མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་མི་མང་གྲངས་ ༦༣༠༠ ལྷག་ལ་ལམ་གཙོ་རྣམ་གསུམ་གྱི་ཆོས་འགྲེལ་མཛད།

བོད་ཀྱི་དུས་བབ།
༢༠༢༤/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་འཛམ་གླིང་འདིར་གོ་མཚོན་གྱིས་མི་མང་པོར་སྡུག་བསྔལ་སྤྲོད་པ་ལས་གྲུབ་འབྲས་གང་ཡང་བྱུང་མེད་པས། ཆགས་སྡང་གི་བློ་བཞག་སྟེ་ཀུན་ལ་ཕན་སེམས་ཀྱི་བློ་ཡག་པོ་བསྐྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྗེ་རིན་པོ་ཆེ་མཆོག་གིས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ་སོང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༣༠།༩།༢༠༢༤

དེ་རིང་ཕྱི་ཚེས་ ༣༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐའེ་ཝན་གྱི་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྗེ་རིན་པོ་ཆེ་མཆོག་གི་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གནང་སྐབས།  དེ་རིང་འདིར་ལམ་གཙོ་རྣམ་གསུམ་གྱི་ཆོས་འགྲེལ་བྱེད་ཀྱི་ཡོད་པ་རེད།  རྗེ་རིན་པོ་ཆེའི་འཁྲུངས་ས་དང་ངོས་ཀྱི་སྐྱེས་ས་གཉིས་ཐག་ཧ་ཅང་ཉེ་བོ་རེད། ངོས་ཀྱི་བསམ་བློ་གཏོང་སྟངས་རྗེ་རིན་པོ་ཆེ་དང་འདྲ་བོ་ཡོད་པ་ཞིག་མཐོང་གི་འདུག རྗེ་རིན་པོ་ཆེས་སྤྱིར་སངས་རྒྱས་ཀྱི་ཆོས་དང་ཡང་སྒོས་གངས་ཅན་ལྗོངས་ཀྱི་བསྟན་པའི་དོན་དུ་སྲིད་པ་བཟུང་བ་གསལ་བོ་རེད། ངོས་ཀྱིས་ཀྱང་རྗེ་རིན་པོ་ཆེ་བཞིན་དུ་བསམ་བཞིན་སྲིད་པ་བཟུང་བའི་ཁུལ་རེད། ངོས་ཀྱིས་གཟབ་གཟབ་མ་བྱས་ཚེ་རྗེ་རིན་པོ་ཆེ་ཨ་མདོ་ནས་ཡིན་པས།  ངོས་ཀྱིས་ཨ་མདོའི་ཞབས་འདྲེན་ཞུ་ཡི་ཡོད་པ་རེད། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་ཞེས་མཚན་སྙན་ས་གསུམ་དུ་ཁྱབ་ཡོད། ངོས་རང་ཆུང་ཆུང་ནས་རྗེ་བློ་བཟང་གྲགས་པར་སེམས་ཐག་ཉེ་པོ་དང་སེམས་འདྲེས་བསྡད་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ཀྱང་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་པར་ཡིན་གཅིག་ལུང་པ་གཅིག་དགོས་ཀྱི་མི་འདུག ད་ལྟའི་ཆར་སངས་རྒྱས་ཀྱི་ཆོས་འཛམ་གླིང་དུ་ཁྱབ་བཞིན་ཡོད། ངོས་རང་གིས་སྤྱིར་སངས་རྒྱས་ཀྱི་ཆོས་དང་། འཇམ་མགོན་བླ་མའི་བསྟན་པར་ཉམས་ལེན་བྱས་ཏེ་མི་རྣམས་ལ་གང་ཐུབ་གསལ་བཤད་བྱེད་བཞིན་ཡོད། ངོས་རང་བོད་ནས་གནས་སྤོས་ཏེ་དྷ་རམ་ས་ལར་གཞིས་ཆགས་པ་རེད། ངོས་ཀྱིས་ཉམས་ལེན་གཙོ་བོ་རྗེ་རིན་པོ་ཆེའི་གསུང་པོ་ཏི་བཅོ་བརྒྱད་ཡིན། ཆོས་རྗེ་བློ་བཟང་གྲགས་པ་ཞེས་པ་སེམས་ནང་མ་འདྲ་བ་ཞིག་ཡོང་གི་འདུག དེ་རིང་དྷ་རམ་ས་ལར་རྗེ་རིན་པོ་ཆེའི་ལམ་གཙོ་རྣམ་གསུམ་གྱི་ཞལ་ལུང་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་༧གོང་ས་མཆོག་ནས། བོད་པ་བཙན་བྱོལ་བ་ཆགས་པའི་ལོ་འདི་དག་གི་རིང་བོད་ཀྱི་བླ་སྲོག་ནི་སངས་རྒྱས་ཀྱི་ཆོས་རེད། དངོས་གནས་དྲང་གནས་སངས་རྒྱས་ཆོས་ཀྱི་འགྲོ་སྟངས་དང་ཆོས་དད་དམ་དུ་བཟུང་ནས་བསྡད་པ་རེད། འཛམ་གླིང་དུ་བོད་ཀྱི་ནང་པའི་ཆོས་དང་རི་བོ་དགེ་ལུགས་པའི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་འཛིན་སྟངས་ཐོག་ཆོས་དད་ཡོད་མཁན་མང་པོས་དོ་སྣང་བྱེད་བཞིན་འདུག ངོས་ཀྱང་ཆུང་དུས་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པར་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ལས་སྨོན་འབྲེལ་ཡོད་པ་ཧ་ཅང་གསལ་བོ་རེད།

ང་ཚོས་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་བཤད་སྲོལ་ཡོད་པ་ལྟར་ཕལ་ཆེར་རེད།  བཅོམ་ལྡན་འདས་ཀྱིས་རྒྱ་གར་དུ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེ་ནས་བོད་སོག་ནང་དུ་རིམ་བཞིན་དར་ཁྱབ་ཤུགས་ཆེན་བྱུང་། ད་ལྟ་བར་རྒྱ་གུང་ཁྲན་གྱིས་བོད་ནང་བཙན་དབང་དང་དམ་དྲག་བྱས་ཡོད་ཀྱང་། བོད་པའི་ཆོས་དད་འགྱུར་བ་ཁྱོན་ནས་མེད་པར་བསྡད་པ་རེད། རྒྱ་གར་ནང་དུའང་སྐྱ་སེར་ཚང་མས་ཆོས་དད་ཤུགས་ཆེན་ཟིན་བསྡད་ཡོད་པར་ཧ་ཅང་ཡག་པོ་རེད། འཛམ་གླིང་དུ་ནང་པའི་ཆོས་ལ་དོ་སྣང་ཡོང་སྐབས་བོད་པ་ཚོས་ཀྱང་ཆོས་ལ་དོ་སྣང་བྱས་ཏེ་དམིགས་བསལ་བདག་པོ་རྒྱག་གི་འདུག ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་ནས། དེང་སང་འཛམ་གླིང་གང་སར་ནང་པའི་ཆོས་ལ་དོ་སྣང་ཆེ་རུ་འགྲོ་བའི་སྲོལ་ཞིག་འདུག ནང་ཆོས་དེ་རྣམ་དཔྱོད་དང་ཤེས་རབ་ཀྱིས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཆགས་ཡོད་པས། ཤེས་ཡོན་ཅན་དང་བསམ་བློ་གཏིང་ཟབ་གཏོང་མཁན་རྣམས་ཀྱིས་དམིགས་བསལ་དོ་སྣང་དང་དགའ་བ་བྱེད་ཀྱི་འདུག  ང་ཚོས་འདོན་པ་འདོན་རྒྱུ་རྐྱང་རྐྱང་མ་ཡིན་པར་དཔེ་ཆ་བལྟ་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ད་ལྟའི་གནས་སྐབས་སུ་ང་ཚོ་རང་ཉིད་ཀྱི་ལུང་པར་ཁ་བྲལ་ཡོད་པ་དང་། འཛམ་གླིང་འདིར་འཁྲུག་པ་མང་པོ་རྒྱག་པའི་དུས་སྐབས་ཤིག་ཆགས་ཡོད། འཛམ་གླིང་ལྷོ་བྱང་གང་དུ་བལྟས་ཀྱང་གོ་མཚོན་ལ་དང་དོད་བྱེད་ཀྱི་ཡོད། དེ་ལྟར་མ་ཡིན་པར་འཛམ་བུ་གླིང་འདིར་བྱམས་བརྩེ་ངང་འཚོ་ཐུབ་པ་ཞིག་བྱུང་དགོས། དེ་མ་འགྲུབ་པ་གང་ཡང་མ་རེད། གོ་མཚོན་གྱིས་མི་མང་པོ་ཞིག་ཕྱི་མ་འགྲོ་བའི་སྡུག་བསྔལ་མྱོང་བ་ལས་རྩོད་པ་བྱས་པ་དེས་གྲུབ་འབྲས་གང་ཡང་བྱུང་མེད། ཆགས་སྡང་གི་བློ་བཞག་སྟེ་ཀུན་ལ་ཕན་སེམས་ཀྱི་བློ་ཡག་པོ་ཞིག་བསྐྱེད་ཚེ། ཀུན་ལ་ཕན་ཐོགས་ཀྱི་ཡོད་པས། ང་ཚོ་ཚང་མས་སེམས་བསྐྱེད་བཟང་པོ་ཞིག་བསྐྱེད་པ་གལ་ཆེན་པོ་རེད། དེ་རིང་འདིར་འདུས་ཡོད་པའི་ཆོས་པ་རྣམས་ཀྱིས་ཀྱང་སེམས་བཟང་པོའི་ཐོག་སེམས་ཤུགས་བསྐྱེད་ཤོག ཅེས་གསུངས་སོང་།

མཇུག་ཏུ་ཐའེ་ཝན་དད་ལྡན་ཁག་ཅིག་ནས་བྱང་ཆུབ་སེམས་ཀྱི་སྐོར་ལ་བཀའ་འདྲི་བྱས་པར་༧མགོན་པོ་གང་ཉིད་མཆོག་ནས། མངོན་མཐོའི་གོ་འཕངས་ཐོབ་པའི་རྒྱུ་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་རེད། ངོས་རང་ལ་ཆ་བཞག་ཚེ། ཞོགས་པར་ཡར་ལངས་པ་དང་མཉམ་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་སྒོམ་བཞིན་ཡོད། དེ་ནི་མངོན་མཐོ་བསྒྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཆགས་བསྡད་ཡོད། ཅེས་བཀའ་སློབ་སྩལ།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese