མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རུ་ན་ཅལ་དང་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་གཉིས་ལ་འཚམས་འདྲི་ཞུས། 

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རུ་ན་ཅལ་དང་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་སྦྲགས་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་འདུག

སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། ཨ་རུ་ན་ཅལ་དང་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས། པར་དུས་བབ་ཀྱིས་བསྒྲིགས།

དེ་རིང་ཕྱི་ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པི་རིམ་སིང་རྟ་མང་མཆོག་རྣམ་གཉིས་ལ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་སྟེ། ཁོང་རྣམ་གཉིས་ཀྱིས་སྣེ་འཁྲིད་པའི་ཆབ་སྲིད་ཚོགས་པའི་ལས་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་འདུག 

ཚོགས་གཞོན་མཆོག་གིས་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་ཕུལ་བའི་འཚམས་འདྲིའི་ནང་། ད་ལན་འོས་བསྡུའི་ཁྲོད་རྒྱལ་ཁ་དེས་ཉིད་ཀྱི་མགོ་ཁྲིད་གནང་ཕྱོགས་ཀྱི་ནུས་པ་དང་། མི་མང་གིས་ཡིད་ཆེས་ཆེན་པོ་ཡོད་པ་གསལ་པོར་མཚོན་གྱི་ཡོད། སྐུ་ཉིད་ཀྱིས་རྒྱ་གར་དང་། ལྷག་པར་དུ་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རང་དོན་བློས་གཏོང་གིས་རླབས་ཆེན་གྱི་སྲི་ཞུ་བསྒྲུབས་པ་ནི་བསྔགས་འོས་པ་ཞིག་ཏུ་གྱུར་ཡོད། ཕྱི་ལོ་ ༢༠༢༢ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ས་བགོས་ཕྱོགས་བསྐྱོད་ཕེབས་སྐབས། རྒྱ་གར་དབུས་དང་། མངའ་སྡེ་གཞུང་གཉིས་ནས་ད་བར་བོད་ཀྱི་བདེན་དོན་དང་། ས་གནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་སླད་སྐུ་ཉིད་མཆོག་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བཟང་པོ་བྱུང་ཡོད། ཅེས་གསུངས་འདུག 

ཡང་ཚོགས་གཞོན་མཆོག་གིས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པི་རིམ་སིང་རྟ་མང་མཆོག་ལ་ཕུལ་བའི་འཚམས་འདྲིའི་འཕྲིན་ཡིག་ནང་། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱི་ཚབ་བྱས་ནས། སྐུ་ཉིད་དང་ཁྱེད་ཀྱི་ཆབ་སྲིད་ཚོགས་པར་འོས་བསྡུ་ལས་རྒྱལ་ཁ་ཐོབ་བར་རྟེན་འབྲེལ་ཞུ། སྐུ་ཉིད་ཀྱིས་རྒྱ་གར་དང་། ལྷག་པར་དུ་འབྲས་ལྗོངས་མངའ་སྡེའི་མི་མང་ཆེད་ལོ་མང་སྲི་ཞུ་བསྒྲུབ་ནས་རླབས་ཆེན་གྱི་ཕྱག་ལས་གནང་བར་བསྔགས་བརྗོད་ཞུ།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས། སྐུ་ཉིད་མཆོག་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བཟང་པོ་བྱུང་བ་ཡོད་ཅིང་། སྐུ་ཉིད་ཀྱིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག 

ཉེ་ལམ་བསྡུས་པའི་རྒྱ་གར་གྱི་འོས་བསྡུ་ལས། ཨ་རུ་ན་ཅལ་མངའ་སྡེའི་འོས་བསྡུའི་ནང་པདྨ་མཁའ་འགྲོ་མཆོག་གི་ཆབ་སྲིད་ཚོགས་པར་ཞབས་སྟེགས་ཁྱོན་ ༦༠ ནས་ ༤༦ ཐོབ་སྟེ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། འབྲས་ལྗོངས་ཀྱི་འོས་བསྡུའི་ཁྲོད་པི་རིམ་སིང་རྟ་མང་མཆོག་གི་ཆབ་སྲིད་ཚོགས་པར་ཞབས་སྟེགས་ཁྱོན་ ༣༢ ལས་ ༣༡ ཐོབ་སྟེ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོམ་བགྲོད་པ་རྣམས་
Mobile App

གཞོན་ནུའི་བོད་དོན་གོམ་བགྲོད་པ་རྣམས་ཏེ་ཛི་པུར་དུ་བསླེབ་རྒྱུར་སྤྱི་ལེ་ ༤༣ ལྷག་ལས་མི་འདུག

༢༠༢༣/༠༥/༡༩
རྒྱ་གར་གྱི་ཁྲིམས་དོན་བློན་ཆེན་དང་གོ་ལའི་ཚན་རིག་གི་བློན་ཆེན་རྣམ་གཉིས།
Mobile App

རྒྱ་གར་གྱི་ཁྲིམས་བློན་འཕོ་འགྱུར་བྱུང་།

༢༠༢༣/༠༥/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese