མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དམིགས་བསལ་ས་མིག་གསར་འཛུགས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དམིགས་བསལ་ལས་རིམ་ཞིག་བསྒྲིགས་ཏེ། ༧གོང་ས་མཆོག་གི་འཚེ་བ་མེད་པ་དང་ཞི་བདེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། གྷན་དྷིའི་ལྟ་གྲུབ་སོགས་གོང་འཕེལ་གཏོང་ཐབས་བྱ་རྒྱུ་ཡིན་འདུག

Under the varsity’s visiting professor programme, the chair will invite credible visiting scholars from diverse related fields ranging from fresh young voices to those who manifest seasoned wisdom. (HT File photo for representation)

ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་༧གོང་ས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དམིགས་བསལ་ས་མིག་ཤིག་གསར་འཛུགས་བྱས་ཡོད་པ་དང་། པན་ཇབ་གཙུག་ལག་སློབ་གཉེར་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཙོ་བོར་གྱུར་བའི་ནང་བསྟན་མཁས་པ་རྣམས་མགྲོན་འབོད་བྱས་ཏེ། ནང་པའི་ལྟ་གྲུབ་དང་བོད་ཡིག པ་ལིའི་ནང་པའི་གཞུང་། དཀའ་ངལ་འཕྲད་པའི་སྐབས་ནང་ཆོས་ཀྱི་ཐོག་ནས་གདོང་ལེན་ཇི་ལྟར་བྱ་དགོས་པ། ནང་པའི་སྒྱུ་རྩལ་དང་བཟོ་རིག་གོང་འཕེལ་གཏོང་བར་དམིགས་ཡོད་འདུག

༧གོང་ས་ཏཱ་ལའི་བླ་མའི་གོ་ལ་གཅིག་གྱུར་གྱི་འགན་འཁུར་ཐེབས་རྩ་ཁང་ (His Holiness Dalai Lama’s foundation For Universal Responsibility) དང་རྒྱ་གར་གྱི་པན་ཇབ་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་བར་ལ་གྷན་དྷི་དང་ཞི་བདེའི་ཞིབ་འཇུག་ཚན་པའི་ནང་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དམིགས་བསལ་ས་མིག་ཤིག་གསར་འཛུགས་བྱ་རྒྱུའི་གྲོས་མཐུན་ཡིག་ཆར་མཚན་རྟགས་བསྐྱོན་ཡོད་འདུག

དེ་འབྲེལ་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་རི་ནུ་ཝིག་ (Renu Vig) ལགས་ཀྱིས། དམིགས་བསལ་ས་མིག་གསར་འཛུགས་བྱས་པའི་དམིགས་ཡུལ་གཙོ་བོ་ནི་ལྟ་གྲུབ་དང་། ལོ་རྒྱུས། ཆོས་ལུགས་སློབ་གཉེར་ཁྱབ་སྤེལ་ཆེད་བོད་རྒྱའི་གནའ་བོའི་དཔལ་ཡོན་རྣམས་མི་ཉམས་རྒྱུན་འཛིན་དང་གོང་སྤེལ་གཏོང་རྒྱུ་ཡིན། ཞེས་བརྗོད་འདུག

ད་དུང་ཁོང་གིས། ལས་གཞི་དེའི་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཆོས་དང་ལྟ་གྲུབ་ཁྱབ་སྤེལ་བྱ་རྒྱུ་དང་། སློབ་ཕྲུག་དང་། སློབ་དཔོན། རྒྱ་ཆེའི་མང་ཚོགས་ཁྲོད་དཔྱད་ཞིབ་ཀྱི་བསམ་བློ་གོང་འཕེལ་གཏོང་རྒྱུ། དམིགས་བསལ་གྱིས་ནང་པའི་གཞུང་ལུགས་ཀྱི་ཐབས་ལམ་བརྒྱུད་ནས་དེང་དུས་ཀྱི་དཀའ་ངལ་ཁག་སེལ་ཐབས་དང་། བོད་དང་པ་ལིའི་ནང་པའི་གཞུང་། ནང་པའི་སྒྱུ་རྩལ་དང་བཟོ་རིག ནང་པའི་ལྟ་གྲུབ་སོགས་གོང་སྤེལ་གཏོང་རྒྱུ་དེ་ཡིན། ཞེས་བརྗོད་འདུག

གྷན་དྷི་དང་ཞི་བདེའི་ཞིབ་འཇུག་ཚན་པའི་འགན་འཛིན་ཨ་ཤུ་ (Ashu Pasricha) ལགས་ཀྱིས། གྲོས་མཐུན་དེ་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྗེས་ཁྲོད་འཚེ་བ་མེད་པ་དང་། ཞི་བདེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། གྷན་དྷིའི་ལྟ་གྲུབ་སོགས་ཀྱི་ཐོག་ལ་ཞིབ་འཇུག་ཟབ་ཏུ་གཏོང་རྒྱུ་ཡིན་། ཞེས་བརྗོད་འདུག  ༧གོང་ས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དམིགས་བསལ་ས་མིག་ལས་གཞིའི་བརྒྱུད་དེང་དུས་ཀྱི་གཞོན་སྐྱེས་དང་མཁས་པ་གང་མང་གདན་འདྲེན་ཞུ་རྒྱུ་ཡིན་འདུག ཕྱི་ལོ་ ༡༨༨༢ ལོར་ལ་ཧོར་ (Lahore) དུ་པན་ཇབ་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་བྱས། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་གཞུང་གི་ཁོངས་སུ་བཅུག་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese