མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སོགས་ལ་འདི་ལོའི་དམངས་གཙོའི་གཟེངས་རྟགས་དེ་འབུལ་གཏན་ཁེལ་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་སོགས་ལ་འདི་ལོའི་དམངས་གཙོའི་གཟེངས་རྟགས་དེ་འབུལ་གཏན་ཁེལ་འདུག

ཕྱི་ལོ་ ༢༠༢༤ ལོའི་དམངས་གཙོའི་གཟེངས་རྟགས་ཀྱི་ཁྱབ་བསྒྲགས། དྲ་ལམ་གྱི་པར།

ལོ་ལྟར་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་ (National Endowment for Democracy) གིས་དམངས་གཙོ་དང་རང་དབང་གོང་འཕེལ་ཐོག་རླབས་ཆེན་གྱི་ལས་དོན་གཉེར་མཁན་གྱི་ཚོགས་སྒེར་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་སྲོལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་འདི་ལོའི་དམངས་གཙོའི་གཟེངས་རྟགས་དེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག བཙོན་ཁང་དུ་ཡོད་པའི་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཀཱ་རཱ་ (Vladimir Kara-Murza)། བྷེ་ལེ་རེ་སིའི་མགོ་ཁྲིད་ (Sviatlana Tsikhanouskaya) ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་གྱིས་བོད་ཕྲུག་རྣམས་ལ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པའི་གནས་ཚུལ་མཁོ་སྒྲུབ་གནང་མཁན་བོད་དོན་ལས་འགུལ་ལྟེ་གནས་ཁང་དང་། ཡུ་ཁེ་རིན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་(Regional Center for Human Rights)། སུ་ཌན་གཞོན་སྐྱེས་མགོ་ཁྲིད་རྣམས་ལ་དམངས་གཙོ་དང་ཞི་བདེ་གོང་མཐོར་གཏོང་མཁན་གྱི་ཝའེ་ཚོགས་པ་ (Waey Organization) བཅས་ཚོགས་པ་གསུམ་ལ་དབུལ་རྒྱུ་ཡིན་འདུག

དེའི་ཐད་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ཀེ་ནེ་ཐི་ (Kenneth Wollack) ལགས་ཀྱིས། ཕྱི་ལོ ༢༠༢༤ ལོའི་དམངས་གཙོའི་གཟེངས་རྟགས་དེ་འཛམ་གླིང་ཁྱོན་ཡོངས་སུ་དམངས་གཙོ་གོང་འཕེལ་གཏང་རྒྱུའི་ཐོག་ལ་རང་གི་མི་ཚེ་ཧྲིལ་པོ་ཞབས་འདེགས་སྒྲུབ་མཁན་གྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཆེ་བསྟོད་ཀྱིས་དབུལ་རྒྱུ་ཡིན་པ་དང་། ལྟེ་གནས་ཁང་གིས་དམངས་གཙོའི་འཐབ་རྩོད་པ་དེ་དག་གི་ཕྱག་ལས་ལ་ངོས་འཛིན་ཐུབ་པར་སྤོབས་པ་ཡོད་པ་མ་ཟད། ཁོང་རྣམ་པའི་ལས་འགུལ་སྤེལ་བཞིན་པ་དེ་དག་ལ་ཡང་རྒྱབ་སྐྱོར་ཡོད། ཅེས་གསུངས་འདུག

རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ཌེ་མོན་ (Damon Wilson) ལགས་ཀྱིས། གཉན་འཕྲང་ཅན་གྱི་དུས་སྐབས་སུ་གཟེངས་རྟགས་འབུལ་སའི་མི་སྣ་དང་མགོ་ཁྲིད་དེ་དག་གིས་རང་དབང་གོང་འཕེལ་གཏོང་བར་ཞུམ་པ་མེད་པའི་ཕྱག་ལས་གནང་མཁན་ཞིག་ཡིན་པ་མཚོན་ཐུབ་ཀྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཆབ་སྲིད་ཚོགས་པ་རིས་མེད་ཐོག་དམངས་གཙོ་སྲ་བརྟན་གྱི་ཆེད་དུ་ཚད་མཐོའི་རྒྱབ་སྐྱོར་ཡོད་པ་མཚོན་ཐུབ་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག

རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་འདི་ལོའི་དམངས་གཙོའི་གཟེངས་རྟགས་ཕུལ་བ་བརྒྱུད། བོད་དང་ཡུ་ཁེ་རིན། སུ་ཌན་བཅས་ནང་གི་གཞོན་སྐྱེས་དང་བུ་ཕྲུག་རྣམས་ཀྱི་རང་དབང་ཐོབ་ཐང་སྲུང་སྐྱོབ་སླད་འབྲེལ་ཡོད་དཔོན་རིགས་ལ་འདྲི་བརྩད་དང་། གཞི་རིམ་གྱི་ལས་འགུལ་སྤེལ་མཁན་རྣམས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུ་རྒྱུ་མ་ཟད། མཛད་སྒོ་དེའི་ཐོག་དམིགས་བསལ་གྱིས་གླུ་གཞས་བརྒྱུད་ཝེ་ལེན་ཛུ་ན་ (Venezuela) རྒྱལ་ཁབ་ཀྱི་མི་མང་ལ་ཡང་ཆེ་བསྟོད་གནང་རྒྱུ་ཡིན་སྐོར་སོགས་གསལ་འདུག

  ཕྱི་ལོ་ ༡༩༨༣ ལོར་ཨ་རིར་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གསར་འཛུགས་གནང་བ་དང་། ལྟེ་གནས་ཁང་དེ་ནི་རྒྱལ་སྤྱིའི་ཐོག་དམངས་གཙོ་གོང་འཕེལ་གཏོང་ཐབས་སུ་དམིགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་རེད། ད་ལྟའི་ཆར་ཚོགས་པ་དེས་རྒྱལ་སྤྱིའི་ནང་གི་དམངས་གཙོ་དང་འབྲེལ་བའི་ཚོགས་པ་དང་ཤེས་ཡོན་ལྟེ་གནས་སོགས་ལ་དཔལ་འབྱོར་གྱི་རོགས་རམ་གནང་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༣ ནས་བཟུང་རྒྱལ་སྤྱིའི་ཐོག་དམངས་གཙོ་གོང་འཕེལ་ཐད་ཕྱག་ལས་གནང་མཁན་གྱི་ཚོགས་སྒེར་ཁག་ལ་དམངས་གཙོའི་གཟེངས་རྟགས་ཕུལ་མགོ་བཙུགས་འདུག ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམངས་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་བདེ་སྡུག་སོགས་ཀྱི་གནས་སྟངས་གོང་མཐོར་གནང་བའི་མཛད་རྗེས་ལ་ངོས་འཛིན་གྱིས་གཟེངས་རྟགས་ཕུལ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese