མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་དགེ་འདུན་པ་དང་བཙུན་མར་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་མཛད།

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ཆོས་ཞེས་པ་ནི་ཚིག་ཙམ་མིན་པར་ལག་ལེན་ཐོག་ནས་ཉམས་ལེན་བྱེད་ཐུབ་ཚེ་འདྲ་འདྲ་ནང་ནས་མ་འདྲ་བ་ཞིག་ཆགས་ཀྱི་རེད་ཅེས་གསུངས།

༧གོང་ས་མཆོག་ནས་དགེ་འདུན་པ་དང་བཙུན་མར་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་མཛད། དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གཙོས་པའི་ནང་པའི་བཙུན་མ་གྲངས་ ༤༠ ལྷག་ལ་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་མཛད་འདུག དེ་བཞིན་ཁ་སང་ཕྱི་ཚེས་ ༢༥ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གཙོས་པའི་ནང་པའི་རྗེས་འབྲང་པ་གྲངས་ ༣༠ ལ་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་མཛད་ཡོད་འདུག

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སྔོན་མ་ཆོས་ཚོགས་ཤིག་གི་སྐབས་སུ་སྟོན་པ་བཅོམ་ལྡན་འདས་ཀྱིས་ངོས་རང་ཡར་ཤོག་གསུངས་སོང་། ངོས་ཀྱང་བཅོམ་ལྡན་འདས་ཀྱི་འཁྲིས་སུ་བཅར་བ་ཡིན། བཅོམ་ལྡན་འདས་ལ་ཕུལ་རྒྱུ་གང་ཡང་མི་འདུག ཅོ་ཀོ་ལེ་ཀྲི་གཉིས་ཕུལ་བ་ཡིན། བཅོམ་ལྡན་འདས་ཀྱིས་ཧ་ཅང་མཉེས་པ་གནང་བྱུང་། ངོས་ཀྱི་སེམས་ནང་རང་ཉིད་བསྟན་པའི་རྗེས་སུ་འཛིན་མཁན་ཞིག་རེད་བསམ་བྱུང་། བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་བྱས་ཏེ།  ང་ཚོ་བཙན་བྱོལ་བ་ཆགས་པ་རེད། ཕྱོགས་གཅིག་ནས་བལྟས་ཚེ་སྐྱབས་མེད་མགོན་མེད་ཆགས་ཡོད་ཀྱང་། ཕྱོགས་གཞན་ནས་བལྟས་ཚེ་རང་དབང་ལྡན་པའི་ཐོག་ནས་སྟོན་པའི་ཞབས་འདེགས་བསྒྲུབ་མཁན་ཆགས་ཡོད་པས། ང་ཚོ་བསོད་ནམས་ཆེན་པོ་རེད། ད་ལྟ་བར་དུ་ཚང་མས་ཧུར་ཐག་བྱས་སོང་། ད་དུང་ཡང་ཧུར་ཐག་བྱ་རྒྱུ་གལ་ཆེན་པོ་རེད། ཆོས་ཞེས་པ་ནི་ཁ་དང་ཚིག་ཙམ་མིན་པར་ལག་ལེན་དང་ཉམས་ལེན་གྱི་ཐོག་ནས་བྱེད་ཐུབ་ཚེ་འདྲ་འདྲ་ནང་ནས་མ་འདྲ་བ་ཞིག་ཆགས་ཀྱི་རེད། ཅེས་གསུངས་སོང་།

དེ་བཞིན་ཕྱི་ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཧི་མ་ཅལ་མངའ་སྡེའི་ཀངྒ་རཱ་རྫོང་གི་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བེ་ར་བཱ་ (Hemraj Bairwa) ལགས་དང་། རྫོང་དཔོན་གཞོན་པ་སྐུ་ཞབས་སོ་རབ་ཇ་སལ་ (Saurabh Jassal) ལགས། སྐུ་ཞབས་ཧ་རིཤི་གྷ་ཇུ་(Dr. Harrish Gajju) ལགས། སྐུ་ཞབས་སཱན་ཇེ་ཝ་བྷོ་ཊ་(Sanjeev Bhott) ལགས་བཅས་ནས་མཇལ་བཅར་ཞུས་འདུག་ལ། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། རྒྱ་གར་ནི་གཏན་སྡོད་ཀྱི་ཕ་ཡུལ་ཡིན་པའི་ཚོར་སྣང་དང་། དྷ་རམ་ས་ལ་ནི་འཛམ་གླིང་གི་ཡུལ་སྐོར་ཡོང་སའི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན་པར་བསྔགས་བརྗོད། དྷོ་ལ་དྷར་ནི་བོད་ནང་གི་རི་བོར་འདྲ་བ་མ་ཟད། པོང་མཚེའུ་ཡིས་བོད་ནང་གི་ལྷ་མོ་བླ་མཚོ་དྲན་གསོ་གཏོང་བའི་སྐོར་གསུངས་འདུག

མཛད་འཆར་ལྟར་ན། ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་གྱི་སྔ་དྲོ་ཐའེ་ཝན་གྱི་དད་ལྡན་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༢༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese