མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་འབྲས་ལྗོངས་དང་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་གཉིས་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཨ་རུ་ན་ཅལ་དང་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་གཉིས་ཀྱི་ཆབ་སྲིད་ཚོགས་པར་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པ་དང་བསྟུན་མུ་མཐུད་མི་མང་གི་དཀའ་སྡུག་སེལ་ནས་བདེ་སྐྱིད་བསྐྲུན་ཐབས་གནང་དགོས་པའི་ལམ་སྟོན་སྩལ།

དེ་རིང་ཕྱི་ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཨ་རུ་ན་ཅལ་དང་འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ཀྱི་མཚན་ཐོག་ཏུ་ཕྱག་ཡིག་ཅིག་བྲིས་ཏེ། སྐུ་ཞབས་པདྨ་མཁའ་འགྲོ་དང་པེ་རེམ་སིན་ཏ་མཱང་གཉིས་ཀྱི་ཆབ་སྲིད་ཚོགས་པར་འདི་ལོའི་རྒྱ་གར་གྱི་མངའ་སྡེ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

དེ་འབྲེལ་དགའ་ལྡན་ཕོ་བྲང་གི་དྲ་ཐོག་ཏུ་༧མགོན་པོ་གང་ཉིད་མཆོག་གིས།  ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་།  འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པེ་རེམ་སིན་ཏཱ་མང་གཉིས་ཀྱི་ཆབ་སྲིད་ཚོགས་པར་མངའ་སྡེའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་བཞིན་ཡོད། ཅེས་གསུངས།

འདས་པའི་ལོ་ངོ་འདི་དག་གི་རིང་ལ་ཨ་རུ་ན་ཅལ་མངའ་སྡེ་དང་འབྲས་ལྗོངས་གཉིས་ཡར་རྒྱས་གོང་འཕེལ་ཕྱིན་པ་༧གོང་ས་མཆོག་ལ་ཐུགས་ཚོར་བྱུང་བ་དང་། བློན་ཆེན་རྣམ་པ་གཉིས་ནས་མུ་མཐུད་དབུལ་ཕོངས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་ལ་བརྩོན་འགྲུས་ལྷོད་མེད་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་འདུག

༸གོང་ས་མཆོག་གིས་སྲིད་བློན་པདྨ་མཁའ་འགྲོ་མཆོག་དང་། བློན་ཆེན་པེ་རེམ་སིན་ཏཱ་མང་ནས་མངའ་སྡེ་སོ་སོའི་མི་མང་གི་རེ་འདོད་སྐོང་རྒྱུར་དཀའ་ངལ་འཕྲད་རིགས་ལ་གདོང་ལེན་ལེགས་འགྲུབ་ཡོང་བར་ཐུགས་སྨོན་བཅས་སྩལ་འདུག

ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཨེག་སི་གམ་ཊུ་ཝེ་ཊར་དྲ་ཐོག་ཏུ་ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་འཚམས་འདྲི་ཞུ་ཡིག་ཅིག་སྤེལ་བའི་ནང་། ཁྱེད་ལ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པ་དེས། ཨ་རུ་ན་ཅལ་མངའ་སྡེ་མི་མང་གིས་ཁྱེད་ཀྱི་མགོ་ཁྲིད་ཀྱི་ནུས་པར་ཡིད་ཆེས་བྱེད་བཞིན་པ་མཚོན་པས། ཁྱེད་ཀྱི་དབུ་ཁྲིད་འོག་ཨ་རུ་ན་ཅལ་མི་མང་ལ་བདེ་སྐྱིད་དང་འཕེལ་རྒྱས་མུ་མཐུད་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཁྱེད་ཀྱིས་བཅིངས་པའི་བོད་མིར་རྒྱབ་སྐྱོར་དང་གྲོགས་པོའི་མཛའ་འབྲེལ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་བཞིན། འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པེ་རེམ་སིན་ཏཱ་མང་མཆོག་ལ། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁྱེད་ལ་རྟེན་འབྲེལ་ཞུ། ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་འབྲས་ལྗོངས་མི་མང་ལ་ཞབས་འདེགས་ཞུས་པ་དེས་ད་ལན་ཁྱེད་ལ་རྒྱལ་ཁ་འདི་ཐོབ་པ་རེད། ངས་འབྲས་ལྗོངས་མདུན་སྐྱོད་ཀྱི་བྱ་གཞག་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཅེས་གསུངས་འདུག

ཉེ་ལམ་བསྡུས་པའི་རྒྱ་གར་གྱི་འོས་བསྡུ་ལས། ཨ་རུ་ན་ཅལ་མངའ་སྡེའི་འོས་བསྡུ་ནང་པདྨ་མཁའ་འགྲོ་ལགས་ཀྱི་ཆབ་སྲིད་ཚོགས་པར་སྲིད་སྟེགས་ཁྱོན་ ༦༠ ནས་ ༤༦ ཐོབ་སྟེ་རྒྱལ་ཁ་ཐོབ་པ་དང་། འབྲས་ལྗོངས་ཀྱི་འོས་བསྡུའི་ཁྲོད་པེ་རེམ་སིན་ཏཱ་མང་ལགས་ཀྱི་ཆབ་སྲིད་ཚོགས་པར་སྲིད་སྟེགས་ཁྱོན་ ༣༢ ལས་སྲིད་སྟེགས་ ༣༡ ཐོབ་སྟེ་རྒྱལ་ཁ་ཐོབ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese