མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གྱི་རྟིང་རྩོད་འགྲན་སྡུར་ལ་རྙོག་གླེང་བྱུང་སྟེ་འཕར་འགྱངས་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་གྱི་ཉིན་མཐའ་མར་དྷ་སའི་རྩེད་འགྲན་པ་གཅིག་ལ་བོད་མིའི་དཔྱ་ཁྲལ་ལག་དེབ་ཡོད་མེད་ཀྱི་རྩོད་གླེང་བྱུང་སྟེ་རྟིང་རྩོད་འགྲན་སྡུར་འཕར་འགྱངས་གནང་དགོས་བྱུང་སོང་།

ཧོན་སུར་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༩ པའི་ཉིན་མཐའ་མ། ༢༠༢༤།༠༥།༢༨ ཐད་གཏོང་གི་བརྙན་པར།

ཟླ་འདིའི་ཕྱི་ཚེས་ ༡༥  ནས་ ༢༨  བར་ཉིན་གྲངས་བཅུ་བཞི་རིང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་དེ་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་བསྡུས་ཡོད་པ་ལྟར། དེ་རིང་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་རྫོང་དཀར་ཆོས་ལྡན་གྱི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག དྷ་ས་རུ་ཁག་དང་མོན་གྷོ་འདོད་གླིང་རུ་ཁག་གཉིས་བར་མཐའ་མའི་རྟིང་རྩོད་འགྲན་སྡུར་བྱེད་གྲབས་ཡོད་སྐབས། ཁ་སང་དྷ་ས་རུ་ཁག་ལས་འགྲན་ཕམ་བྱུང་བའི་གྷོ་ལ་ཐ་ལའི་རུ་ཁག་གི་རྒྱབ་སྐྱོར་བ་སོགས་ཀྱིས་དྷ་ས་རུ་ཁག་གི་སྟོད་གོས་ཨང་བདུན་པར་དཔྱ་ཁྲལ་ལག་དེབ་མེད་པ་དང་། དྷ་སའི་སྒོ་སྲུང་བས་དཔྱ་ཁྲལ་ལག་དེབ་རྫུན་མ་སྤྲད་ཡོད་པར་བརྗོད་ནས་ངོ་རྒོལ་བྱས་རྐྱེན་རྟིང་རྩོད་ཀྱི་འགྲན་བསྡུར་ཉིན་གཉིས་རིང་འཕར་འགྱང་བྱེད་དགོས་ཁེལ་ཡོད་སྟབས། ཕྱོགས་མཐའ་ཁག་ནས་ཡོང་བ་དང་དྲ་ལམ་གྱི་ལྟད་མོ་བ་མང་པོར་བློ་ཕམ་བྱུང་འདུག

འདི་གའི་གསར་པས་དེ་རིང་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བྱང་ཆུབ་རྒྱལ་མཚན་ལགས་སུ་ཁ་པར་ཐེངས་གསུམ་བཏང་ཡང་མཐུད་ཐུབ་མ་སོང་། གང་ལྟར་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་ཞུགས་པར་བོད་མི་ཡིན་པའི་དཔང་རྟགས་སུ་དཔྱ་ཁྲལ་ལག་དེབ་ཡོད་དགོས་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༥   ནས་ ༢༨   བར་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་དེ་ཧོན་སུར་རབ་རྒྱས་གླིང་དུ་འཚོགས་ཡོད་ཅིང་། རྩེད་འགྲན་ནང་ཨོ་གླིང་དང་། བལ་ཡུལ། ལ་དྭགས་སོགས་ནས་རྩེད་འགྲན་རུ་ཁག་ ༡༦ གིས་མཉམ་ཞུགས་བྱས་ཏེ། ཉིན་གྲངས་བཅུ་བཞིའི་རིང་ཐོག་པའི་རྩེད་འགྲན་དང་། བརྒྱད་མཐའ་དང་བཞི་མཐའི་རྩེད་འགྲན་མང་དག་ཅིག་བྱས་ཡོད་འདུག 

ཕྱི་ལོ་ ༢༠༢༢ ལོར་ཧི་མ་ཅལ་མངའ་སྡེའི་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་བསྡུས་པའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་སྐབས། སིམ་ལའི་རྩེད་འགྲན་པས་རྩེད་དཔང་གི་ཐག་གཅོད་ལ་མོས་མཐུན་མ་བྱས་པར་རྩེད་ཐང་གི་ཕྱི་ལ་ཐོན་པའི་གནས་ཚུལ་བྱུང་ཡོད་སྟབས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་སིམ་ལའི་རུ་ཁག་ལ་ལོ་ལྔའི་བཀག་སྡོམ་བྱས་ཡོད་ཀྱང་། རུ་ཁག་དེས་དགོངས་སེལ་ཞུས་པར་བརྟེན་འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་སིམ་ལའི་རུ་ཁག་དེ་ལོ་གཅིག་ཙམ་བཀག་སྡོམ་བྱས་མཐར། འདི་ལོ་ནས་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་ཞུགས་ཆོག་པའི་བཀའ་ཁྲོལ་གནང་ཡོད་འདུག

ཧོན་སུར་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༩ པའི་ཉིན་མཐའ་མ། ༢༠༢༤།༠༥།༢༨ ཐད་གཏོང་གི་བརྙན་པར།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ནི། ཕྱི་ལོ་ ༡༩༨༡ ལོར་བོད་ཕྲུག་ཁྱིམ་སྡེའི་རྩིས་དཔོན་ཟུར་པ་ཇོ་བོ་ཚེ་རིང་ལགས་ཀྱིས་གསར་འཛུགས་གནང་ཡོད་པ་དང་། རྩེད་འགྲན་འདི་ལོ་ལྟར་ཚོགས་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་འཚོགས་ཐུབ་མི་འདུག 

རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་དེ་ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལ་དང་ ༢༠༡༣ ལོར་ཧོན་སུར་རབ་རྒྱས་གླིང་། ༢༠༡༤ ལོར་དོན་གྲུབ་གླིང་(Clementown)། ༢༠༡༥ ལོར་དྷ་རམ་ས་ལ། ༢༠༡༦ ལོར་མོན་གྷོ། ༢༠༡༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་། ༢༠༡༨ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས། ༢༠༡༩ ལོར་དྷ་རམ་ས་ལ། ༢༠༢༡ ལོར་དོན་གྲུབ་གླིང་དང་། ཕྱི་ལོ་ ༢༠༢༢ ལོར་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་འཚོགས་ཡོད་ཅིང་། འདས་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མའི་རྩེད་འགྲན་དེ་དྷ་སར་འཚོགས་ཡོད་པ་རེད། 

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲ་རྒྱར་གཞིགས་ན། ད་བར་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས ༢༩ ལ་རྩེད་འགྲན་བྱས་པའི་ཁྲོད། ཕྱི་ལོ་ ༢༠༡༥ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་། ༢༠༢༦ ལོར་ཊི་ཌི་ཨེལ་བྷེལ་ཀོབ་རུ་ཁག  ༢༠༡༧ བཀྲིས་གླིང་ཧི་མ་ལ་ཡ་རུ་ཁག ༢༠༡༨ དང་ ༢༠༡༩ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག ༢༠༢༡ ལོར་སིམ་ལ་རུ་ཁག ༢༠༢༢ ལོར་དོན་གྲུབ་གླིང་རུ་ཁག ༢༠༢༣ ལོར་དྷ་ས་གཅིག་སྒྲིལ་རུ་ཁག་བཅས་ལ་རྒྱལ་ཁ་ཐོབ་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༢ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese