདུག་དགོས་བྱུང་། ལོ་གཅིག་གི་རྗེས་སུ་ཡེ་ཤེས་བསྟན་འཛིན་ལགས་ཅང་སོའུ་ཁྲང་ཀྲིག་བོད་ལྗོངས་སློབ་འབྲིང་དུ་འདེམས་ཐོན་བྱུང་བ་དང་རྒྱ་ནག་ཏུ་ཕེབས། རྒྱ་ཡིག་གི་ཆུ་ཚད་སྐྱོ་བོ་ཡིན་ཙང་ལོ་གཅིག་ལ་གྲྭ་སྒྲིག་འཛིན་གྲྭའི་ནང་དུ་འདུག་དགོས་བྱུང་། དེ་ལྟར་ལོ་དགུའི་འགན་བབས་སློབ་གསོའི་སློབ་སྦྱོང་ཡོངས་སུ་མཇུག་སྒྲིལ།

རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་ཕྲུག་ཚོ་ལ་དམིགས་བསལ་གྱི་སློབ་ཡོན་དང། སྡོད་གནས་ཟས་གོས་སོགས་རིན་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་སྟབས་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་རྒྱ་ནག་ཁྲང་ཀྲུག་ནས་ལོ་བདུན་ལ་སློབ་སྦྱོང་བྱས། སློབ་འབྲིང་འགྲིམས་བཞིན་པའི་སྐབས་ཤིག་ལ་ཕ་ཨེ་པོ་ལགས་ཀྱིས་རང་ཁྱིམ་གྱི་གཡག་ཅིག་བཙོང་ནས་བུ་ལ་གནམ་གྲུའི་འཛིན་བྱང་ཉོས་པ་དང་། ཁོང་གི་ཨམ་ཕྲག་ནང་དུ་རྒྱ་སྒོར་ཉིས་སྟོང་བླུགས། ཕྱིར་སློབ་གྲྭར་འབྱོར་རྗེས་དོན་དག་ཅི་ཞིག་གི་ཆེད་དུ་ཡིན་མིན་མ་ཤེས་ཀྱང་སློབ་གྲྭ་ལ་རྒྱ་སྒོར་གཅིག་སྟོང་ལྔ་བརྒྱ་སྤྲད་དགོས་བྱུང་སྟབས་རྒྱ་སྒོར་ལྔ་བརྒྱ་མ་གཏོགས་ལྷག་མ་སོང་། སློབ་འབྲིང་སྐབས་ཀྱི་ལོ་དེ་དག་གི་རིང་ལ་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་ཟ་ཚོད་འཐུང་ཚོད་བཟུང་ནས་དངུལ་གྲོན་ཆུང་བྱས་པ་དང་། ཕ་མ་ལ་དངུལ་སློང་བའི་དུས་སྐབས་ཧ་ཅང་དཀོན་པོ་ཡིན། ལོ་བཞིའི་རིང་གི་སློབ་འབྲིང་གི་འཚོ་བའི་ཁྲོད་དུ་རྒྱ་སྒོར་ཉིས་སྟོང་ཙམ་ལས་འགྲོ་གྲོན་བཏང་མེད།

ཡེ་ཤེས་བསྟན་འཛིན་ལགས་སློབ་ཆུང་སྐབས་སུ་གྲོང་ཚོ་གཅིག་པའི་བུ་མོ་ཞིག་སྣང་བར་འགྲོ་མྱོང་འདུག ཁོ་རང་རྒྱ་ནང་གི་སློབ་གྲྭར་དེར་འབྱོར་བའི་ཉིན་དང་པོ་ལ་སློབ་གྲྭ་དེ་གའི་སློབ་མ་དང་དགེ་རྒན་ཚང་མ་བང་རིམ་བསྒྲིགས་ནས་གསར་ཞུགས་སློབ་ཕྲུག་ཚོ་ལ་བསུ་མ་བྱེད་སྐབས། ཁོ་རང་སྣང་བ་འགྲོ་སའི་བུ་མོ་དེས་སློབ་གྲྭ་དེར་སློབ་སྦྱོང་བྱེད་བཞིན་ཡོད་སྟབས་སློབ་ཕྲུག་རྙིང་པ་ཚོའི་གྲལ་ནང་དུ་ལངས་འདུག་པས་ཡེ་ཤེས་བསྟན་འཛིན་ཀྱི་སེམས་ལ་དགའ་ཚོར་སྐྱེས། རྗེས་སུ་བུ་མོ་དེས་ཁོ་ལ་གོན་པ་འཁྲུད་རོགས་དང་ནང་སྦྱོང་བྱེད་རོགས་བྱས་མཐར་འབྲེལ་བ་ཐག་ཉེ་རུ་ཆགས། དེར་ཡོད་སློབ་གྲོགས་ཚོས་བུ་མོ་དེ་ལ་མིང་འདོགས་ལུག་ཟེར་བ་དང་རྗེས་སུ་ལུག་ཅེས་པའི་མིང་འདོགས་དེ་ཡེ་ཤེས་བསྟན་འཛིན་ལ་ཐོགས། སློབ་ཆེན་སྐབས་སུ་ཡེ་ཤེས་བསྟན་འཛིན་གྱིས་རང་གི་དྲ་མིང་ལ་ལུག་ཚང་ཞེས་བཏགས།

ཡེ་ཤེས་བསྟན་འཛིན་རིམ་གྱིས་ནར་སོན་པ་དང་སློབ་འབྲིང་གི་སྐབས་སུ་ཡང་སྙེ་མོ་རྫོང་ནས་ཡིན་པའི་སློབ་གྲོགས་བུ་མོ་ཞིག་སྣང་བར་སོང་། བརྩེ་འཕྲིན་འབྲི་འདོད་ཀྱི་འདུན་པ་ཆེན་པོ་བྱུང་ནའང་ཇི་ལྟར་འབྲི་དགོས་མ་ཤེས་པར་རེ་ཞིག་ལྷག ཁོང་གི་མལ་ཁང་གཅིག་པའི་གྲོགས་པོ་ཞིག་གིས་གདེང་ཚོད་ཆེན་པོའི་ཐོག་ང་ནི་བརྩེ་འཕྲིན་འབྲི་མཁན་རྩེ་ཕུད་ཅིག་ཡིན། ངས་ཁྱེད་ལ་རོགས་པ་བྱེད་ཆོག་ཅེས་བཤད་པ་དང་ཡེ་ཤེས་བསྟན་འཛིན་ལགས་ཀྱི་མིང་ཐོག་ནས་བརྩེ་འཕྲིན་ཞིག་བྲིས། ཡེ་ཤེས་བསྟན་འཛིན་ལགས་ཀྱིས་བརྩེ་འཕྲིན་དེ་འཁྱེར་ནས་ཐེ་ཚོམ་མེད་པར་འཛིན་གྲོགས་བུ་མོ་སྙིང་རྗེ་མོ་དེ་ལ་སྤྲད། འཛིན་གྲོགས་བུ་མོ་དེས་བརྩེ་འཕྲིན་ཁ་ཙམ་ཡང་མ་ཕྱེ་བར་འཛིན་གྲྭའི་བོད་ཡིག་དགེ་རྒན་ལ་རྩིས་སྤྲོད་བྱས། ཕྱི་ཉིན་དགེ་རྒན་གྱིས་ཡེ་ཤེས་བསྟན་འཛིན་སྐད་བཏང་ནས་བཀའ་བཀྱོན་ནན་མོ་བཏང།

མཐོ་འབྲིང་སྐབས་སུ་ནག་ཆུའི་བུ་མོ་ཞིག་ལ་སེམས་པ་ཤོར་འདུག རྒྱལ་སྟོན་དུས་ཆེན་སྐབས་སུ་དར་རྩེ་མདོའི་མཛའ་གཞས་འཁྲབ་མཁན་གྱི་བུ་མོ་དེས་སློབ་གྲྭ་ཡོངས་ལ་སྐད་གྲགས་ཆེན་པོ་བཞག ཡེ་ཤེས་བསྟན་འཛིན་ལགས་ཀྱིས་སེམས་པ་མོ་ལ་ཤོར་ནས་དགའ་དུང་གི་ཚོར་བས་བཟི། རྗེས་སུ་བློ་ཁོག་ཆེན་པོའི་ཐོག་མོ་ལ་བརྩེ་འཕྲིན་ཐེངས་གསུམ་ལ་བསྐུར་ཡང་བུ་མོ་དེས་ངས་སློབ་སྦྱོང་དང་འཚོ་བ་ལ་བར་ཆད་མ་བྱེད་རོགས་ཞེས་སྐད་ཆ་ཤར་གཅིག་གིས་ཁོའི་རེ་འདུན་དང་བརྩེ་དུང་ཡོད་ཚད་ཀྱི་སྒོ་མོ་བརྒྱབ། ཡེ་ཤེས་བསྟན་འཛིན་ལགས་ཀྱི་བརྩེ་དུང་གི་རྨི་ལམ་བརླག་ནའང་སློབ་ཆེན་འགྲིམ་པའི་རྨི་ལམ་མངོན་འགྱུར་དུ་སོང་། སྔོན་ཆད་ཁོ་རང་རྒྱ་ནག་ཏུ་སློབ་སྦྱོང་བྱེད་སྐབས་ཕ་ཡུལ་གྱི་སློབ་གྲྭ་དང་ནང་མི་དྲན་བཞིན་ཡོད། བོད་ལྗོངས་ས་ཁུལ་གྱི་སློབ་གྲྭ་ཁག་དང་རྒྱ་ནག་ནང་ཁུལ་གྱི་སློབ་གྲྭ་ཁག་གི་སྤུས་ཚད་དང་བསྡུར་ན་བོད་ལྗོངས་ས་ཁུལ་གྱི་སློབ་གསོ་དང་ཆ་རྐྱེན་སོགས་རྒྱ་ནག་ནང་ཁུལ་གྱི་སློབ་གསོ་དང་ཆ་རྐྱེན་ལས་ཞན་སྟབས་ཁོ་རང་མ་འོངས་པར་ཕ་ཡུལ་གྱི་སློབ་གསོའི་ལས་དོན་བྱེད་མཁན་ཞིག་ཏུ་ཆགས་པའི་རེ་བ་བརྒྱབ། དེར་བརྟེན་སློབ་གསོའི་ལས་དོན་ནི་ཁོ་རང་དགའ་ཤོས་དང་རེ་བཞག་ཆེ་ཤོས་ཡིན། ཕྱི་ལོ་ ༢༠༠༦ ལོར་རྒྱུགས་འབྲས་ཐོབ་སྐར་ ༤༩༩ ལོན་པ་དང་། ཀྲུང་གོའི་ཚད་མཐོའི་སློབ་གསོ་ལྡན་པའི་པེ་ཅིན་དགེ་འོས་སློབ་གྲྭར་སློབ་ཞུགས་བྱས། རྒྱ་ནག་གི་ཁྲང་ཀྲུ་ས་ཁུལ་དུ་ཐོབ་སྐར་ ༤༩༩ ནི་འབྲིང་རིམ་གྱི་གྲས་སུ་སླེབས་ཡོད་ཀྱང་། བོད་ལྗོངས་ས་ཁུལ་དུ་རྩེ་གྲས་སུ་སླེབས་ཡོད། ཁོ་རང་མ་འོངས་པར་སློབ་གསོའི་ལས་དོན་བྱེད་མཁན་ཞིག་ཏུ་ཆགས་ཐུབ་པའི་སེམས་ཚོར་ཆེན་པོ་བྱུང་།

ཡེ་ཤེས་བསྟན་འཛིན་ལགས་སློབ་འབྲིང་ནས་བཟུང་རྒྱ་ནང་དུ་སློབ་སྦྱོང་བྱས་རྐྱེན་བོད་ལྗོངས་ས་ཁུལ་དུ་ཡོད་པ་ནང་བཞིན་བོད་ཡིག་དང་བོད་ཀྱི་རིག་གཞུང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་མེད། ཡིན་ནའང་རྒྱ་ནང་དུ་སློབ་སྦྱོང་བྱེད་སྐབས་ཆུ་ཚོད་དམ་འཛིན་བྱས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྦྱང་བརྩོན་ལྷོད་མེད་བྱས། ཁོང་གིས་རྒྱུན་དུ་སློབ་གསོའི་ལས་དོན་བྱེད་རྒྱུ་དམིགས་ཡུལ་བཟུང་བ་དང་ལྷག་པར་བོད་རྒྱ་གཉིས་ཀྱི་སྐད་ཡིག་གི་ཐོག་ནས་སློབ་གསོའི་ལས་དོན་བྱེད་རྒྱུ་ཡིད་ལ་ནན་མོ་བཟུང་།

པེ་ཅིན་དུ་སློབ་སྦྱོང་བྱེད་སྐབས་ཕ་མས་སྒོ་ཕྱུགས་བཙོང་བ་དང་ངལ་རྩོལ་ལས་བསགས་པའི་རྒྱ་སྒོར་ཁྲི་གཅིག་ཡེ་ཤེས་བསྟན་འཛིན་ལ་བསྐུར་བ་དེ་ནི་ཞིང་པ་ཕ་རྒན་ཞིག་ལ་མཚོན་ན་ནུས་ཤུགས་ཡོད་ཚད་དང་རྒྱུ་འབྱོར་ཆེ་ཤོས་ཡིན། ཡེ་ཤེས་བསྟན་འཛིན་ལགས་ནི་ཆུ་ཤུར་སྡེ་བའི་ནང་གི་ནུབ་ཕྱོགས་སློབ་ཡོན་ཐོབ་མཁན་གྱི་སློབ་མ་གཅིག་པུ་ཡིན། ལོ་རེར་རྒྱ་སྒོར་ལྔ་སྟོང་སློབ་ཡོན་སྤྲད་པ་དང་། ལོ་གཅིག་གི་སློབ་ཡོན་རིན་མེད་བྱས་པ་མ་ཟད་ལོ་གསུམ་གྱི་སློབ་ཡོན་བུ་ལོན་བཞག  དེ་ལྟར་དམིགས་བསལ་གྱི་གོ་སྐབས་ཐོབ་ནའང་ཡེ་ཤེས་བསྟན་འཛིན་ལགས་ནི་པེ་ཅིན་དགེ་འོས་སློབ་ཆེན་ནང་གི་ལག་པ་དམ་ཤོས་ཀྱི་སློབ་མ་ཞིག་ཡིན། རྒྱལ་ས་པེ་ཅིན་དུ་འགྲོ་ས་འདུག་ས་མང་ནའང་ཡེ་ཤེས་བསྟན་འཛིན་ལགས་ལ་དེ་འདྲའི་རྒྱས་སྤྲོས་བྱེད་པའི་མཐུན་རྐྱེན་མེད། ཁོང་རྒྱུན་དུ་སློབ་གྲྭའི་དཔེ་མཛོད་ཁང་དང་རྩིས་འཕྲུལ་ཁང་དུ་ཡོད། བོད་ཀྱི་སློབ་ཕྲུག་ཁག་གི་ནང་ནས་ཡེ་ཤེས་བསྟན་འཛིན་ལགས་ནི་དྲ་གནས་བེད་སྤྱོད་གཏོང་མཁན་སྔ་ཤོས་ཡིན་པ་དང་། དྲ་ཐོག་ཟིན་བྲིས་དང་པོད་འཕྲིན་སྔོན་མ་ནས་བེད་སྤྱོད་གཏོང་མཁན་གྱི་གྲས་སུ་ཡོད། སློབ་ཡོན་དང་འཚོ་བའི་ཁ་སྣོན་ཆེད་ཁོང་གིས་མཐོ་སློབ་ནང་དུ་བོད་ཡིག་དཔེ་ཁྲོམ་དང་བོད་ཡིག་ཐེབ་གཞུང་སོགས་ཉོ་ཚོང་བྱས་ནས་རྒྱ་སྒོར་སྟོང་ཕྲག་ཁ་ཤས་བསགས་མྱོང་ཡོད།

ཁོང་རྒྱ་ནང་དུ་སྡོད་ཡུན་རིང་བས་བོད་ཡུལ་གྱི་ནང་མི་གཙོས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ལྷག་ཏུ་དྲན། འཚོ་བའི་ཧེ་བག་གི་ཁྲོད་དུ་དྲན་གདུང་བཞག་པ་དང་རེ་ལྟོས་རྨི་ལམ་གྱི་ཁྲོད་ནས་འབད་བརྩོན་བྱས། ཡེ་ཤེས་བསྟན་འཛིན་ལགས་རྒྱུན་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་ཁྲིད་ལ་ཞུགས་པ་དང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཚོ་དང་མཉམ་དུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་སྐོར་ནས་བགྲོ་གླེང་མང་པོ་བྱས་མྱོང་ཡོད། ཡེ་ཤེས་བསྟན་འཛིན་ལགས་རྒྱུན་དུ་དཔེ་མཛོད་ཁང་དུ་འགྲོ་བཞིན་ཡོད་པ་དང་པེ་ཅིན་དགེ་འོས་སློབ་ཆེན་གྱི་དཔེ་མཛོད་ཁང་ནི་ཀྲུང་གོའི་མཐོ་སློབ་ཁག་གི་ཨང་རིམ་དང་པོའི་གྲས་སུ་སླེབས་ཡོད་ཀྱང་བོད་ཀྱི་དཔེ་དེབ་ཁྲི་སྟོང་མང་པོའི་ཁྲོད་ཀྱི་དཔེ་དེབ་གཅིག་ཀྱང་ཁོང་གིས་མཇལ་མི་འདུག ཁོང་གིས་མཐོ་སློབ་ལ་བོད་ཀྱི་དཔེ་དེབ་གལ་ཆེན་མཁོ་སྒྲུབ་དགོས་པའི་བསམ་འཆར་བཏོན་པ་དང་སློབ་གྲྭས་ངོས་ནས་རྒྱབ་སྐྱོར་བྱས་ཡོད་མོད། མཐོ་སློབ་ཏུ་བོད་ཀྱི་རིག་གཞུང་སྐོར་གྱི་ཆེད་མཁས་མེད་སྟབས་ཡེ་ཤེས་བསྟན་འཛིན་ལགས་ལ་བོད་ཀྱི་དཔེ་དེབ་སྐོར་གྱི་དཀར་ཆག་མཁོ་སྤྲོད་བྱེད་དུ་བཅུག ཁོང་གིས་མི་རིགས་དཔེ་སྐྲུན་ཁང་ལ་འབྲེལ་བ་བྱས་ནས་བོད་ཀྱི་རིག་གཞུང་སྐོར་གྱི་དཔེ་དེབ་བརྒྱ་ཕྲག་མཁོ་སྤྲོད་ཐུབ་པ་བྱས། ཁོང་གིས་སྣེ་ཁྲིད་ནས་མཐོ་སློབ་ཏུ་གངས་ལྗོངས་སྐོར་བྲོ་ལྷན་ཚོགས་གསར་འཛུགས་བྱས་པ་དང་མཐོ་སློབ་ཀྱིས་རྒྱབ་སྐྱོར་འོག་བོད་ཀྱི་རིག་གཞུང་དུས་སྟོན་ཞིག་གོ་སྒྲིག་ཞུས། ཕྱི་ལོ་ ༢༠༡༠ ལོར་ཡུལ་ཤུལ་དུ་ས་ཡོམ་གྱིས་གནོད་སྐྱོན་ཐེབས་སྐབས་ཁོང་གིས་དྲ་ལམ་བརྒྱུད་ནས་ས་ཕྱོགས་གང་སར་འབྲེལ་བ་བྱས་ཏེ་རོགས་སྐྱོར་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་སྤེལ། པེ་ཅིན་ནས་རྒྱ་སྒོར་ཁྲི་ ༣༠ ལྷག་བསྡུ་རུབ་བྱས་རྗེས་ཁོང་གི་གྲོགས་པོ་དབང་རྒྱལ་དང་རྡོ་རྗེ་སོགས་ཀྱིས་ཟི་ལིང་ནས་མཁོ་ཆས་ཉོས་ཏེ་ས་གནས་ས་ཐོག་ཏུ་རོགས་རམ་བྱེད་དུ་སོང།

ཡེ་ཤེས་བསྟན་འཛིན་མཐོ་སློབ་ཏུ་འཛུལ་རྗེས་སྔོན་ཆད་སློབ་ཆུང་དང་སློབ་འབྲིང་སྐབས་ཕམ་ཟིན་པའི་བརྩེ་དུང་གི་གཏམ་བརྒྱུད་ཡིད་ལ་འཁོར་ནས་སློབ་ཆེན་ནས་དགའ་རོགས་མི་འཚོལ་རྒྱུ་དང་། གལ་ཏེ་འཚོལ་དགོས་ན་དཔལ་འབྱོར་གྱི་རྨང་གཞི་དགོས་རྐྱེན་མཐོ་སློབ་ཀྱི་ལོ་ངོ་བཞིའི་རིང་དགའ་རོགས་མ་སྒྲིག་པར་གཅིག་པུ་བསྡད། སློབ་མཐར་ཕྱིན་ལ་ཉེ་བའི་སྐབས་སུ་དྲ་ཐོག་ནས་ལྷ་སའི་བུ་མོ་ཞིག་ལ་འཕྲད་པ་དང་རིམ་བཞིན་ཕན་ཚུན་ངོ་ཤེས། ཁྱོས་མ་ཟས་ན་ངས་མི་འཐུང་གི་བརྩེ་དུང་གི་གཏམ་རྒྱུད་ཅིག་གི་དབུ་འཁྱུད་བྲིས། སློབ་མཐར་ཕྱིན་རྗེས་ཁོ་མོ་མེ་འཁོར་བབས་ཚུགས་སུ་བསྐྱལ་ནས་ཞལ་ལ་འོ་ཞིག་བྱས། དེ་ལྟར་ཡིད་དུ་འོང་བའི་སློབ་ཆེན་གྱི་མི་ཚེ་མཇུག་སྒྲིལ་བ་དང་མཐའ་མཇུག་གི་འོ་དེ་དུས་རབས་ཀྱི་བརྗེད་བྱང་དུ་བཞག

ཡེ་ཤེས་བསྟན་འཛིན་ལགས་པེ་ཅིན་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སྲིད་གཞུང་གི་ལས་གནས་ལ་ཞུགས་འདོད་མེད་པས་ཕྱིེར་ཕ་ཡུལ་ཆུ་ཤུར་རྗོང་དུ་སོང་ནས་སློབ་འབྲིང་གི་ལས་དོན་གཉེར། ཁོང་གི་ཟླ་གླ་ནང་ནས་ཕ་མའི་དྲིན་ལན་ཆེད་དུ་ཟླ་བ་རེར་རྒྱ་སྒོར་གཅིག་སྟོང་ཉིས་སྟོང་ཙམ་ཕ་མ་ལ་བསྐུར། དངུལ་ལྷག་མ་རྣམས་གསོག་འཇོག་བྱས་ནས་སྔོན་ཆད་མཐོ་སློབ་འགྲིམས་སྐབས་ཀྱི་སློབ་ཡོན་བུ་ལོན་བླངས་བ་ཕྱིར་སློག་བྱས། རིམ་བཞིན་འཚོ་བའི་རྒྱུན་གྲོན་ཐད་དངུལ་གྱི་དཀའ་ངལ་འཕྲད་པས་དྲ་ལམ་བརྒྱུད་བོད་རྒྱ་ཡིག་སྒྱུར་གྱི་ལས་ཀ་གཉེར་བ་དང། ལག་ཐོགས་ཁ་པར་ནང་གི་བོད་ཡིག་མཉེན་ཆས་སོགས་བོད་བསྒྱུར་གྱི་ཕྱག་ལས་གནང། ཁོང་གིས་དགེ་རྒན་གྱི་ཡིག་རྒྱུགས་སྤྲོད་སྐབས་ཆབ་སྲིད་སྐོར་གྱི་ཡིག་རྒྱུགས་སྤྲད་པ་དང་ཆུ་ཤུར་རྗོང་སློབ་འབྲིང་དུ་འབྱོར་སྐབས་སློབ་གསོ་སྡེ་ཁག་ནས་སློབ་ཁྲིད་ཅི་ཞིག་བྱེད་རྩིས་ཐད་བཀའ་འདྲི་ཞུས། ཁོང་གིས་རབ་ཡིན་ན་ངས་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་ཡིན་གཞན་པ་སློབ་ཁྲིད་བྱེད་དགོས་ཀྱང་དཀའ་ཁག་མེད་ཅེས་ལན་བཏབ། དེ་ལྟར་ཁོང་ནི་བོད་ཡིག་འཛིན་གྲྭའི་དགེ་རྒན་དང་བོད་ཡིག་སློབ་ཁྲིད་བྱེད་པའི་གོ་སྐབས་ཐོབ། ཁོང་གི་བསམ་པར་རང་གི་བོད་ཡིག་གི་ཆུ་ཚད་ངེས་ཅན་མིན་པས་རང་ཉིད་ཡར་རྒྱས་གཏོང་བར་འབད་བརྩོན་ལྷོད་མེད་བྱས། མིང་ལ་ལུག་ཚང་ཞེས་པའི་རྒྱ་ཡིག་གི་དྲ་ཚིགས་ཤིག་གསར་བཟོ་བྱས། རྗེས་སུ་སྐད་འཕྲིན་ནང་དུ་མིང་ལ་ལུག་ཚང་དཔལ་ཡོན་ཟེར་བའི་བོད་ཡིག་གི་འཕྲིན་སྟེགས་ཤིག་བཟོས། དེ་ནི་བོད་ལྗོངས་ས་ཁུལ་དུ་ཆེས་སྔ་ཤོས་ཀྱི་བོད་ཀྱི་རིག་གཞུང་ཁྱབ་སྤེལ་བྱེད་སའི་བོད་ཡིག་གི་འཕྲིན་སྟེགས་ཤིག་ཡིན། དོན་ངོ་མར་ལྷ་སའི་ནང་ཁུལ་དུ་ལུག་ཚང་ཟེར་བ་ནི་ཁོ་རང་གི་དངོས་མིང་ལས་སྐད་གྲགས་ཆེ་འདུག

སྔོན་མ་ནས་ཡེ་ཤེས་བསྟན་འཛིན་ལགས་ཀྱི་གྲོགས་པོ་བློ་བཟང་གིས་ཚོང་ལས་ཀྱི་ལས་དོན་གཉེར་ནས་ལྷ་སར་བོད་ཀྱི་སློབ་ཆེན་སློབ་མའི་རྩིས་འཕྲུལ་སྡེ་ཁག་ཅེས་པའི་ཚོང་ཁང་བཙུགས་ཡོད། ལྷ་ས་ནས་གྲོགས་པོ་མཉམ་དུ་ཚོང་ལས་ཙག་ཙིག་བྱེད་ཆེད་ཡེ་ཤེས་བསྟན་འཛིན་རྒྱུན་དུ་སྤྱི་སྤྱོད་རླངས་འཁོར་ནང་དུ་བསྡད་ནས་ཆུ་ཤུར་རྫོང་ནས་སྤྱི་ལེ་དྲུག་ཅུ་ཙམ་བརྒལ་ནས་ལྷ་སར་འགྲོ་བཞིན་ཡོད། ཉིན་ཞིག་ཡེ་ཤེས་བསྟན་འཛིན་གྱི་གྲོགས་པོས་ངོ་སྦྱོར་བྱས་པ་ལྟར་ཉི་ཧོང་ནས་ཡིན་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཅིག་བོད་ཡིག་གི་ཡིག་གཟུགས་རྩིས་འཕྲུལ་ནང་དུ་ནང་འཇུག་བྱེད་པར་སླེབས། ཕན་ཚུན་ལ་ཁ་པར་ཨང་གྲངས་སྤྲད་པ་དང་རྗེས་སུ་ཡེ་ཤེས་བསྟན་འཛིན་ལགས་ནི་ཁོ་མོའི་བོད་ཡིག་གི་ཟབ་སྦྱོང་དགེ་རྒན་དུ་གྱུར།

ཉི་ཧོང་བུ་མོའི་བློ་ཡུལ་ལས་འདས་པ་ཞིག་ལ་ཁོ་གཉིས་ངོ་ཤེས་ནས་ཉིན་གཉིས་པར་ཡེ་ཤེས་བསྟན་འཛིན་གྱིས་བོད་ཡིག་གི་ཐོག་ནས་ངས་ཁྱེད་རང་སྣང་བར་འགྲོ་སོང་ཞེས་བྲིས་ནས་བསྐུར། རྗེས་སུ་ཁོ་མོས་བཤད་ན་དེ་ནི་མི་ལ་གུས་ཞབས་མེད་པའི་བྱེད་སྟངས་ཤིག་རེད་ཟེར། དེ་ལྟར་རྒྱུན་དུ་ཁོ་གཉིས་ཀྱིས་བོད་ཡིག་གི་ལམ་ནས་ཕན་ཚུན་གླེང་མོལ་བྱས་པས་བོད་ཡིག་ཡར་རྒྱས་ཧ་ཅང་ཆེན་པོ་སོང་བ་དང་། ཁོ་གཉིས་ཀྱི་གློག་འཕྲིན་ནང་དུ་ཡོད་པའི་ཡིག་བསྐུར་དག་གི་གྲངས་འབོར་ནི་དཔེ་དེབ་ཆེན་པོ་ཞིག་གི་ཚད་ལོན་ཡོད་ཚོད་འདུག རིམ་བཞིན་བོད་ཡིག་གི་ཆུ་ཚད་ཡར་རྒྱས་སོང་བ་དང་ཉི་ཧོང་བུ་མོའི་སེམས་པ་འགུག་ཐབས་མྱུར་དུ་སོང་། ཁོ་མོས་ངའི་ཐོངས་མཆན་དུས་ཚོད་རྫོགས་ལ་ཉེ་བས་ཕྱིར་བསྣུད་བྱས་རྗེས་ལན་སྤྲད་ཆོག་ཅེས་བཤད། རྗེས་སུ་ཁོ་མོའི་ཐོངས་མཆན་ཕྱིར་བསྣུད་བྱེད་ཐུབ་པ་དང་ཡེ་ཤེས་བསྟན་འཛིན་ལགས་དང་དགའ་རོགས་སྒྲིག་རྒྱུ་ཁས་ལེན་བྱས། ལས་དབང་གིས་བཀོད་པ་བཞིན་ཉི་ཧོང་བུ་མོ་ཆུ་ཤུར་རྫོང་ལ་མནའ་མར་སོང་བ་དང་བུ་ཆུང་ཤ་ཚ་མོ་གཉིས་སྐྱེས་ནས་ལུག་ཚང་ཁྱིམ་ཚང་བདེ་སྐྱིད་ངང་འཚོ་གནས་ལ་རོལ། ཡིན་ནའང་ལུག་ཚང་གི་ལས་དོན་ཐད་ལ་ཅི་འདྲ་ཆགས་ཡོད།

ལྷ་སའི་ནང་མིང་ལ་སུང་མེན་ཟེར་བའི་རྒྱ་རིགས་སྐད་གྲགས་ཆེན་པོ་ཞིག་ཡོད་པ་དང་གནའ་བོའི་རིག་གཞུང་དང་འབྲེལ་བའི་ཚོང་ལས་བྱེད་བཞིན་ཡོད། ཁོང་གིས་སྲོལ་རྒྱུན་རིག་གཞུང་སློབ་གསོའི་ཞོལ་འདོད་དཔལ་སྒྱུ་རྩལ་ལྟེ་གནས་ཁང་ཞིག་ཕྱེས་ཡོད། ཞོལ་འདོད་དཔལ་ནི་༧གོང་ས་རྒྱལ་དབང་ལྔ་བ་ཆེན་མོའི་སྐབས་སུ་པོ་ཏྰ་ལའི་ནང་དུ་བཙུགས་པའི་སྲོལ་རྒྱུན་ལག་རྩལ་རིག་གནས་ཤིག་ཡིན། སྔོན་ཆད་ཡིད་དུ་འོང་བའི་རྩ་ཆེན་ཐང་ག་དང་། སྐུ་འདྲ། ཐགས་རིས། སློབ་ཆས་སོགས་མང་པོ་བཟོས་ནའང་ད་ལྟ་མཇལ་རྒྱུ་དཀོན། སུང་མེན་གྱིས་བོད་ཁུལ་དུ་མི་ལོ་ཉི་ཤུ་ལྷག་གི་རིང་ལ་ཕྱག་ལས་གནང་བ་དང་བོད་ཀྱི་རིག་གནས་སྒྱུ་རྩལ་ལ་རྒྱུས་མངའ་ཆེན་པོ་ཡོད་པ་མ་ཟད། ཞོལ་འདོད་དཔལ་ལག་ཤེས་སྒྱུ་རྩལ་སློབ་གླིང་བཙུགས་ནས་ལོ་ལྔ་འགོར་བཞིན་ཡོད། ད་ལྟ་སློབ་ཕྲུག་བརྒྱད་ཅུ་ཡས་མས་ཤིག་ཡོད་པ་དང་སློབ་སྦྱོང་དང་འཚོ་བ་ཡོངས་རྫོགས་སློབ་གྲྭས་འགན་ལེན་བྱས་ཡོད། སུང་མེན་ལགས་ཀྱི་ཚོང་ཁང་གིས་བསགས་པའི་དངུལ་གྱིས་སློབ་ཕྲུག་དང་དགེ་རྒན་ཚང་མ་ལ་སྤྲོ་སྐྱིད་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཡོད། སུང་མེན་ལགས་ཀྱི་དཀའ་ཁག་ཡོད་ཚད་གདོང་ལེན་བྱས་ནས་སློབ་ཕྲུག་ཚོ་ལ་མཐུན་རྐྱེན་གང་ལེགས་སྦྱར་ནས་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་མཁན་ཞིག་སྐྱེད་སྲིང་བྱ་རྒྱུ་དེ་རེད། ཐོག་མའི་དམིགས་ཡུལ་སེམས་ལ་བཟུང་ནས་སློབ་ཕྲུག་ཚོའི་འཚོ་བའི་དཀའ་ཁག་སེལ་རྒྱུ་དང་ཆེད་དམིགས་ཐོག་ས་ཆ་གང་སར་སོང་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གོ་བ་ཟབ་མོ་ཡོད་མཁན་རྣམ་དཔྱོད་ལྡན་པའི་སློབ་ཕྲུག་འཚོལ་བསྡུ་བྱས། ལུག་ཚང་ལགས་ནི་ཁོང་གིས་ཐོག་མར་བཙལ་བའི་བོད་མི་དེ་ཡིན་པ་དང་ཁོང་ལ་ཞོལ་འདོད་དཔལ་ལག་ཤེས་སྒྱུ་རྩལ་སྐོར་གྱི་འདས་པ་དང་མ་འོངས་སོགས་སེམས་ཚོར་ཆེན་པོའི་ཐོག་ནས་གླེང་མོལ་བྱས།

ལུག་ཚང་ལགས་ཀྱིས་ཆུ་ཤུར་སློབ་འབྲིང་གི་སློབ་གསོའི་ལས་དོན་བཞག་ནས་སྐུ་ཞབས་སུང་མེན་ལགས་དང་ལྷན་དུ་ཞོལ་འདོད་དཔལ་ལག་ཤེས་སྒྱུ་རྩལ་ཐད་ནས་ལས་དོན་གཉེར་རྒྱུ་སེམས་ཐག་བཅད། འོན་ཀྱང་ཁོ་ལ་དཀའ་ངལ་ཞིག་ཡོད་པ་ནི་ཁོང་གི་ཕ་ཨེ་པོ་ལ་ཅི་ལྟར་ཞུ་རྒྱུ་དེ་ཡིན། ཕ་རྒན་ཨེ་པོ་ལགས་ལ་མཚོན་ན་དཀའ་ཁག་བརྗོད་ཀྱིས་མི་ལང་གདོང་དུ་བླངས་ནས་རང་གི་གཅེས་ཕྲུག་གསུམ་པོ་སློབ་གྲྭར་བསྐྱལ་བ་དང་ལྕགས་ཕོར་གཞུང་གི་ལས་གནས་ཐོབ་པ་ནི་ཁོང་གི་མི་ཚེའི་རྨི་ལམ་ཡིན། ད་ལྟ་ལུག་ཚང་གིས་གཞུང་གི་ལྕགས་ཕོར་བཞག་ནས་རྒྱུས་མངའ་ཅི་ཡང་མེད་པའི་འཚོ་གནས་ཤིག་བདམས་པ་ནི་ཕ་ཨེ་པོ་མི་འཐད་པ་ཐག་ཆོད་ཡིན། ཨ་ཕས་བུ་ཡེ་ཤེས་བསྟན་འཛིན་གྱི་ཐག་ཆོད་དེ་ཤེས་རྗེས་གདོང་ལ་སེམས་ཁུར་གྱི་རྣམ་པ་ཤུགས་ཆེན་ཐོན་པ་དང་ཉིན་གང་བོར་དབུགས་རིང་འབྱིན། ཨ་ཕ་ཁྱོད་ཀྱིས་རང་གི་བུ་ཡེ་ཤེས་བསྟན་འཛིན་ལ་ཡིད་ཆེས་བྱོས་དང་། ང་སྔར་བཞིན་ཞིང་པ་དཀྱུས་མ་ཞིག་ཏུ་ཆགས་ནའང་ཞིང་པ་བཟང་བོ་ཞིག་བྱེད་རྒྱུ་ཡིན་ཞེས་ལན་བཏབ།

སྐུ་ཞབས་ལུག་ཚང་ངེད་གཉིས་ལོ་མང་པོའི་སྔོན་ནས་ཕན་ཚུན་ངོ་ཤེས་ཡོད་པ་དང་པོད་འཕྲིན་ནས་ཕན་ཚུན་དོ་ཁུར་བྱས་ཡོད། ན་ནིང་གཞི་ནས་ཐོག་མར་ངོ་ཐུག་པ་ཡིན། ངས་ཁོ་ལ་ང་ཁྱོད་ཀྱི་ཕ་རྒན་གྱི་ན་ཚོད་དང་གཅིག་པ་ཡིན་པས་ཁྱེད་རང་ལུག་ཚང་ཞེས་འབོད་ན་དོགས་མི་བདེ་བ་འདུག་ཅེས་བཤད། ཁོང་གད་མོ་ཤོར་ཞོར་དུ་དགེ་རྒན་ལགས་ཁྱེད་ཀྱིས་ངའི་དངོས་མིང་ནས་འབོད་ན་ཆོག་ཅེས་ལན་བཏབ། སྐབས་དེར་ཁོང་གིས་གཞུང་གི་ལས་གནས་བཞག་ཚར་ཡོད་པ་དང་ལྷ་སར་གནས་སྤོར་ནས་ཞོལ་འདོད་དཔལ་ལག་ཤེས་སློབ་གྲྭར་ཞུགས་འདུག དེ་ལྟར་ངེད་གཉིས་འདུ་འཛོམས་འདྲ་མིན་གྱི་ཐོག་ནས་རྒྱུན་དུ་ཐུག་འཕྲད་བྱེད་བཞིན་ཡོད། ལུག་ཚང་ལགས་ཀྱིས་གསུང་དོན་ལ་ངས་རང་གི་ནུས་ཤུགས་དང་། མི་རིགས་ཀྱི་སྟོབས་ཤུགས། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གླིང་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱ་རྒྱུ་ཡིན་ཟེར། ངའི་བསམ་པར་དེ་ནི་དོན་དངོས་དང་ལྡན་པའི་ལུག་ཚང་དཔལ་ཡོན་ཟེར་བ་དེ་རེད་བསམ་སོང་།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese