མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅིག་སྒྲིལ་གྱི་ཐོག་ནས་བོད་ཀྱི་འཐབ་རྩོད་དེ་ངེས་པར་དུ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། རོ་བྷར་ཌི་ཝན་ཝེ། Robert Vanwey
བོད་སྒྱུར་བ། ཚེ་རིང་རྣམ་རྒྱལ།

རོ་བྷར་ཌི་ཝན་ཝེ་ (Robert Vanwey) ཡིས། ང་ཚོས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགྱུར་བ་བཏང་མི་ཐུབ་ནའང་། དེའི་ཤུགས་རྐྱེན་ཆེས་ངན་པ་རྣམས་ཇེ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པར་བརྟེན། ། བོད་ཀྱི་མ་འོངས་པ་དང་། བོད་ཀྱི་རིག་གཞུང་། བོད་བརྒྱུད་ནང་བསྟན་ལ་སེམས་ཁྲལ་བྱེད་མཁན་གྱི་མཁས་པ་རྣམས་ཀྱིས་འགན་འཁུར་བའི་ཐོག་ནས་མཉམ་རུབ་ཀྱིས་སྤྱི་ཚོགས་ཡོངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

དེ་སྔ་ཕྱི་ཟླ་དྲུག་པའི་ནང་སློབ་དཔོན་ཆེན་མོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཅིའི་ཕྱིར་བོད་ནི་གནད་འགག་ཆེན་པོ་ཡིན་པའི་སྐོར་ལ་ཚོར་ཤུགས་ཆེན་པོའི་ཐོག་ནས་རྩོད་གླེང་གནང་ཡོད།  https://www.tibetanreview.net/why-tibet-matters/]སློབ་དཔོན་ཆེན་མོ་ཁོང་གིས། བོད་ཀྱི་དཀའ་ངལ་ནི་འཛམ་གླིང་ཡོངས་ཀྱི་དཀའ་ངལ་ཞིག་ལ་ངོས་འཛིན་གྱི་ཡོད། དེ་ཡང་། བོད་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུའི་འབྱུང་ཁུངས་གཙོ་བོ། འཛམ་གླིང་གི་སྣེ་གསུམ་པ་ཡིན་ཞིང་། བོད་ནི་སའི་གོ་ལའི་སྟེང་གི་ཁོར་ཡུག་ཉེན་ཁ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་ཆགས་ཡོད། བོད་སྲུང་སྐྱོབ་བྱེད་པ་ནི་འཛམ་གླིང་སྐྱོབ་པ་དང་གཅིག་མཚུངས་ཡིན། བོད་ནང་གི་་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ཆོས་ལུགས་ཉམས་ལེན་བྱེད་པར་དམ་དྲག་བྱེད་ཀྱི་ཡོད། བཙན་དབང་གི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་དམ་དྲག་དང་། བོད་ཀྱི་སྐད་ཡིག་ཉམས་རྒུད་གཏོང་གི་ཡོད་པ་རེད། བོད་མིའི་ཆོས་ལུགས་ཉམས་ལེན་བྱེད་པར་དམ་དྲག་དང་། རང་གི་སྐད་ཡིག་བེད་སྤྱོད་གཏོང་བར་བཀག་སྡོམ་གྱིས་ཉུང་མཐར་ལོ་ངོ་སྟོང་ཕྲག་གཅིག་རིང་གནས་པའི་བོད་ཀྱི་ཆོས་དང་རིག་གཞུང་རྣམས་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད། སྲིད་ཇུས་དེ་དག་གིས་འཛམ་གླིང་ཡོངས་ལ་ཁྱབ་པའི་ནང་ཆོས་བོད་བརྒྱུད་ནང་བསྟན་ལ་ཉེན་ཁ་བཟོ་ཡི་ཡོད།

སློབ་དཔོན་ཆེན་མོ་རྡོ་རྗེ་ལགས་ཀྱིས་ནན་ཏན་གྱིས་བརྗོད་པ་ལྟར་ན། ཐག་གཅོད་གཏན་འབེབ་བྱས་པ་དེ་དག་བོད་མི་ཁོ་ནའི་ཁོངས་སུ་གཏོགས་ཀྱི་མེད། རང་ཉིད་ལ་ཐད་ཀར་ཤུགས་རྐྱེན་མ་ཐེབས་པར་འདོད་མཁན་ལ་བརྟེན་ནས་སྣང་མེད་ཀྱིས་མི་སུ་རུང་ཞིག་ལོ་རྒྱུས་ཀྱི་ཐལ་རྡུལ་ཁྲོད་ཡལ་འགྲོ་མི་ཉན། འགྲོ་བ་མིའི་རིགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་མི་ཚང་མས་སྣ་མང་གི་རང་བཞིན་དང་། རྩལ་སྟོབས། སྙིང་སྟོབས་ལ་ཞབས་འདེགས་ཞུ་དགོས་པའི་འོས་འགན་ཡོད། ཆེད་ལས་སྣ་ཚོགས་ཀྱི་ཐོག་ནས་མི་སྒེར་གྱི་ནུས་པ་ལས་མཉམ་རུབ་ཀྱི་ནུས་པ་དེ་བླ་ན་མེད་པ་ཞིག་ཡིན། བོད་མི་ཚོས་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་པར་མཉམ་རུབ་བྱས་ན་ཕན་ཐོགས་འབྱུང་ངེས་རེད།

ངས་ཧི་མ་ལ་ཡའི་ཁུལ་དུ་ལས་ཀ་བྱས་པའི་ཉམས་མྱོང་ལས་ཤེས་རྟོགས་བྱུང་བ་ཞིག་ནི། ཁོར་ཡུག་གི་རྐྱེན་ངན་དེ་དག་ལ་ཁ་གཏད་འཇོག་ཐབས་ཀྱི་ཁེ་ཕན་མང་ཆེ་བ་དེ་དང་འབྲེལ་བའི་མཉམ་ཞུགས་བྱས་པ་ཡིན། ས་གཞིའི་སྟེང་དུ་མི་རྣམས་འཚོ་གནས་བྱེད་ཀྱི་ཡོད་པ་དང་། མི་རབས་ནས་མི་རབས་བར་གནས་པའི་མི་དེ་དག་གིས་ས་གཞི་དེ་ཡུན་གནས་ཇི་ལྟར་བྱ་དགོས་པ་ལེགས་ཤོས་ཤེས་ཀྱི་ཡོད་པ་རེད། གང་མགྱོགས་ཀྱིས་འགྱུར་བ་འགྲོ་བའི་ཁོར་ཡུག་གི་གནས་སྟངས་ཀྱིས་དཀའ་ངལ་གསར་པ་མང་པོ་ཡོང་གི་ཡོད་ཅིང་། མི་རབས་ནས་མི་རབས་བར་ས་གཞིའི་ཤེས་ཡོན་ཡོད་པའི་མི་རྣམས་ལའང་དཀའ་ངལ་ཡོང་གི་ཡོད། ཚན་རིག་པ་ཚོས་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་སའི་གོ་ལ་རྩ་གཏོར་དུ་གཏོང་བའི་ཤུགས་རྐྱེན་རྣམས་ཇེ་ཉུང་དུ་གཏོང་བར་ས་ཁུལ་གྱི་ཤེས་ཡོན་དེ་དག་གིས་ཁ་སྣོན་དེ་ཙམ་བྱེད་ཀྱི་མེད། འོན་ཀྱང་། འདི་ནི་དེའི་ཆ་ཤས་ཙམ་ཞིག་རེད།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱེད་མཁན་ཚོར་ཡོངས་གྲགས་ཀྱི་ཞུ་གཏུག་བྱ་རྒྱུ་ནི་ཤེས་ཡོན་ལ་རག་ལས་ཡོད། ད་ལྟའི་བོད་ཀྱི་གནས་སྟངས་འདི་ཇི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་ཞིབ་ཆའི་ཐད་ལ་ཤེས་ཡོན་ཅན་གྱི་སྐུ་ཚབ་དང་། ཆབ་སྲིད་པ། ཁྲིམས་རྩོད་པ་ལྟ་བུ་བོད་ཀྱི་ལོ་རྒྱུས་ལ་མཁས་པ་ཞིག་དགོས། ད་ལྟའི་ས་གནས་ཀྱི་གནས་སྟངས་ལ་ཤེས་རྟོགས་ཡང་དག་ཅིག་དགོས་པ་ནི་དགོས་གལ་ཆེན་པོ་ཡིན། གཞི་རྒྱ་ཆེ་བའི་ཐོག་ནས་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་མཁན་གྱི་གདུག་རྩུབ་ཅན་གྱི་སྲིད་ཇུས་དེ་ལོ་རྒྱུས་མིན་པའི་རྒྱས་བཤད་ནང་དུ་སྦས་སྐུང་བྱས་ཡོད་པ་དང་། བོད་ཀྱི་སྤྱི་དམངས་མིན་པའི་མི་སྣར་རྒྱབ་ལྗོངས་ལྡན་པའི་ཐོག་ནས་རྒོལ་ལན་སློག་མཁན་ཧ་ཅང་ཉུང་། བོད་ཀྱི་རིག་གཞུང་ལ་རིམ་པ་མང་པོའི་སྒོ་ནས་གཏོར་བཤིག་གཏོང་བཞིན་པར་ཁ་གཏད་གཅོག་སླད། ཡོངས་གྲགས་སུ་ཞུ་གཏུག་གི་ལས་འགུལ་ཡར་རྒྱས་གཏོང་བར་དངོས་ཡོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཤེས་ཡོན་གྱི་གོ་རྟོགས་སྤེལ་དགོས་པ་ལས། རྒྱ་ནག་གི་ཡིག་ཆ་ཁོ་ན་ལས་བྱུང་བའི་ལོ་རྒྱུས་མིན་པར། བོད་དང་སོག་པོ། ཧིན་རྡི། བལ་ཡུལ། ཨུ་རུ་སུ་ཡང་ཡིན།

ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་བོད་བརྒྱུད་ནང་བསྟན་ལ་ཤུགས་ཆེན་པོས་དང་ལེན་བྱས་ཡོད་པར་བརྟེན། བོད་བརྒྱུད་ནང་བསྟན་ཉམས་རྒུད་དུ་འགྲོ་བར་འགོག་རྒོལ་བྱེད་པར་དཀའ་ངལ་གཞན་དག་ལས་སླ་བ་ཞིག་ཏུ་སྣང་། ལེགས་སྦྱར་ནས་བསྒྱུར་བའི་བོད་ཀྱི་རྩོམ་རིག་སྲོལ་རྒྱུན་གྱི་གསུང་རབས་ནི་ཧ་ཅང་ཆེན་པོ་ཞིག་ཡིན་ཡང་། བོད་བརྒྱུད་ནང་བསྟན་གྱི་གཞུང་རྣམས་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་དུ་བསྒྱུར་བའི་ཆ་ཤས་ཆུང་ངུ་ཞིག་ལས་མེད། བོད་མི་ཚོས་ལོ་ངོ་བརྒྱ་ཕྲག་མང་པོར་ལེགས་སྦྱར་མཁས་པ་དང་ལྷན་དུ་ཕྱག་ལས་གནང་བ་ལྟར། ནུབ་ཕྱོགས་ཀྱི་ལོ་ཙཱ་བ་ཚོར་ཡང་ཁོང་ཚོའི་སྲོལ་རྒྱུན་ལ་སློབ་སྦྱོང་ཆ་ཚང་བ་ཐོབ་པར་བོད་མི་ཚོས་ལམ་སྟོན་བྱེད་དགོས། སློབ་སྦྱོང་ཆ་ཚང་བ་ཐོབ་པའི་བོད་མི་མེད་ན། ནུབ་ཕྱོགས་ཀྱི་སྐད་ཡིག་གི་བསྒྱུར་རྣམས་ཆ་ཚང་བ་ཞིག་མི་ཡོང་ཞིང་། དེ་ལ་བརྟེན་ནས་ནང་བསྟན་ལ་གནོད་སྐྱོན་འབྱུང་རྒྱུ་རེད།

འཛམ་གླིང་གི་ནོར་བུ་རིན་པོ་ཆེ་ཁྱད་དུ་འཕགས་པ་ཞིག་སྲུང་སྐྱོབ་བྱེད་པར་ཤེས་བྱ་སྣ་ཚོགས་ཀྱི་ཐབས་ལམ་དགོས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་ཆེད་ལས་མི་འདྲ་བའི་མཁས་པ་མང་པོ་འདུས་པའི་ཚོགས་པ་ཞིག་རྒྱ་སྐྱེད་གཏོང་བའི་ལས་དོན་སྒྲུབ་བཞིན་ཡོད། ཚོགས་པ་དེའི་འགོ་ཁྲིད་ནི་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་རྣམས་སྐད་སྒྱུར་བྱེད་མཁན་གྱི་མཁས་པ་གཉིས་ཡིན་ལ། ཚོགས་མི་གཉིས་ནི་འཕྲུལ་ལས་རིག་པའི་ཆེད་མཁས་པ་ཡིན་པ་དང་། འདི་ནི་དུས་རབས་ཉེར་གཅིག་པའི་ནང་དུ་གལ་ཆེན་ཡིན་པའི་རིག་རྩལ་ཞིག་དང་། ལྷག་པར་དུ་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་འབྲེལ་འདྲིས་བྱེད་པར་དགོས་ངེས་ཤིག་ཡིན། ང་རང་ལ་ཧི་མ་ལ་ཡའི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིབ་འཇུག་གི་ཉམས་མྱོང་རྒྱ་ཆེན་ཞིག་ཡོད་པ་མ་ཟད། བོད་ཀྱི་ལོ་རྒྱུས་ལ་སྦྱོང་བརྡར་ཐོབ་པའི་ལོ་རྒྱུས་སྨྲ་བ་ཞིག་ཀྱང་ཡིན། ཁྲིམས་རྩོད་པ་ཞིག་གི་ངོས་ནས་ཀྱང་ཤེས་ཡོན་སློབ་སྦྱོང་བྱས་ཡོད། ང་ཚོའི་ཆེད་མཁས་པ་གཞན་ཞིག་ནི་སྐད་ཡིག་གི་སྒྱུར་སྦྱོང་མཐོ་ཤོས་དེ་མ་བྱས་པའི་སྔོན་དུ་ཁྲིམས་རྩོད་པའི་ཉམས་མྱོང་ཡོད་པ་ཞིག་ཡིན། ང་ཚོས་བོད་ཀྱི་སློབ་སྦྱོང་གི་བསླབ་གཞིའི་ནང་དུ་ཉམས་མྱོང་སྣ་མང་འདི་དག་འདོན་གྱི་ཡོད།

ང་ཚོས་གང་བྱེད་ཐུབ་ཞེ་ན། སོ་སོའི་ཆེད་ལས་ཕུད་པའི་ང་རང་གི་ཚོགས་པ་དང་མཚུངས་པའི་ཚོགས་པ་གཞན་མང་དག་ཅིག་གི་སྐོར་ལ་སྐད་ཆ་ཁྱབ་སྤེལ་གཏོང་རྒྱུ་དེ་རེད། ཐབས་ལ་མཁས་པའི་ཞུ་གཏུག་པ་ཚོས་ཕུལ་བའི་ལེགས་སྐྱེས་རྣམས་བེད་སྤྱོད་ལེགས་པོ་ཡོང་བར། ང་ཚོས་ཁོ་ཚོར་ལས་དོན་སྒྲུབ་པའི་མཐུན་རྐྱེན་སྦྱོར་བར་རོགས་རམ་བྱ་དགོས། གསར་འགྱུར་གྱི་དུས་འཁོར་ཞིག་ལ་སྐར་མ་ལྟར་གནས་པའི་འཛམ་གླིང་ཁྲོད།  བོད་ཀྱི་གནད་དོན་ནི་ཆུ་ཐིགས་ཙམ་ཡང་གླེང་རྒྱུ་མེད་པ་དང་། འདི་ནི་གནད་དོན་དེ་འབྲེལ་མེད་དམ་གལ་ཆེན་མིན་པའི་རྒྱུ་མཚན་ཞིག་མིན་པར། ད་ལྟའི་འཛམ་གླིང་གི་བྱེད་ཐབས་ཀྱི་ལག་ཆ་ཙམ་ཞིག་ཡིན། བོད་ཀྱི་མ་འོངས་པ་དང་། བོད་ཀྱི་རིག་གཞུང་། བོད་བརྒྱུད་ནང་བསྟན་གྱི་ཆེད་དུ་སེམས་ཁྲལ་བྱེད་མཁན་ཚོར་སྤྱི་ཚོགས་ཧྲིལ་པོ་ལ་རྒྱབ་སྐྱོར་དང་མཉམ་རུབ་བྱེད་པའི་འགན་འཁྲི་ཞིག་ཡོད། གཅིག་བྱས་ན། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་འགྱུར་བ་གཏོང་མི་ཐུབ་ཀྱང་། ང་ཚོས་དེའི་ཤུགས་རྐྱེན་ངན་པ་རྣམས་ཉུང་དུ་གཏོང་ཐུབ།

མ་རྩོམ་གྱི་འབྲེལ་ཐག https://www.tibetanreview.net/fighting-for-tibet-must-be-a-team-effort/

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese