མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་འཐུས་མི་༡༤ ཡིས་སྲིད་འཛིན་མ་ཥི་རོན་ལ་ཕུལ་བའི་ཞུ་ཡིག

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

༄༅། །ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Jacqueline Eustache Brinio མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་ ༡༤ ཐུན་མོང་གི་མཚན་ཐོག་ནས། བོད་དོན་སྙན་ཞུའི་ཡི་གེ་ཞིག་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢ ཉིན་སྲིད་འཛིན་མ་ཥི་རོན་མཆོག་ལ་བསྐུར་འདུག ཕྱག་བྲིས་ཀྱི་ནང་དོན་གཙོ་བོ་ཧྥ་རན་སིའི་སྲིད་འཛིན་མ་ཥི་རོན་མཆོག་དང་། རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་རྣམ་གཉིས་བར་གྱི་གཞུང་འབྲེལ་གྲོས་མོལ་གྱི་མཛད་རིམ་ནང་བོད་དོན་ངེས་པར་དུ་ཚུད་ཐུབ་པར་བྱེད་དགོས་ཞེས་འཁོད་འདུག

སྙན་ཞུའི་ནང་དོན་ཧྲིལ་བོ་གཤམ་གསལ་ལྟར།

     “༄༅། །མཚུངས་མེད་དཔལ་ལྡན་སྲིད་འཛིན་མཆོག་གི་དྲུང་དུ་

                                                            ཆེད་ཞུ།  

                                                            སྤྱི་ཟླ་ ༥ པའི་ཚེས་ ༦ ནས་ ༧ སྟེ་ཉིན་གཉིས་ཀྱི་རིང་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སི་ལ་གཞུང་འབྲེལ་རྒྱལ་དོན་འཚམས་འདྲིར་ཡོང་རྒྱུ་ཡིན་སྟབས།  ཞི་ཅིན་ཕིང་གི་ཡུ་རོབ་ནང་གི་འཚམས་འདྲི་འདི་ཕྱི་ལོ་ ༢༠༡༩ནས་བརྩིས་ན་ཐེངས་དང་པོར་གྱུར་ཡོད། ད་ཐེངས་སྲིད་འཛིན་ཞི་ཧྥ་རན་སིར་འཚམས་འདྲི་ཡོང་དོན་གཅིག་ནི། ཧྥ་རན་སི་དང་རྒྱ་ནག་གཉིས་ཀྱི་བར་ཕྱི་སྲིད་འབྲེལ་ལམ་དབུ་བརྙེས་ནས་ལོ་ངོ་ ༦༠ ཐམ་པ་འཁོར་བའི་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་བྱ་རྒྱུ་ཆེད་དུ་རེད།

དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས་སུ་ནམ་རྒྱུན་ལྟར་དཔལ་འབྱོར་གྱི་གནད་དོན་གླེང་རྒྱུ་ཡིན་པ་སྨོས་མེད་ཁར།  བརྗོད་གཞི་གཞན་དག་སྟེ་རྒྱལ་སྤྱི་དང་མངའ་ཁུལ་རང་བཞིན་གྱི་གནད་དོན་ཏེ། དཔེར་ན། ཡུ་ཁུ་རན་ནང་གི་དམག་འཁྲུག་དང་། དཀྱིལ་ཤར་ཡུལ་གྲུར་ཨི་ཟི་རེལ་དང་ཧཱ་མ་སིའི་བར་གྱི་འཁྲུག་རྩོད།  དེ་ནས་ཨི་ཟི་རེལ་དང་ཨི་རན་གཉིས་བར་གྱི་དངངས་འཚབ། འཛམ་གླིང་ནང་གནམ་གཤིས་ཚ་དྲོད་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་སོགས་སྲིད་འཛིན་མ་ཥི་རོན་མཆོག་ནས་སྲིད་འཛིན་ཞི་དང་ལྷན་དུ་གླེང་སློང་བྱེད་དགོས་པའི་གནད་དོན་དུ་གྱུར་ཡོད། དེའི་ཁར་གླེང་སློང་བྱེད་དགོས་པ་གཞན་ཞིག་ནི། ཐབས་ཇུས་ཐད་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་བོད་ནང་གི་གནས་བབ་སྐོར་ཆགས་ཡོད།

གང་ཡིན་ཟེར་ན། ནམ་རྒྱུན་རྒྱ་གཞུང་གིས་བོད་དོན་ཐོག་ལོག་འགྲེལ་དང་། བོད་གནས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་གང་བྱས་ལ་མ་ལྟོས་པར། རྒྱ་བོད་གཉིས་དབར་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་སེལ་མ་ཐུབ་པའི་རྩོད་རྙོག་དེ་ནི། རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་རྩ་བ་ཉིད་ནས་མིན་པ་ང་ཚོས་གསལ་བོར་ཤེས་རྟོགས་བྱེད་ཐུབ། འོ་ན་རྒྱ་བོད་གཉིས་བར་གྱི་རྩོད་རྙོག་མུ་མཐུད་དེ་དེ་ལྟར་ལྷག་པ་ཡིན་ན་རྒྱལ་སྤྱི་དང་མངའ་ཁུལ་བཅས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་སླེབ་ཉེན་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ལ་ཡང་དོ་ཕོག་ཚབས་ཆེན་ཡོང་ཉེན་ཆེ། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པས། བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཁག་ལ་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མཇུག་འབྲས་ངན་པ་འབྱུང་ངེས་ཡིན། གཤམ་དུ་བོད་ཀྱི་ལོ་རྒྱུས་གལ་ཆེའི་གནས་ཚུལ་ཁག་རགས་རིམ་ཙམ་བརྗོད་ན།   ང་ཚོས་གླེང་བཞིན་པའི་བོད་དེ་ནི་ས་ཁམས་ཀྱི་ཆ་ནས་བཤད་ན། ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་ ༢ དང་འབུམ་ ༥ ཡོད་པས། དེང་གི་ཧྥ་རན་སིའི་རྒྱ་ཁྱོན་གྱི་ལྡབ་ལྔ་ཡོད་ལ།

པེ་ཅིན་དང་ལྡི་ལེ་གསར་བ་གཉིས་བར་གྱི་འབྲེལ་ལམ་དེ་ཡང་ཧ་ཅང་གི་གཉན་འཕྲང་ཅན་ཞིག་ཏུ་ལྷུང་ནས་བསྡད་ཡོད།   རྒྱལ་ཁབ་དེ་གཉིས་ཀྱི་ས་མཚམས་སྤྱི་ལེ་སྟོང་ཕྲག་འགའི་ཐད་ལ་འཁྲུག་རྩོད་བྱུང་དང་འབྱུང་བཞིན་ཡོད་ལ།

 མཐོ་སྒང་གི་བོད་ནི་གཏེར་རྫས་སྣ་ཚོགས་ཡོད་སའི་ས་ཆ་ཞིག་ཡིན་སྟབས།   དཔེར་ན་མཚུར་(chromoe) དང་། ལྕགས། ཟངས། གསེར། དངུལ། ལི་ཐི་ཡམ་ལ་སོགས་པའི་གློག་རྫས་བཟོ་བྱེད་ཀྱི་རྒྱུ་ཆ་སོགས་གཏེར་ཁ་གང་ཐུབ་སྔོག་འདོན་བྱེད་བཞིན་ཡོད།

རྒྱ་གཞུང་གིས་བོད་ནང་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པའི་རྐྱེན་གྱིས་འགྲོ་བ་མིའི་སྡེ་ཚོགས་ཙམ་དུ་མ་ཟད། རང་བྱུང་ཁོར་ཡུག་ལ་ཡང་མཇུག་འབྲས་ངན་པ་ཚབས་ཆེན་འཕོག་རྒྱུ་ཡིན་པ་སྨོས་མ་དགོས།

གོང་སྨོས་ཀྱི་གནས་ཚུལ་ཚབས་ཆེན་དག་མཁྱེན་གསལ་ཐོག་ནས། ཁོར་ཡུག་ཞིབ་འཇུག་པ་ཚོས། བོད་ནི་འཛམ་གླིང་གི་ས་སྣེ་གསུམ་པར་ངོས་འཛིན་གནང་ཡོད་ལ་ཨེ་ཤ་ཡའི་ཆུ་མཛོད་ཀྱི་མཁར་ཆེན་ཞེས་མིང་ཡང་བཏགས་ཡོད།  བོད་དང་ཧི་མ་ལ་ཡའི་རི་རྒྱུད་ནས་བཞུར་བཞིན་པའི་ཆུ་ཕྲན་དང་། རྒྱུག་ཆུ་གཙང་བོ་ཐམས་ཅད་ཚད་འཇལ་བའི་དབང་དུ་བཏང་ན། འཛམ་གླིང་གི་འཐུང་ཆུའི་ལྔ་ཆ་གཅིག་བོད་ནས་བཞུར་བཞིན་པའི་འཐུང་ཆུ་ཡིན་འདུག་ཅིང་།  བོད་ནང་དུ་ཆགས་ཡོད་པའི་འཁྱགས་རོམ་ཞུ་བ་ལས་གྲུབ་པའི་གཙང་བོ་ཁ་ཤས་ཨེ་ཤ་ཡའི་ལྷོ་དང་ལྷོ་ཤར་ཡུལ་གྲུ་ཁག་ཏུ་བཞུར་དང་བཞུར་མུས་ཡིན། དཔེར་ན། ཁམ་བྷོ་ཌི་ཡ་དང་། བལ་ཡུལ། རྒྱ་གར། རྒྱ་ནག ལའོ་སི།ཕ་ཀི་སི་ཐན། ཐེ་ལན་ཊི། ཝེ་ཐེ་ནམ་བཅས་སུ་རེད།  

མི་འབོར་གྱི་ཆ་ནས་བལྟས་ན། འགྲོ་བ་མི་དུང་ཕྱུར་ ༡༨ ཙམ་གྱི་འཐུང་ཆུ་བོད་ནས་འབྱུང་བཞིན་པའི་འཐུང་ཆུར་གྱུར་ཡོད། འོན་ཀྱང་།རྒྱ་ནག་གཞུང་གིས་གཙང་བོའི་ཁ་ཕྱོགས་གཞན་བསྒྱུར་གྱིས་ལས་གཞི་ཁག་ལག་བསྟར་བྱས་དང་བྱེད་བཞིན་པ་སྟེ། གཙང་བོ་དེ་ཚོའི་བཞུར་རྒྱུན་དུ་ཆུ་རགས་གང་མང་འཛུགས་སྐྲུན་བྱས་ཏེ་གློག་ཁང་མང་བོ་བརྒྱབ་ཡོད་པའི་རྐྱེན་སོགས་ཀྱིས། གཤམ་འོག་ཏུ་གནས་པའི་ཡུལ་ལུང་ཁག་ཏུ་འགྲོ་བ་མི་ས་ཡ་མང་བོར་འཐུང་ཆུར་འབགས་བཙོག་ཤོར་ནས་རང་བྱུང་ཁོར་ཡུག་ལ་མཇུག་འབྲས་ངན་པ་ཐོན་དང་འཐོན་བཞིན་ཡོད་ལ།

དེང་སང་འཛམ་གླིང་ནང་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་བརྟེན་ནས་ཤར་གླིང་ཨེ་ཤ་ཡའི་རྒྱལ་ཁབ་ཚོའི་དབར་ས་རྩོད་དང་ཆུ་རྩོད་ཀྱི་ཕན་ཚུན་དངངས་འཚབ་ཤུགས་ཆེ་རུ་ཡོང་ཉེན་ཆེ། དེར་བརྟེན། བོད་ཀྱི་གནད་དོན་གྱི་རིན་ཐང་ནི་ཨེ་ཤ་ཡའི་དབུས་སུ་ཡོད་པའི་སྲོག་སྙིང་ལྟ་བུར་གྱུར་ཡོད། གང་ཡིན་ཟེར་ན།  བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ནི། རྒྱ་གར་དང་། བལ་ཡུལ། འབྲུག ཕྱི་སོག ར་ཤི་ཡའི་མངའ་སྡེ་ཁ་ཤས་བཅས་ནང་ལ་ཁྱབ་ཡོད།  

ཕྱི་ལོ་ ༢༠༢༥ ལོར་ ༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༩༠ ཐམ་པར་ཕེབས་ཀྱིན་ཡོད་ནའང་། ཁོང་ཉིད་འཛམ་གླིང་སྤྱིའི་ཞི་བདེའི་དེད་དཔོན་དང་། སྒོས་སུ་ཨེ་ཤ་ཡའི་མི་འབོར་ས་ཡ་མང་བོར་སྙིང་སྟོབས་འདྲེན་མཁན་གྱི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད།  

ཞི་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་གྱུར་པ་ནས་བཟུང་། བོད་ནང་གི་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་གི་ཛ་དྲག་ཏུ་གྱུར་ཡོད། བོད་མི་ཚོར་རིག་གཞུང་དང་ཆོས་དད་རང་མོས་ཀྱི་རང་དབང་དང་།  མི་མང་འདུ་འཛོམས་ཀྱི་རང་དབང་།  སྨྲ་བརྗོད་རང་དབང་བཅས་ཀྱི་ཐོག་དམ་དྲག་ཚད་ལས་བརྒལ་བ་བྱས་པར་མ་ཟད།

བོད་ནང་གི་དམིགས་བསལ་ཛ་དྲག་གི་གནས་ཚུལ་གཞན་པ་ཞིག་འཐོན་བཞིན་པར་གཞིགས་ན། བོད་ཕྲུག་ས་ཡ་གཅིག་ལྷག་སོ་སོའི་ཕ་མ་དང་ཁ་ཕྲལ་ཏེ། ཕ་མེས་ཡང་མེས་ནས་བརྒྱུད་པའི་བོད་ཀྱི་རིག་གཞུང་དང་། སྐད་ཡིག་བཅས་བེད་སྤྱོད་ཀྱི་ཁོར་ཡུག་མེད་པར་བོད་ཕྲུག་ཚོ་རྒྱ་ཧན་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་བརྒྱུད་ནས་སློབ་གསོ་གོ་སྒྲིག་བྱེད་བཞིན་ཡོད།  

འདི་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་རྒྱ་བསྒྱུར་གྱི་སློབ་གསོའི་སྲིད་ཇུས་དེའི་འོག་བོད་མིའི་ངོ་བོ་ངོ་མ་གང་ཡིན་དང་།  བོད་རང་གི་རིག་གཞུང་དེ་བོད་མི་ཚོར་རང་དབང་རང་མོས་ཀྱིས་འཛིན་སྐྱོང་སྤེལ་གསུམ་གྱི་མཐུན་རྐྱེན་མེད་པར་བཟོས་ཏེ། བོད་ཀྱི་རིག་གཞུང་གནས་ཐུབ་མིན་གྱི་ཉེན་ཚབས་ནང་ལྷུང་དུ་བཅུག་ཡོད།

སྤྱིར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་གཞི་ཁག་དང་།  སྒོས་སུ་རྒྱ་གཞུང་གིས་བོད་མི་དམངས་ཀྱི་ཐོབ་ཐང་ཁག་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་དེར།ཧྥ་རན་སི་དང་ཡུ་རོབ་མནའ་འབྲེལ་གྱི་དབུ་ཁྲིད་རྣམ་པ་ཚོའི་ངོས་ནས། ལེགས་སྤེལ་ཉེས་འགོག་གི་སྐབས་དང་དུས་སུ་སྐྱོན་བརྗོད་ཤུགས་ཚད་ལྡེང་ངེས་ཞིག་བྱེད་ཐུབ་མེད་པར་བརྟེན་ནས་བྱུང་བ་ཞིག་ཀྱང་རེད་སྙམ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ནི་ཨེ་ཤ་ཡའི་ལྷོ་མ་དང་། ལྷོ་ཤར་ཨེ་ཤ་ཡ་བཅས་སུ་ཆགས་པའི་རྒྱལ་ཁབ་ཁག་གི་མངའ་ཁུལ་གྱི་གནས་བབ་བརྟན་བརླིང་དང་། ས་ཁུལ་དེ་ཚོར་ཞི་བདེ་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པར་འདོད།  

 ས་བབ་ཀྱི་ཆ་ནས་བལྟས་ན། བོད་ནི་ཨེ་ཤ་ཡའི་ཤར་དང་ལྷོ་མའི་རྒྱལ་ཁབ་ཚོའི་དབར་གྱི་སྒོ་ལམ་ལྟ་བུ་ཡིན་སྟབས། བོད་ཀྱི་གནད་དོན་ནི་འཐབ་ཇུས་རང་བཞིན་གྱི་དོན་གནད་གལ་ཆེན་ཞིག་ཏུ་གྱུར་ཡོད།  ཨེ་ཤ་ཡར་ཕུགས་རྒྱང་རིང་བོར་གནས་ཐུབ་པའི་ཞི་བདེ་ཞིག་དང་། མངའ་ཁུལ་ལ་གནས་བབ་བརྟན་བརླིང་ཞིག་ཡོང་དགོས་ཚེ། རྒྱ་བོད་གཉིས་བར་གྱི་རྩོད་རྙོག་དེ་འཚེ་མེད་ཞི་བའི་སྒོ་ནས་ཕན་ཚུན་གྲོས་མོལ་གྱིས་སེལ་དགོས་པའི་གནད་དོན་ལ་ཐུག་ཡོད།  

འདིའི་ཐད་ཕྱི་ལོ་ ༡༩༨༧ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། ཡུ་རོབ་གྲོས་ཚོགས་སུ་བཏོན་པའི་རྒྱ་བོད་གཉིས་བར་གྱི་རྩོད་རྙོག་སེལ་ཕྱིར་ཞི་བའི་དོན་ཚན་ལྔ་ཞེས་པའི་ཁོང་གི་འཆར་སྣང་དེ་ངོ་སྤྲོད་མཛད་ཡོད།  

ཁོང་གི་འཆར་སྣང་དེར་གཞིགས་ན། འབྱུང་འགྱུར་གྱི་བོད་དེ་ནི་རྒྱ་དཀར་ནག་གཉིས་བར་དུ་གནས་པའི་འཚེ་མེད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་ཐབས་གནང་རྒྱུ་དེ་རེད་ལ། བོད་མི་ཚོར་དམངས་གཙོ་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་བཅས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་།  བོད་ཀྱི་ཁོར་ཡུག་ལ་ཡང་སྲུང་སྐྱོབ་ཐུབ་པ་བྱ་རྒྱུ་བཅས་རེད།  དེར་བརྟེན། མ་མཐར་མ་འོངས་བོད་ཀྱི་ཕུགས་རྒྱང་གི་གནས་བབ་དང་རྒྱ་བོད་གཉིས་བར་གྱི་འབྲེལ་ལམ་གྱི་ངོ་བོ་དང་ཁ་ཕྱོགས་གང་དགོས་མིན་ཐད་རྒྱ་བོད་ཕན་ཚུན་གྲོས་མོལ་གྱི་སྒོ་མོ་ཕྱེ་དགོས། སྤྱིར་ཤར་གླིང་ཨེ་ཤ་ཡའི་མངའ་ཁུལ་ཁག་ཏུ་རྣོ་ངར་ལྡན་པའི་དཀའ་རྙོག་མང་བོ་ཡོད་པའི་ཁྲོད་ནས་བོད་རྒྱ་གཉིས་བར་གྱི་དཀའ་རྙོག་སེལ་བར་ཐབས་ལམ་ཡག་ཤོས་ནི། ༧གོང་ས་ཏཱ་ལའི་བླ་མས་བཏོན་པའི་གོང་སྨོས་ཀྱི་ཞི་བའི་དོན་ཚན་ལྔའི་འཆར་སྣང་ལ་གཞི་བཅོལ་ན་འོས་ཤིང་འཚམས་པར་མཐོང་།ཨེ་ཤ་ཡའི་མངའ་ཁུལ་ནང་བོད་ནི་འཐབ་ཇུས་ཐོག་ཧ་ཅང་གི་གལ་གནད་ཆེ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་སྟབས། ང་ཚོ་ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པས།

དེ་ལྟར་དུ་ངོས་འཛིན་ཡོད་མུས་ཐོག །དཔལ་ལྡན་ཧྥ་རན་སིའི་སྲིད་འཛིན་མ་ཥི་རོན་སྐུ་ཉིད་ཀྱི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཉམ་དུ་གཞུང་འབྲེལ་གྲོས་མོལ་གྱི་བརྗོད་གཞིའི་ཁོངས་སུ་བོད་དོན་ཅི་ནས་ཀྱང་ཚུད་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་དང་།

གང་མགྱོགས་རྒྱ་བོད་དབར་གྱི་གྲོས་མོལ་བསྐྱར་གསོ་དང་བོད་མི་དམངས་ཀྱི་ཐོབ་ཐང་ཁག་བརྩི་སྲུང་ཡོང་ཐབས་ཀྱི་གནད་དོན་འདི་གཉིས་ཧྥ་རན་སིས་རྒྱ་ནག་ལ་བཟུང་བའི་འཐབ་ཇུས་ལྡན་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྙིང་དབུས་སུ་ཅི་ནས་ཀྱང་འཇོག་རོགས་ཞུ། མཐའ་དོན། ང་ཚོ་ཧྥ་རན་སིའི་མི་དམངས་ཀྱི་སྲིད་འཛིན་མཆོག་གི་ངོས་ནས།གོང་ཞུས་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་བརྟན་པོ་ཁ་གསལ་ཞིག་གནང་རྒྱུ་རེ་འདུན་ཞུ་བཞིན་ཡོད།”ཅེས་ལྕམ་སྐུ་ Jacqueline Eustache Brinio གཙོས་པའི་བཀུར་འོས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་བཅུ་བཞི་ཡིས་མཚན་རྟགས་མཉམ་བཀོད་ཀྱིས་སྲིད་འཛིན་མ་ཥི་རོན་མཆོག་ལ་ཕུལ་བའི་བོད་དོན་སྙན་ཞུ་ཞིག་རེད་འདུག།

རྩོམ་ཡིག་འདི་ཧྥ་ཡིག་ནས་བོད་ཡིག་ལ་ཕབ་སྒྱུར་བྱེད་མཁན་ཧྥ་རན་སིར་གནས་སྡོད་བོད་མི་མང་ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

༢༠༢༥/༡༠/༡༣
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

༢༠༢༥/༡༠/༡༣
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese