མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ཐད་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་རྒྱལ་སྤྱིའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ལོའི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པས་རྒྱ་ནག་དང་འབར་མ་སོགས་ཆོས་དད་རང་དབང་ཐད་བློ་འཚབ་ཅན་གྱི་རྒྱལ་ཁབ་ཏུ་བཅུག་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (The United States Commission on International Religious Freedom (USCIRF) ཀྱིས་ཕྱི་ལོ་ ༢༠༢༤ ལོའི་འཛམ་གླིང་གི་ཆོས་དད་རང་དབང་གི་གནས་བབ་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༢༣ ལོའི་ནང་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཡུལ་དེའི་ཆོས་ལུགས་ཁག་རྒྱ་ནག་དམར་ཤོག་རིང་ལུགས་སུ་བསྒྱུར་ཐབས་ཀྱི་སྲིད་ཇུས་ཤུགས་ཆེན་བེད་སྤྱོད་བྱེད་བཞིན་ཡོད་པའི་ཐོག ཁ་ཆེ་དང་ཡི་ཤུའི་ལྷ་ཁང་རྣམས་དེང་རབས་ཅན་དུ་བསྒྱུར་གྱི་ཡོད་ཚུལ་བརྗོད་དེ། ལྷ་ཁང་གཏོར་བཤིག་དང་བཙན་གྱིས་ལྷ་ཁང་གི་བཟོ་བཀོད་སྒྱུར་བཞིན་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་ཤར་ཊུར་ཀི་སི་ཐན་དང་། བོད་ནང་དུ་བཙན་གྱིས་མི་གྲངས་འཕེལ་རྒྱས་ལ་ཚོད་འཛིན་དང་། ཆོས་དང་རིག་གཞུང་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་སྟངས་འཛིན་གྱི་སྲིད་ཇུས་གསར་པ་ཟེར་བ་ལག་བསྟར་བྱས་ཏེ་ཆོས་དད་རང་དབང་ལ་དམ་དྲག་བྱེད་མུས་རེད། ཅེས་སོགས་བཀོད་འདུག
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་ཐབས་དང་དྲག་གནོན་ཤུགས་ཆེན་བྱེད་བཞིན་པའི་སྐོར་འཁོད་པའི་ནང་། རྒྱ་ནག་གི་དཔོན་རིགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་དང་། ཆོས་ཕྱོགས་ཀྱི་བྱ་བ་སྤེལ་བར་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བདག་ཉར་དང་། ཁོང་གི་བཀའ་ཆོས་ལ་ཉན་མཁན་རྣམས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་ལ། རང་ལུས་མེར་སྲེག་མི་གཏོང་བའི་ཆེད་དུ་ཆབ་སྲིད་སློབ་གསོ་གཏོང་གི་ཡོད་པ། དགེ་འདུན་པ་ཁག་ཅིག་བཙོན་ཁང་ནང་དུ་འདས་གྲོངས་སུ་ཕྱིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ། བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། ས་གནས་དཔོན་རིགས་ཁག་ཚོས་ཕ་མ་རྣམས་ཀྱིས་བྱིས་པར་ཆོས་ལུགས་སློབ་ཁྲིད་བྱེད་པར་བཀག་སྡོམ་བྱེད་ཀྱི་ཡོད་པ། གྲྭ་པ་བྱེད་པར་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་ཐད་ལ་ཐེ་ཇུས་བྱེད་ཀྱི་ཡོད་སྐོར་དང་། ཕྱི་ལོ་ ༢༠༢༣ ལོའི་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་ར་ཛེ་ཡ་ (Uzra Zeya) མཆོག་གིས། རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ཚུད་པའི་གྲྭ་པ་མང་པོ་ཞིག་གང་བྱུང་བཙོན་འཇུག་བྱས་ཡོད་སྐོར་དང་། བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་ཤུགས་ཆེན་གཏོང་གི་ཡོད་པ་གསུངས་ཡོད་སྐོར་སོགས་བཀོད་འདུག

ད་དུང་སྙན་ཐོའི་ནང་། རྒྱ་ནག་དམར་ཤོག་སྲིད་གཞུང་གི་མགོ་ཁྲིད་ཞི་ཅིན་ཕིང་དང་། ཝང་ཧུ་ནིང་ (Wang Huning) གིས་ཤར་ཊུར་ཀི་སི་ཐན་ནང་གི་ཁ་ཆེའི་ཆོས་ལུགས་མུ་མཐུད་དུ་རྩ་མེད་གཏོང་སླད་དྲག་གནོན་གྱི་སྲིད་ཇུས་ཤུགས་ཆེན་སྤེལ་རྒྱུའི་ཁས་བླངས་པ་གཞིར་བཟུང་། རྒྱ་ནག་གི་དཔོན་རིགས་ཚོས་ཡུ་གུར་བ་མུ་མཐུད་དུ་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་བཞིན་ཡོད་སྐོར་དང་། བཙོན་འཇུག་བྱས་པའི་མི་དེ་དག་བཙོན་ཁང་དུ་ནད་པ་ཚབས་ཆེན་ཆགས་པ་དང་། ཁག་ཅིག་བཙོན་ཁང་ནང་དང་བཙོན་ཁང་ནས་ཀློད་གྲོལ་་བཏང་རྗེས་སུ་འདས་གྲོངས་སུ་ཕྱིན་པའི་གནས་སྟངས་སོགས་གསལ་འདུག རྒྱ་གཞུང་གིས་ཡུ་གུར་བ་རྣམས་བཙན་གྱིས་ངལ་རྩོལ་སྒྱུར་བཀོད་ཀྱི་ལས་ཀ་བྱེད་དུ་འཇུག་བཞིན་ཡོད་པ་མ་ཟད། ལྟ་སྲུང་ནན་མོ་བྱས་ཏེ་ཆོས་ཕྱོགས་ཀྱི་བྱ་སྤྱོད་སྤེལ་བར་བཀག་སྡོམ་སོགས་བྱེད་ཀྱི་ཡོད་ལ། ཁ་ཆེ་སོགས་ལའང་དྲག་གནོན་བྱེད་ཀྱི་ཡོད་སྐོར་སོགས་གསལ་འདུག

ད་ལན་གྱི་སྙན་ཐོའི་ནང་། རྒྱ་ནག་དང་བྱང་ཀོ་རི་ཡ། རྒྱ་གར། ཨབ་གྷ་ནི་སི་ཐན། ཨི་རན། ཨུ་རུ་སུ། པ་ཀི་སི་ཐན་ཚུད་པའི་རྒྱལ་ཁབ་ ༡༧ ཆོས་དད་རང་དབང་ཐད་བློ་འཚབ་ཅན་གྱི་རྒྱལ་ཁབ་ཀྱི་ཐོ་གཞུང་ནང་བཅུག་འདུག་ལ། ཨིན་ཌོ་ནེ་ཤི་ཡ་དང་ཀ་ཛག་ཀི་སི་ཐན་ (Kazakhstan)། སིངྒ་ལ། ཨི་རག་ཚུད་པའི་རྒྱལ་ཁབ་ ༡༡ ཆོས་དད་རང་དབང་ཐད་དམིགས་བསལ་ལྟ་ཞིབ་བྱ་དགོས་པའི་རྒྱལ་ཁབ་ཀྱི་ཁོངས་སུ་བཅུག་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese