མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་ཁྲོད་བོད་ཀྱི་བུད་མེད་མཁའ་དམག་གནམ་གྲུ་གཏོང་མཁན་དང་པོ།

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་རྣམ་རྒྱལ་གྱིས་བསྒྱུར།

བོད་ཀྱི་བུད་མེད་སྐལ་བཟང་དཔལ་སྒྲོན་ལགས་ཀྱིས་རྒྱ་ནག་བཅིངས་འགྲོལ་དམག་ནང་ལྕགས་ཁྲབ་འཐབ་འཁོར་དང་དམག་གི་གྲུ་གཟིངས་བཏང་མྱོང་ཡོད་པ་མ་ཟད། མེ་ཤུགས་འཕུར་མདའི་ལས་དོན་ཚན་པའི་ནང་དུའང་ལས་ཀ་བྱེད་མྱོང་ཡོད་འདུག ད་ལྟའི་ཆར་ཁོང་མོ་རྒྱ་ནག་བཅིངས་གྲོལ་མཁའ་དམག་གི་འཐབ་འཁྲུག་གནམ་གྲུའི་ཁ་ལོ་བ་ཞིག་ཡིན་འདུག

སྐལ་བཟང་དཔལ་སྒྲོན་གྱིས་མཁའ་དམག་གནམ་གྲུའི་ཁ་ལོ་བའི་སྒྲིག་ཆས་གྱོན་ཏེ་འཕུར་སྐྱོད་ལ་གྲ་སྒྲིག་བྱེད་བཞིན་པ། དྲ་ལམ་གྱི་པར།

རང་ལོ་ ༢༣ ལྷག་ལས་སོན་མེད་པའི་སྐལ་བཟང་དཔལ་སྒྲོན་ལགས་ནི་ཕྱི་ལོ་ ༢༠༠༠ ལོར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ནང་སྐྱེས་ཤིང་ཆུང་དུས་ས་གནས་སུ་སློབ་ཆུང་འགྲིམས། དམའ་འབྲིང་གི་སྐབས་སུ་ཕ་ཡུལ་བོད་ནས་རྒྱ་ནག་པེ་ཅིན་དུ་ཕྱིན། དེ་ཡང་ཕྱི་ལོ་ ༡༩༨༤ ལོ་ཙམ་ནས་བཟུང་རྒྱ་ནག་གཞུང་གིས་པེ་ཅིན་དང་ཐེན་ཅིན། ཧྲང་ཧེ། ཧུའུ་པེ། ལོའུ་ལིན། ཅང་སུའུ། ཀྲི་ཅང་། ཧྥུ་ཅན། ཧྲན་ཏུང་། ཧའེ་ནན། ཧུའུ་ནན། ཧུའུ་པའེ། ཀང་ཏུང་། སི་ཁྲོན། ཧྲན་ཞི། ཁྲུང་ཆིན་སོགས་ཞིང་ཆེན་དང་གྲོང་ཁྱེར་ ༡༦ ཏུ་བོད་ལྗོངས་འཛིན་གྲྭའམ་སློབ་འབྲིང་ཞེས་པ་བཙུགས་ཏེ། བོད་ཁུལ་གྱི་བྱིས་པ་ཁྲི་ ༡༤ ལྷག་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཁྲིད་ཕྱིན་ཡོད་པ་ལྟར། སྐལ་བཟང་དཔལ་སྒྲོན་ལགས་ཀྱང་བོད་མཐོ་སྒང་གི་གྲོང་ཁྱེར་ལྷོ་ཁ་ནས་པེ་ཅིན་བོད་ཀྱི་སློབ་འབྲིང་དུ་བཅུག་འདུག ཕྱི་ལོ་ ༢༠༡༧ ལོར་ཁོང་མོ་སློབ་འབྲིང་དེར་ཡོད་སྐབས། སློབ་ཕྲུག་རྒན་པ་ཁག་ཅིག་ལ་མཁའ་དམག་གནམ་གྲུའི་རིག་རྩལ་མཐོ་སློབ་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད་པ་ཤེས་རྗེས། བུ་མོ་ཆུང་ཆུང་དེའི་སེམས་སུ་ནམ་ཡང་འགྲུབ་མི་ཐུབ་པ་ལྟ་བུའི་རྨི་ལམ་ཞིག་བྱུང་།

སྐལ་བཟང་དཔལ་སྒྲོན་ལགས་དང་ཁོང་མོའི་ཕ་མ་གཉིས།

སྐལ་བཟང་ལགས་ཀྱིས། མཁའ་དམག་གནམ་གྲུའི་ཁ་ལོ་བ་ནི་རྒྱལ་ཁ་ཞིག་ཡིན་པ་དང་། ང་རང་མཁའ་དམག་གནམ་གྲུའི་ཁ་ལོ་བ་བྱེད་འདོད་ཡོད་ལ། ཕ་ཡུལ་གྱི་གནམ་སྔོན་པོའང་སྐྱོབ་ཐུབ། ཡིན་ནའང་ང་རང་བུ་མོ་དཀྱུས་མ་ཞིག་ཡིན་པའི་ཆ་ནས་རེ་བ་དེ་ནི་ཐག་རིང་གི་རྨི་ལམ་ལྟ་བུ་ཞིག་རེད། ཅེས་བརྗོད་འདུག་ལ། རྒྱ་ནག་གི་བུད་མེད་མཁའ་སྐྱོད་པ་ཐེངས་དང་པོར་གྲགས་པའི་ལིའུ་ཡང་ (Liu Yang) དང་ཝང་ཡ་ཕིང་ (Wang Yaping)གཉིས་ཀྱིས་ཁོ་མོའི་རྨི་ལམ་ལ་གསོན་ཤུགས་རྒྱས་སུ་བཅུག་པར་བཤད།

ཕྱི་ལོ་ ༢༠༡༩ ལོར་སྐལ་བཟང་དཔལ་སྒྲོན་གྱི་རྒན་ལགས་ཀྱིས། ཅི་ལིན་ཞིང་ཆེན་གྱི་ཁྲང་ཁྲུན་ (changchun) གྲོང་ཁྱེར་དུ་ཡོད་པའི་མཁའ་དམག་གནམ་གྲུའི་མཐོ་རིམ་སློབ་གཉེར་ཁང་གིས། བུད་མེད་མཁའ་དམག་གནམ་གྲུའི་ཁ་ལོ་བ་བསྡུ་བའི་གསལ་བསྒྲགས་ཤིག་ཡོད་སྐོར་བཤད་དེ། དོ་དབྱིངས་ཡོད་པའི་སློབ་ཕྲུག་རྣམས་ཀྱིས་ཐོ་འགོད་བྱ་དགོས་པའི་སྐུལ་མ་བཏང་། སྐབས་དེར་སྐལ་བཟང་དཔལ་སྒྲོན་ལགས་ཀྱིས་ལམ་སེང་ཕ་མ་གཉིས་ལ་དམག་སྦྱོང་དེའི་ནང་ཞུགས་ན་ཆོག་མིན་དྲིས་པར་ཕ་མ་གཉིས་ཀྱིས་མོས་མཐུན་གནང་བ་མ་ཟད། མཉམ་ཞུགས་བྱེད་དགོས་པའི་སྐུལ་མ་གནང་། སྐལ་བཟང་ལགས་དགའ་ཐག་ཆོད་དེ་རྒན་ལགས་ཀྱི་སར་ཕྱིན་ནས་ཐོ་འགོད་བྱ་རྒྱུ་ཡིན་ལ། སྔོན་འགྲོའི་ཡིག་རྒྱུགས་ལ་གྲ་སྒྲིག་བྱ་རྒྱུ་ཡིན་པའི་སྐོར་ཡང་བཤད།

ལོ་དེའི་འདེམས་རྒྱུགས་ཁྲོད་རྒྱ་ནག་རྒྱལ་ཡོངས་ཀྱི་གཞོན་སྐྱེས་སློབ་མ་བུ་མོ་ ༢༠༠ ལྷག་མཉམ་ཞུགས་བྱས་ཡོད་པའི་ཁྲོད་ནས་བུ་མོ་ ༤༠ འདེམས་སྒྲུག་བྱས་ཡོད་པ་དང་། སྐལ་བཟང་དཔལ་སྒྲོན་ལགས་ཀྱིས་དེ་རུ་ཡིག་རྒྱུགས་ཆ་ཚང་འཕྲོད་པ་མ་ཟད། རྒྱལ་སྤྱིའི་མཐོ་སློབ་ཀྱི་འཛུལ་ཞུགས་ཡིག་རྒྱུགས་ནང་དུའང་ཨང་རིམ་མཐོ་བོ་བླངས་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་སྐལ་བཟང་ལགས་དམག་དོན་གནམ་གྲུའི་མཐོ་སློབ་ཏུ་ཚུད།

མཁའ་དབྱིངས་སུ་འཕུར་བཞིན་པའི་སྐལ་བཟང་དཔལ་སྒྲོན།

སྐལ་བཟང་དཔལ་སྒྲོན་ལགས་ཀྱིས། ད་ལྟ་ང་རང་ལ་གཤོག་པ་ཡོད། མཁའ་དམག་གནམ་གྲུའི་ཁ་ལོ་བའི་ཡིག་རྒྱུགས་འཕྲོད་དེ། ཉིན་གཅིག་ང་རང་མཁའ་དམག་གནམ་གྲུའི་ཁ་ལོ་བ་ཆགས་རྒྱུའི་ཕུགས་འདུན་འགྲུབ་པར་ཐག་ཉེ་རུ་ཕྱིན་སོང་། ཞེས་བརྗོད་འདུག་ལ། ཁོང་མོ་ནི་རྒྱ་ནག་གི་མཁའ་དམག་གནམ་གྲུའི་སྐོར་སློབ་སྦྱོང་བྱེད་མཁན་བོད་རིགས་བུད་མེད་དང་པོ་དེ་ཆགས་ཡོད་པ་རེད།

བཙན་བྱོལ་བོད་མིའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་ལུང་ག་གེ་མོའི་གནམ་གྲུའི་ཁ་ལོ་བ་དང་ལག་རོགས། ཞབས་ཕྱི་བ་སོགས་གནང་མཁན་གང་ཙམ་རེ་ཡོད་སྐོར་གོ་ཐོས་བྱུང་ཡང་། འཛམ་གླིང་གི་མི་འབོར་མང་ཤོས་གཉིས་པ་དང་གྲངས་ཉུང་མི་རིགས་ཞེས་དམའ་འབེབ་དང་མཐོང་ཆུང་བྱེད་སའི་བོད་ཀྱི་བུ་མོ་ཞིག་རྒྱའི་མཁའ་དམག་གནམ་གྲུའི་ཁ་ལོ་བ་ཞིག་ཏུ་གྱུར་བ་ནི་བོད་མི་རིགས་ཀྱི་སྤོབས་པ་ཡིན་ཆོག་ངེས་རེད།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese