མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ལ་ཞུམ་པ་མེད་པར་མུ་མཐུད་ཧུར་ཐག་བྱེད་རོགས་གསུངས།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་ཡིད་ཆེས་ཡོད་པ་མ་ཟད། བོད་དང་རྒྱ་ནག་མི་མང་དང་བཅས་པར་སངས་རྒྱས་བསྟན་པའི་ཐོག་ནས་ཞབས་འདེགས་ཞུ་རྒྱུ་ཡིན་གསུངས་སོང་།

༧གོང་ས་མཆོག་ལ་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག  ཌལ་ཧོར་སློབ་ཟུར་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༩།༡༨

དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨།༣༠ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག  ཌལ་ཧོར་སློབ་ཟུར་བཅས་ཀྱི་གོ་སྒྲིག་འོག  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་པའི་ལས་དང་སྨོན་ལམ་གྱི་ཐོག་ནས་བོད་བསྟན་སྲིད་དང་། ཆོལ་ཁ་གསུམ་གྱི་གནས་སྟངས་དང་བཅས་པར་ཕན་ཐོགས་བྱེད་ཐུབ་རྒྱུ་ཆགས་ཡོད། ཁྱེད་ཚོས་རྒྱལ་དབང་སྐུ་ཚེ་ཞབས་པད་བརྟན་པར་སྨོན་ལམ་བརྒྱབ་པ་དེ་བོད་བསྟན་སྲིད་ཀྱི་དོན་དག་ལ་འབྲེལ་བ་ཆགས་ཡོད། ངོས་རང་ལ་ཆ་བཞག་ན་ཚེ་རབས་མང་པོའི་ལས་བསགས་ཏེ། ད་ལྟའི་དུས་ཚོད་ཁག་པོ་འདིའི་སྐབས་སུ། ངོས་ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་བོད་བསྟན་སྲིད་ཀྱི་དོན་བྱེད་མཁན་གྱི་སྐྱེ་གནས་ཤིག་བླངས་ཡོད། ནང་པའི་ཆོས་ལ་འགྲེལ་བཤད་དང་། སེམས་ཁམས་རིག་པའི་ཐོག་ནས་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་ཡག་པོ་བྱེད་ཐུབ་པ་ཞིག་ཆགས་ཡོད། ལས་དང་སྨོན་ལམ་གྱིས་མདོ་སྨད་པ་ལྷ་མོ་དོན་གྲུབ་ཞེས་པ་མི་གོ་ཆོད་མཁན་ཞིག་ཆགས་ཡོད། ངོས་ཀྱིས་ད་ལྟའི་བར་དུ་བོད་བསྟན་སྲིད་ཀྱི་དོན་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན་ལ། གང་ལྟར་ངོས་ཀྱི་མི་ཚེ་འདིར་བོད་བསྟན་སྲིད་ལ་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད། ཅེས་གསུངས་སོང་།

མགོན་པོ་གང་ཉིད་མཆོག་ནས། དེང་སང་རྒྱ་ནག་ནང་དུ་འགྱུར་བ་འགྲོ་བཞིན་ཡོད་ཅིང་།  ངོས་ཀྱི་བསམ་བློའི་ཐོག་ལའང་རྒྱ་ནག་ནང་དུའང་རིམ་བཞིན་དོ་སྣང་ཆེན་པོ་ཞིག་ཡོང་བཞིན་འདུག དེ་བཞིན་རྒྱ་ནག་ནང་དུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ངོས་ཀྱི་ལས་དང་སྨོན་ལམ་ཐོག་ནས་བོད་བསྟན་སྲིད་ཙམ་དུ་མ་ཟད་། རྒྱ་ནག་གི་མི་མང་ལའང་ཕན་ཐོགས་ཀྱི་ཡོད་པ་གསལ་ཡོང་གི་འདུག  ངོས་ཀྱིས་ད་ལྟ་བར་དུ་ཧུར་ཐག་བྱས་པ་ཡིན་ལ། ད་དུང་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པའི་ཐོག་ནས་ཧུར་ཐག་བྱ་རྒྱུ་ཡིན། བོད་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ལ་ཞུམ་པ་མེད་པར་ད་ལྟའི་བར་དུ་ཧུར་ཐག་བྱས་ཡོད་ལ། ད་དུང་ཡང་མུ་མཐུད་དུ་ཧུར་ཐག་བྱེད་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་མཆོག་ནས། ངོས་རང་འདིར་ལས་དང་སྨོན་ལམ་གྱི་དབང་གི་སྐྱེས་ཏེ། བོད་ཆོལ་ཁ་གསུམ་གྱི་རྒྱ་ཆེ་མི་མང་དང་། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་ཀྱི་སངས་རྒྱས་པའི་བསྟན་པར་རྒྱུད་འཛིན་ཐུབ་པའི་ལས་སྨོན་གྱི་འབྲེལ་བ་ཆགས་ཡོད། ངོས་ཀྱིས་ད་ལྟ་བར་དུ་ཧུར་ཐག་བྱས་ཡོད། ད་དུང་ཡང་བོད་རྒྱ་ཆེའི་མི་མང་དང་། རྒྱ་ནག་མི་མང་དང་བཅས་པར་སངས་རྒྱས་ཀྱི་བསྟན་པའི་ཐོག་ནས་ཞབས་འདེགས་གང་འཚམ་བསྒྲུབ་ཐུབ་པའི་བཟོ་ལྟ་ཆགས་ཡོང་གི་འདུག  དེ་བཞིན་རྒྱ་ནག་ནང་དུ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག ངོས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེར། ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་ཡོང་བར་སྨོན་ལམ་ཞུ་བཞིན་ཡོད་པ་མ་ཟད། འདི་འདྲ་ཞིག་ཡོང་ཐུབ་པའི་ཡིད་ཆེས་ཡོད། དེ་བཞིན་ཚང་མར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༢༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese