མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༤ ལོའི་རྣོ་ངར་ལྡན་པའི་ཨ་རིའི་སྲིད་འཛིན་འོས་བསྡུ། 

བོད་ཀྱི་དུས་བབ།
༢༠༢༤/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ནི་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་སྲིད་འབྱོར་གཉིས་ལ་འབྲེལ་བ་ཆེན་པོ་ཆགས་ཡོད་འདུག

2024 United States presidential election. Photo :NEWSNATION

གསར་འགོད་པ་དཔལ་ལྡན་གྱིས་ཕྱོགས་སྒྲིག་བྱས།

ཨ་རིའི་ལས་ཐོག་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན་ཨ་རིའི་སྲིད་འཛིན་སྐབས་ ༤༧ པའི་འོས་འགྲན་ལས་ཕྱིར་འཐེན་བྱས་ཏེ། དམངས་གཙོ་ཚོགས་པའི་ལས་ཐོག་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་ (Kamala Harris) མཆོག་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བདམས་ཏེ།  ཕྱི་ལོ་ ༢༠༢༤ ལོའི་བྷའེ་ཌིན་དང་ཊོམ་ཕུ་གཉིས་ཀྱི་འོས་བསྡུའི་རྒྱལ་ཕམ་རྩོད་པའི་འགྲན་སྐོར་གཉིས་པ་དེ་མཇུག་རྫོགས་ནའང་། འདི་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་ཕྱི་ཟླ་ ༡༡ ཚེས་ ༥ བྱ་རྒྱུ་ཡིན་ཞིང་། འོས་བསྡུ་དེ་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་འགྲིབ་ལ་འབྲེལ་བ་དམ་ཟབ་དང་། རྒྱལ་སྤྱི་ཡོངས་ནས་དོ་སྣང་ཆེན་པོས་ལྟ་ཉན་བྱ་སའི་ལོ་རྒྱུས་རང་བཞིན་ལྡན་པའི་འོས་བསྡུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཟུར་བ་སྐུ་ཞབས་ཊོམ་ཕུ་མཆོག་གིས། འདི་ལོའི་འོས་བསྡུ་དྲིལ་བསྒྲགས་སྐབས་དོན་ཚན་ཉེར་བཞི་ཁས་ལེན་བྱས་ནས། ཨ་རིའི་སྲིད་འབྱོར་སོགས་ཀྱི་ཐད་ལ་སྔར་ལས་ལྷག་པའི་འོས་འགན་གཉེར་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཁས་ལེན་དམ་བཅའ་དེ་དག་གི་ཁྲོད། ནག་ཉེས་ཅན་དང་ཁྲིམས་འགལ་གྱི་ཐོག་ནས་ཨ་རིར་གནས་སྡོད་བྱེད་མུས་ཡིན་པའི་མི་རྣམས་འཛིན་བཟུང་དང་ཕྱོགས་ཡོངས་ནས་ས་གནས་རེ་རེའི་ཐོན་ཁུངས་དང་ཡོང་བབ་ཐོག་ལ་ཤུགས་སྣོན། ཨ་རིའི་རྒྱལ་སྲུང་དང་བདེ་འཇགས་ཀྱི་སྲིད་ཇུས། དེ་བཞིན་དྲག་སྤྱོད་པ་འགོག་སྲུང་སླད་མཐའ་མཚམས་བརྟན་སྲུང་བགྱིས་ཏེ། རྒྱལ་ཁབ་གཞན་གྱི་གནས་སྤོར་བ་རྣམས་འགོག་ཐབས། ཁྲལ་བསྡུ་ཇེ་ཉུང་དང་ལས་ཀའི་ཁྲིམས་ལུགས་ཀྱི་དུས་ཡུན་རྒྱ་སྐྱེད་དེ་ཨ་རིའི་སྤྱི་དམངས་ཀྱི་འཚོ་བ་ཡར་སྐྱེད་གཏོང་ཐབས། རྒྱ་ནག་ལ་ཚོང་འབྲེལ་གྱི་མ་འཇོག་ཆེ་ཤོས་འཇོག་མུས་ཡིན་པ་ལས་ཕྱིར་འཐེན། དེ་བཞིན་ཨུ་ཡུ་གཉིས་ཀྱི་གནད་དོན་ལ་ཚོད་འཛིན་བྱེད་ཐབས། ཨ་རིའི་མི་དམངས་ཕལ་བའི་བདེ་སྡུག་དང་འཚོ་གནས་ཡར་སྐྱེད་བྱ་རྒྱུ་སོགས་ཡིན་འདུག

ཆབ་སྲིད་དབྱེ་ཞིབ་མང་པོ་ཞིག་གིས། འདི་ལོར་ཊོམ་ཕུ་ཡིས་ཕྱི་སྲིད་དང་། གནས་སྤོར། ཤེས་འཕྲོད། ཚོང་དོན། སྤྱི་དམངས་བདེ་འཇགས་སོགས་ཚུད་པའི་ཁས་ལེན་དམ་བཅའ་མང་དག་ཅིག་ནི། ཕྱི་ལོ་ ༢༠༡༦ ལོར་སྲིད་འཛིན་འོས་བསྡུ་སྐབས་ཀྱི་དམ་བཅའ་དེ་ལས་ལྷག་པའི་གསར་པ་དང་དམིགས་གསལ་ཞིག་མེད་པའི་སྐྱོན་བརྗོད་བྱེད་ཀྱིན་ཡོད་འདུག་ལ། འདས་ལོའི་འོས་བསྡུ་དྲིལ་བསྒྲགས་སྐབས་ཀྱང་། ཊོམ་ཕུ་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མིར་ལངས་བ་དེ་ཨ་རི་ཉམས་རྒུད་དུ་གཏོང་འདོད་པ་ཡིན་པས། ཕྱི་ལོ་ ༢༠༢༠ ལོ་བཞིན་ཨ་རི་བ་ཡོངས་སྔོན་ཐོན་དང་འཕེལ་རྒྱས་གཏོང་བར་རྒྱུན་མཐུད་ནས་མཉམ་རུབ་ཀྱི་ཐོག་འཐབ་རྩོད་བྱ་དགོས་ཤིང་། དམངས་གཙོ་ཚོགས་པའི་ལས་དོན་མཇུག་སྐྱོང་བྱ་བཅུག་དགོས་སྐོར་སོགས་འཆད་མཁན་མང་དག་ཅིག་བྱུང་ཡོད།

ཨ་རིའི་ལས་ཐོག་སྲིད་འཛིན་གཞོན་པ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀ་མ་ལ་ཧེ་རི་སི་ལགས་ཀྱིས། ཁོས་མོས་ཨ་རིའི་ཕྱོགས་ཡོངས་ཀྱི་བདེ་དོན་དང་བདེ་འཇགས་སླད། མཐའ་མཚམས་བརྟན་སྲུང་དང་ལྷག་པར་ཨ་རིའི་ལྷོ་རྒྱུད་ཀྱི་ས་མཚམས་བརྟན་སྲུང་གིས། ནག་ཚོང་དང་དྲག་སྤྱོད་པ། བུད་མེད་དང་གཡོག་པོ་ཚོང་འགྲེམས་རིགས་བཀག་སྡོམ་ནན་མོ། བུད་མེད་ཀྱི་མངལ་སྦྲུམ་ཐོབ་ཐང་། ཡུ་ཁེ་རིན་དང་ཨི་སི་རིལ་གཉིས་ཀྱི་བདེ་འཇགས་དང་མི་དམངས་ཕལ་བའི་ཆེད་ཕྱི་སྲིད་ལས་དོན་གྱི་ཐོག་ནས་དམག་འཁྲུག་ཇེ་ཆུང་དུ་གཏོང་ཐབས་ཚུད་པའི་ཨ་རིའི་ཚོང་དོན་དང་། དམག་དོན། བདེ་སྲུང་། ཤེས་ཡོན་དང་སློབ་གྲྭའི་འཛུགས་སྐྲུན་སོགས་ཀྱི་ཐད་སྔར་ལས་ལྷག་པའི་ནུས་པ་གདོན་རྒྱུ་ཡིན་པའི་དམ་བཅའ་བཞག་འདུག

དེ་སྔ་གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་དམངས་གཙོ་ཚོགས་པའི་འོས་མི་སྐུ་ཞབས་བྷའེ་ཌིན་མཆོག་ལ་སྲིད་འཛིན་གྱི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཀྱང་། ད་ལྟ་ལྕམ་ཧེ་རི་སི་སྲིད་འཛིན་འོས་མིར་ལངས་ཡོད་པའི་ཁར། ཊོམ་ཕུ་ལ་མེ་མདའ་འཕངས་པའི་དོན་རྐྱེན་གྱི་འབྲས་བུ་དྲང་ཕྱོགས་ནས་ཐོན་ཏེ། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་པས། འདི་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་ཚོད་དཔག་དཀའ་བ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། སྲིད་ཟུར་ཊོམ་ཕུའི་དེ་སྔ་སྲིད་འཛིན་སྐབས་ཀྱི་ལས་དོན་གྲུབ་སྐབས། ཡུལ་མི་མང་པོ་ཞིག་ལ་ཕོག་ཐུབ་བཏང་ཡོད་པའི་སྐྱོན་བརྗོད་ཀྱི་འོག་ནས། འདི་ལོར་སླར་ཡང་དམངས་གཙོ་ཚོགས་པར་རྒྱལ་ཁ་འཐོབ་རྒྱུའི་རེ་བ་བཅང་གི་འདུག

འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་སེམས་འཚབ་བྱེད་ས་ཆེ་ཤོས་ཤིག་ནི། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཊོམ་ལགས་ཀྱིས་དེ་སྔ་སྲིད་འཛིན་གྱི་ལས་གནས་འཛིན་སྐབས། ནུབ་ཆིངས་སྒྲིག་འཛུགས་དང་འབྲེལ་ལམ་སྲ་བརྟན་བཟུང་མེད་པའི་ཁར། སྐབས་དེར་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་དག་གིས་ཨ་རི་དང་ནུབ་ཆིངས་མཉམ་འབྲེལ་གྱིས་རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་པའི་བསམ་བློ་དེ་དོར་ཡོད་པས། གནད་དོན་དབྱེ་ཞིབ་པ་ཁག་གིས་འདི་ལོའི་ཨ་རིའི་འོས་བསྡུའི་ཁྲོད། སྐུ་ཞབས་ཊོམ་ལགས་སུ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ན། དེ་ནི་ནུབ་ཆིངས་སྒྲིག་འཛུགས་དང་ཨ་རི་བར་འབྲེལ་ལམ་བརྟན་པོ་ཚུགས་ཐབས་ལ་འབད་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་འགྱུར་སྲིད་ཡོད་པའི་གླེང་སློང་བྱེད་ཀྱི་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་གིས་ཕྱི་ལོ་ ༢༠༠༠ དང་ ༢༠༡༡ ལོར་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས་ཡོད་ཀྱང་ཕྱིས་སུ་ཕྱིར་འཐེན་བྱས་ཡོད་འདུག་ལ། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས་ཏེ་འོས་བསྡུའི་རྒྱལ་ཁ་ཐོབ་ནས་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་། ༢༠༢༠ ལོར་བསྐྱར་དུ་སྲིད་འཛིན་འོས་མིར་ལངས་ཡོད་ཀྱང་འོས་བསྡུར་ཕམ། ད་ལན་བསྐྱར་དུ་སྲིད་འཛིན་གྱི་འོས་མིར་ལངས་ཏེ་འོས་བསྡུའི་དྲིལ་བསྒྲགས་བྱེད་མུས་ཡིན་པ་རེད།

ལྕམ་ཀ་མ་ལ་ཧེ་རི་སི་ནི་ཨ་རིའི་ཁ་ལི་ཧྥོར་ནེ་ཡ་མངའ་སྡེའི་ཨོག་ལན་ཌི་གྲོང་ཁྱེར་དུ་རྒྱ་གར་གྱི་ཨ་མ་ཞིག་དང་ཇ་མེ་ཁའི་སྐྱབས་བཅོལ་བའི་ཕ་ཞིག་གི་བུ་མོར་སྐྱེས། ཁོང་གིས་ཨ་རིའི་སྲིད་འཛིན་གཞོན་པ་ཐེངས་བཞི་བཅུ་ཞེ་དགུ་བ་དང་། ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་ཆེས་མཐོའི་བུད་མེད་སྲིད་འཛིན་དང་ཨ་རིའི་ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡའི་མི་རིགས་ཀྱི་སྲིད་འཛིན་གཞོན་པ་ཐེངས་དང་པོ་ཡིན། ཁོ་མོ་ནི་མང་གཙོ་ཚོགས་པའི་ཚོགས་མི་དང་། ༢༠༡༧ ནས ༢༠༢༡ བར་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཁ་ལི་ཧྥོར་ནེ་ཡའི་གྲོས་ཚོགས་འཐུས་མི། དེ་བཞིན་ཁེ་ལི་ཧྥི་ནི་ཡའི་སྤྱི་ཁྱབ་ཁྲིམས་རྩོད་པ་གནང་ཡོད་པ་མ་ཟད། འདི་ལོར་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིར་གྱུར།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese