མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གནམ་གཤིས་ཚ་ཚད་ལྡབ་འགྱུར་འཕར་གྱིན་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཆེད་མཁས་པས་བོད་ནང་ཚ་ཚད་ལྡབ་འགྱུར་གྱིས་འཕར་བ་དེས་འཛམ་གླིང་ཁྱོན་ཡོངས་དང་ལྷག་པར་དུ་རྒྱ་ནག་ནང་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་ཆེན་པོ་འབྱུང་སྲིད་པའི་སྐོར་བརྗོད་འདུག

The Second Qinghai-Tibet Plateau Scientific Expedition and Research in a press conference in Lhasa, Xizang Autonomous Region on August 18, 2024. Photo: Xinhua News Agency

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་གནམ་གཤིས་ཆེད་མཁས་པས་ཞིབ་འཇུག་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་པ་ལྟར་ན། འཛམ་གླིང་སྤྱི་ཡོངས་ཀྱི་ཁོར་ཡུག་འགྱུར་ལྡོག་གི་དབང་གིས་གོ་ལའི་ཚ་ཚད་འཕར་མུས་ཡིན་པ་དང་བསྟུན། ཨེ་ཤ་ཡའི་ཆུ་མཛོད་དུ་ངོས་འཛིན་བྱེད་མུས་ཡིན་པའི་བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་བྱུང་སྟེ། བོད་ནང་ཚ་ཚད་འཕར་བ་དང་། བརླན་གཤེར་ཆེ་བ། དེ་བཞིན་འཁྱག་རོམ་གྱི་འོག་ཏུ་ཡོད་པའི་རྩྭ་ཕྲན་དག་ཕྱིར་མངོན་ཏེ། དེས་རྒྱ་ནག་ནང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་མང་པོ་འཕྲད་སྲིད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༩ ཉིན་ནས་རྒྱ་ནག་མཚོ་བོད་མཐོ་སྒང་གི་ཚན་རྩལ་ཉམས་ཞིབ་དང་བརྟག་དཔྱད་ཁང་ (Qinghai-Tibet Plateau Scientific Expedition and Research) ཟེར་བས་ལས་མི་ ༢༨༠༠༠ ལྷག་གིས། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་གི་འགྱུར་ལྡོག་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱས་ཏེ། ཚན་རྩལ་ཆེད་ལས་པ་དག་གིས་བོད་ནག་ཆུ་ཁོངས་སུ་ཡོད་པའི་བོད་བྱང་རྒྱུད་ཀྱི་ཚྭ་མཚོ་ཆེ་ཤོས་གཉིས་པར་འབོད་པའི་སེར་གླིང་མཚོ་དང་། བྱང་གི་གནམ་མཚོ་ཕྱུག་མོ། ཡར་ཀླུང་གཙང་པོ། བུ་རོགས་གངས་རིའི་འཁྱག་རོམ་སོགས་ཚུད་པའི་བོད་ཀྱི་འཁྱག་རོམ་གཅིག་དང་། མཚོ་གཉིས། གཙང་པོ་གསུམ་བཅས་སུ་ཞིབ་འཇུག་བྱས་པ་བརྒྱུད། འདས་པའི་མི་ལོ་བཅོ་ལྔ་ཙམ་གྱི་རིང་བོད་ཀྱི་རྩི་ཤིང་དང་ནགས་ཚལ་གྱི་ཐོན་ཁུངས་ཇེ་ལེགས་སུ་ཕྱིན་ཡོད་ཀྱང་། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དབང་གིས་བོད་ནང་གི་ཚ་ཚད་ལྡབ་འགྱུར་གྱིས་འཕར་མུས་ཡིན་པའི་གྲུབ་དོན་རྙེད་འདུག

ཚན་རྩལ་ཆེད་མཁས་པ་དག་གིས་ཞིབ་འཇུག་བྱས་པ་བརྒྱུད། ས་ཁུལ་དེ་དག་ཏུ་ཆུ་གསོག་ཉར་དང་། ས་འཛིན་པ། རླུང་འགོག་སྲུང་། བྱེ་མ་སྲུང་འཛིན་བཅས་ཀྱི་ཚད་གཞི་བརྒྱ་ཆ ༡ དང་། ༢ ། ༧༠ བཅས་འཕར་ཡོད་ནའང། བོད་ཀྱི་ས་ཁུལ་དུ་འཁྱག་རོམ་ཞུ་བ་དང་། ལྗང་མདོག་གི་རྩི་ཤིང་འཕེལ་བར་བརྟེན། མཁའ་དབྱིངས་སུ་འོད་སྣང་ཕྱིར་ལྡོག་བྱེད་ཤུགས་ཀྱང་ཉུང་དུ་འགྲོ་བཞིན་ཡོད་སྟབས།  དེས་སའི་གོ་ལ་སྤྱི་དང་། ཨེ་ཤ་ཡའི་ཆར་དུས་ཀྱི་འཁོར་སྐྱོད་ལ་འགྱུར་ལྡོག་འབྱུང་ཉེན་ཡོད་པ་མ་ཟད། རྒྱ་ནག་ཏུ་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་མང་པོ་ཡོང་ཉེན་ཡོད་པ་ཤེས་རྟོགས་བྱུང་འདུག

སྤྱིར་འདས་པའི་ལོ་ཤས་གོང་ནས་ཚན་རིག་པ་དག་གིས་བོད་མཐོ་སྒང་གི་ཚ་དྲོད་འཕེལ་བ་ནི་གོ་ལའི་བྱང་ཕྱེད་ (Northern Hemisphere) ཀྱི་ཚ་དྲོད་འཕེལ་བ་དང་བསྡུར་ན་མགྱོགས་པ་དང་། བོད་མཐོ་སྒང་གི་འཁྱག་རོམ་གྱི་ཞུ་ཚད་ཇེ་མགྱོགས་སུ་ཕྱིན་པ་ལ་བརྟེན། འཁྱག་རོམ་ལས་གྲུབ་པའི་མཚོ་ཆུ་གསར་པ་ཆགས་པ་དང་མཚོ་ཆུ་རྒྱ་ཆེ་རུ་འགྲོ་བཞིན་པ་མ་ཟད། མཚོ་ཆུའི་འགྲམ་ངོགས་སུ་ཆགས་པའི་ཡུལ་ཚོ་ཁག་ལ་ཆུ་ལོག་གི་འཇིག་པ་སྔར་ལས་ཆེ་བ་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ལ། ཕྱི་ལོ་ ༢༠༡༩ ལོར་ཚན་རིག་དུས་དེབ་ (Science Advances) ཀྱི་ནང་། འདས་པའི་ལོ་ངོ་ ༤༠ ཙམ་གྱི་ནང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་འཁྱག་རོམ་འབོར་ཆེན་བཞུས་ཟིན་པ་དང་། དུས་རབས་ཉི་ཤུ་པའི་མཇུག་དང་བསྡུར་ན་དུས་རབས་ཉེར་གཅིག་གི་ནང་འཁྱག་རོམ་ལྡབ་གཅིག་གི་ཞུ་ཚད་མགྱོགས་པོ་ཡོད་སྐོར་སོགས་གསལ་ཡོད་པ་རེད།

བོད་ནི་ཨེ་ཤ་ཡའི་གཙང་པོ་ཆེ་ཁག་གི་མགོ་ཁུངས་དང་འཛམ་གླིང་གི་སྣེ་མོ་གསུམ་པ་རུ་འབོད་ཀྱིན་ཡོད་ཀྱང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་ཚང་མར་ཆུ་རགས་གསར་རྒྱག་དང་། འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་སྟབས། བོད་ནང་དུ་ཚ་དྲོད་འཕེལ་ནས་གངས་རི་དང་འཁྱག་རོམ་མགྱོགས་པོ་ཞུ་བ་མ་ཟད། ད་ལྟ་བོད་ནང་དུ་ཚ་ཚད་ལྡབ་འགྱུར་གྱིས་འཕར་ཡོད་སྟབས། བོད་ཀྱི་འཁྱག་རོམ་ཞུ་བ་དང་ཚ་ཚད་འཕར་བ་དེས། འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་ཚད་འཕེལ་བར་ཉེན་ཁ་བཟོ་ཡི་ཡོད་འདུག་ལ།  ལྷག་པར་ཨེ་ཤ་ཡ་དང་ཁྱིམ་མཚེས་རྒྱལ་ཁབ་སོགས་སུའང་ཆུའི་གནོད་འཚེ་ཡོང་ཉེན་འདུག དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་དང་རྒྱུག་ཆུ་ཁ་བསྒྱུར་དང་ཆུ་རགས་གསར་རྒྱག་སོགས་བྱས་པ་དེས། རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་ ༡།༣ ཀྱི་ཚེ་སྲོག་དང་འཚོ་གནས་ལ་གནོད་འཚེ་ཐེབས་ཀྱི་ཡོད། དེ་བཞིན་འདས་ལོར་རྒྱ་གར་ནུབ་བྱང་གི་ཐར་བྱེ་ཐང་ཆེན་མོ་དང་ཡུ་གུར་གྱི་ཊག་ལ་མ་ཀན་བྱེ་ཐང་གཉིས་ཀྱི་ས་བབ་ཆགས་ཚུལ་དང་ནུབ་ཕྱོགས་ནས་ལྡང་བའི་རླུང་བུས་དེད་པའི་ཐལ་རྡུལ་དག་བོད་མཐོ་སྒང་གི་འཁྱག་རོམ་ངོས་སུ་འབྱར་བ་དེས། འཁྱམ་རོམ་ལ་གནོད་འཚེ་ཐེབས་ནས་ཞུ་ཚད་ཇེ་མགྱོགས་དང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལའང་འགྱུར་བ་ཆེན་པོ་ཐེབས་ཉེན་ཡོད་པ་ཤེས་རྟོགས་བྱུང་ཡོད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༤ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

༢༠༢༦/༠༦/༢༣
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese