མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་གི་ན་གཞོན་ལས་མེད་མང་དུ་འགྲོ་བཞིན་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་གནད་དོན།

བོད་ཀྱི་དུས་བབ།
༢༠༢༤/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

མགོ་ལོག་ལྕགས་མོས་རྒྱ་ཡིག་ནས་བསྒྱུར།

རྒྱ་ནག་གཞུང་གི་སྡོམ་རྩིས་ལས་ཁུངས་ཀྱིས་ཐེངས་གཉིས་པར་ཕྱིར་བསྒྲགས་བྱས་པའི་གཞོན་སྐྱེས་ལས་མེད་ཀྱི་གྲངས་ཐོ་ནི་ལོ་16 ནས་24 བར་གྱི་སློབ་གྲྭར་འགྲོ་བཞིན་པའི་སློབ་མ་མ་ཚུད་པའི་ན་གཞོན་ལས་ཤོར་ཚད་གཞི་ནི་ 15.3% ཡིན་པ་དང་། དེ་ནི་ཐེངས་དང་པོར་ཕྱིར་བསྒྲགས་བྱས་པའི་གྲངས་ཐོ་ལས་བརྒྱ་ཆ་ ༠.༤% འཕར་ཡོད་པ་གཞུང་ངོས་ནས་ཕྱིར་བསྒྲགས་བྱས་ཡོད།

རྒྱ་ནག་གཞུང་གི་སྡོམ་རྩིས་ལས་ཁུངས་ཀྱིས་གསལ་བསྒྲགས་དེ་ལ་གཞོན་སྐྱེས་མང་པོས་དྲ་ཐོག་ནས་ཟུར་ཟ་དང་། འཕྱ་སྨོད་བྱས་ཡོད་པ་དང་། གྲངས་འབོར་དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་ཚུལ་བརྗོད་འདུག སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་བསྐྱར་གསོ་བྱས་པ་གཞུང་གི་རེ་བ་ལྟར་མ་བྱུང་བ་དང་། གཞུང་འབྲེལ་གྱི་སྒྲིག་གཞི་དང་གྲངས་ཐོ་ཇི་ལྟར་བསྒྱུར་བཅོས་བྱས་ཀྱང་། གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་མཐོ་རུ་འགྲོ་བཞིན་པའི་དཀའ་ངལ་དེ་སྦས་ཐབས་མེད་པ་བརྗོད་ཡོད། ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་ནག་རྒྱལ་ཡོངས་སྒྲིག་གཞི་ལྟ་ཞིབ་ཁང་གིས་ཟླ་ ༢ པའི་རྒྱལ་ཡོངས་གྲོང་ཁྱེར་ཁུལ་དུ་སློབ་གྲྭར་འགྲོ་བཞིན་པའི་སློབ་མ་ལོ་ ༡༦ ནས་ ༢༤ བར་མ་ཚུད་པའི་གཞོན་སྐྱེས་ལས་མེད་བརྒྱ་ཆ་ ༡༥.༣% ཡིན་པ་ཕྱིར་བསྒྲགས་བྱས་ཡོད། གྲངས་ཐོ་དེ་རྒྱལ་ཡོངས་གྲོང་ཁྱེར་ཁུལ་གྱི་གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་ ༥.༣% དང་བསྡུར་ན། གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་ཛ་དྲག་ཆེ་རུ་འགྲོ་བཞིན་པ་མངོན་གསལ་དོད་པོ་བྱུང་ཡོད།

མི་དམངས་ཀྱི་འཚོ་གནས་དང་འབྲེལ་བ་ཆེ་བའི་ལས་མེད་ཀྱི་བརྒྱ་ཆའི་སྐོར་ལ་རྒྱ་གཞུང་སྡོམ་རྩིས་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་དང་། དཔལ་འབྱོར་རིག་པ་བ་གཙོ་བོ་ལིའུ་ཨའེ་ཧྭ་(刘爱华)ཡིས་གསུང་དོན། བྱ་བའི་ལས་གནས་བརྟན་པོ་ཡོང་བར་ཕན་ཐོགས་པའི་རྒྱུ་རྐྱེན་མང་དུ་འཕེལ་བཞིན་པ་དང་། གཞོན་སྐྱེས་ཚོར་ལས་ཀ་སྤྲོད་པའི་སྲིད་ཇུས་ཤུགས་ཆེ་རུ་གཏོང་བ། ལས་ཀ་དང་ཚོང་ལས་གསར་འཛུགས་ཀྱི་ལམ་སྟོན་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་བཅས་བྱེད་བཞིན་ཡོད་སྐོར་བརྗོད་འདུག གཞུང་འབྲེལ་ཐོག་བྱ་བའི་ལས་གནས་ཡག་ཏུ་འགྲོ་བཞིན་པའི་གསལ་བསྒྲགས་ཤིག་སྤྱི་ཚོགས་དྲ་རྒྱ་微博ལ་སོགས་པའི་བརྒྱུད་ལམ་ཁག་ཏུ་མི་མང་པོས་མོས་མཐུན་མེད་པའི་རྣམ་པ་ཤུགས་ཆེན་བསྟན་ཡོད། མི་ཁ་ཤས་ཀྱིས་བཤད་རྒྱུར ”གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་ནི་ལས་མེད་དུ་ཆགས་རྗེས་ཐོ་འགོད་བྱས་པ་རྣམས་བརྩིས་ཡོད་པ་རེད། ཐོ་འགོད་མ་བྱས་པའི་གཞོན་སྐྱེས་རྣམས་རྩིས་ཡོད་པ་མ་རེད། དེ་གཉིས་ལ་ཁྱད་པར་ཏན་ཏན་ཡོད་པ་རེད། དངོས་ཡོད་ཀྱི་གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་ག་ཚོད་མཐོ་པོ་ཡིན་པ་ཚོད་དཔག་བྱས་ན་ཤེས་ཐུབ། གཞུང་གིས་ཕྱིར་བསྒྲགས་བྱས་པའི་གཞོན་སྐྱེས་གྲངས་ཐོ་ལ་ཕན་ཐོགས་མི་འདུག རྒྱུ་མཚན་ནི་དངོས་གནས་ལས་མེད་དུ་གྱུར་པ་རྣམས་རྩིས་མི་འདུག གྲངས་ཐོ་བལྟས་ན་དོན་སྙིང་མི་འདུག རང་གི་ཉེ་འཁོར་གྱི་འབྱུང་བཞིན་པའི་ན་གཞོན་ལས་མེད་ཀྱི་གནས་སྟངས་ལ་བལྟས་ན་ཤེས་པ་རེད་ཟེར། ཡར་ལངས་ན་འགྲོ་ས་མེད། ས་བསྡད་ན་འདུག་ས་མེད་པའི་རྒྱ་ནག་གི་ན་གཞོན་ཚོའི་མདུན་ལམ་ལ་ཁ་ཕྱོགས་མེད་པ་དང་། རྒྱ་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་ཐོས་ན་གཞོན་ཚོའི་འཚོ་གནས་དངོས་གསལ་བཤད་བྱེད་མི་ཐུབ། ལོ་སྔོན་མའི་ཟླ་ ༦ པར་སློབ་མཐར་ཕྱིན་པའི་ཧྲང་ཧའེ་གྲོང་ཁྱེར་ནས་ཡིན་པའི་ན་གཞོན་ཀྲང་ཁྲེང་(张承)ཡིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་རྒྱུར། ད་བར་དུ་ཁོ་རང་གིས་འདོད་པ་ཁེངས་པའི་གཏན་འཇགས་ལས་ཀ་ཞིག་རྙེད་མ་ཐུབ་པར་བརྟེན། ད་ལྟ་”ལས་ཀ་རག་ཚད་”བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད། ཅེས་བརྗོད། ཁོང་གིས་བློ་ཕམ་དང་བཅས་བརྗོད་དོན། ཁོ་རང་ན་གཞོན་ལས་མེད་ཀྱི་གྲངས་ཐོའི་ནང་དུ་འཇོག་འོས་པ་ཞིག་ཡིན་ནའང་། གལ་ཏེ་ང་ལྟ་བུའི་མི་ཚང་མ་ལས་མེད་ན་གཞོན་གྱི་ཁོངས་སུ་བརྩིས་ན། རྒྱ་ནག་གཞུང་གི་མིང་གྲགས་ལ་གནོད་པས་ང་རང་ལས་མེད་ན་གཞོན་གྱི་གྲངས་ཐོ་ནང་དུ་མེད། ཀྲང་ལགས་ཀྱིས་བཤད་རྒྱུར་ན་གཞོན་ལས་མེད་ཀྱི་གྲངས་ཐོ་བསྡུ་ལེན་བྱེད་སྟངས་ག་འདྲ་ཞིག་ཡིན་རུང་། ལས་མེད་ཀྱི་གྲངས་ཐོ་ག་འདྲ་བཟོ་བཅོས་བྱས་ཀྱང་། དངོས་ཡོད་གནས་སྟངས་ནི་རྒྱ་ནག་ནང་གི་ན་གཞོན་ཚོས་རང་གི་འདོད་པ་དང་མཐུན་པའི་ལས་ཀ་རྙེད་ཐུབ་ཀྱི་མེད་པས། “སེམས་ཤི”ནས་སྡོད་པ་དང་། “བཅུ་མེད་ན་གཞོན་” (十不青年) གྱི་འཚོ་བ་སྐྱེལ་བཞིན་ཡོད། རྒྱ་ནང་གི་ན་གཞོན་ཚོ་མ་འོངས་པར་ཡིད་ཆད་པའི་རྐྱེན་གྱིས་ཉེ་ཆར་སྐད་འཕྲིན་ནང་དུ་ “བཅུ་མེད་ན་གཞོན་”ཞེས་པའི་རྩོམ་ཡིག་ཅིག་ཁྱབ་གདལ་ཆེན་པོ་བྱུང་ཡོད་པ་དེའི་ནང་དུ་ཁྲག་སྦྱིན་མི་བྱེད། ཞལ་འདེབས་མི་བྱེད། གཉེན་སྒྲིག་མི་བྱེད། བུ་ཕྲུག་མི་བཙས། ཁང་པ་མི་ཉོ། རྒྱན་ཤོག་མི་ཉོ། མ་རྐང་མི་འཇོག ཐེབས་རྩ་མི་ཉོ། རྒས་ཁོག་མི་གཉོར། སེམས་འགུལ་མི་ཐེབས་ཞེས་ན་གཞོན་ཚོས་སེམས་པ་ཤི་ཚར་བ་བསྟན་ཡོད། ཀྲང་ལགས་ཀྱིས་རང་ཉིད་ལ་ཁྲེལ་དགོད་བྱེད་ཞོར་བརྗོད་དོན། རྒྱ་གཞུང་ནང་གི་དཔལ་འབྱོར་གྱི་འགྲོ་སྟངས་བརྟན་པོ་དང་། ཡར་རྒྱས་འགྲོ་བཞིན་པ་ནན་བཤད་བྱས་པ་ལ་བལྟས་ན་རྒྱ་ནང་གི་གཞོན་ཚོ་ནི་བརྟན་པོར་ལྷིང་འཇགས་ངང་འཚོ་བ་རོལ་ནས་ཡར་ལངས་འདོད་མེད་པ་”ཞིག་ཏུ་གྱུར་ཡོད། ཅེས་བཤད།

ཁོང་གིས་ད་དུང་འདི་ལྟར་གསུང་དོན། སློབ་གྲྭ་ཆེན་མོའི་སློབ་གྲོགས་འགའ་ཞིག་མཐོ་སློབ་མཐར་ཕྱིན་རྗེས་ལས་ཀ་རྙེད་དཀའ་བར་རྒྱུས་ལོན་བྱུང་རྗེས། མུ་མཐུད་དུ་ཞིབ་འཇུག་སློབ་གཉེར་བྱ་རྒྱུ་བདམས་ཡོད། འོན་ཀྱང་བྱ་ཐབས་དེ་ནི་དཀའ་ངལ་ལས་བྲོས་པ་ཙམ་ལས་མ་འདས། ལོ་གཉིས་ཀྱི་རྗེས་སུ་ལས་ཀའི་ཁོར་ཡུག་ཡག་ཏུ་འགྲོ་བར་སུས་འགན་ལེན་བྱེད་ཐུབ་བམ། ད་ལྟའི་གནས་སྟངས་ལ་བལྟས་ན། རྒན་པ་ཚོས་ལས་མཚམས་འཇོག་འདོད་མེད་ལ། སློབ་ཆེན་མཐར་ཕྱིན་པའི་སློབ་མ་མང་དུ་འགྲོ་བཞིན་ཡོད་པས། མ་འོངས་པའི་ལས་གནས་ཀྱི་གོ་སྐབས་ཉུང་དུ་འགྲོ་ངེས་རེད། རྒྱ་ནག་གི་ཤེས་ཡོན་ལྷན་ཁང་གི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གི་མཐོ་རིམ་སློབ་ཆེན་ཁག་གི་མཐར་ཕྱིན་སློབ་མའི་གྲངས་ཐོ་ས་ཡ་ ༡༡.༧༩ ལ་སླེབས་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་དང་། མཐར་ཕྱིན་སློབ་མའི་གྲངས་ཐོ་མཐོ་ཤོས་ལ་སླེབས་ཡོད་པས་ད་ལོའི་དབྱར་ཁར་ལས་ཀའི་གནོན་ཤུགས་ཆེ་རུ་འགྲོ་བ་དངོས་ཡོད་ཡིན། ཞེས་བཤད།

དབྱིན་ཡུལ་གྱི་(Pantheon Macroeconomics) དཔལ་འབྱོར་སློབ་སྟོན་ཚོགས་པ་ (Pantheon Macroeconomics) རྒྱ་ནག་སྐོར་གྱི་དཔལ་འབྱོར་མཁས་དབང་རྒན་པ་ཀེལ་ཝིན་ལེམ་ (Kelvin Lam) ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་གསལ་བཤད་བྱས་དོན། རྒྱ་ནག་ནང་ཁུལ་དུ་ལོ་རེར་མཐོ་སློབ་མཐར་ཕྱིན་སློབ་མ་ས་ཡ་ ༡༠ ནས་ ༡༢ བར་ཡོད་པ་དང་། ཁོ་ཚོ་ལས་ཀའི་ཁྲོམ་རར་གསར་ཞུགས་བྱེད་བཞིན་ཡོད། སྔོན་མ་དཔལ་འབྱོར་གྱི་གནས་བབ་ཡག་པོ་ཡོད་པའི་སྐབས་སུ། སྒེར་གཉེར་དང་གཞུང་གཉེར་གྱི་ཚོང་ལས་ཁག་གིས་ཁོ་ཚོར་འདང་ངེས་ཀྱི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་ཡོད། འོན་ཀྱང་ཉེ་བའི་ལོ་ཁ་ཤས་ནང་རྒྱ་ནག་གཞུང་གིས་ཚོང་ལས་ཁག་ལ་སྟངས་འཛིན་དང་གནོན་ཤུགས་ཆེ་རུ་བཏང་བ་དང་། དེ་བཞིན་རྒྱལ་ཁབ་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་ཉམས་རྒུད་དུ་ཕྱིན་པ་བཅས་ཀྱི་རྐྱེན་གྱིས་ལས་མི་གསར་ཞུགས་ཀྱི་གོ་སྐབས་ལ་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད། རྒྱ་གཞུང་གིས་གཞོན་སྐྱེས་ལས་མེད་སྤྱི་སྡོམ་ཐབས་ལམ་ལ་འགྱུར་བ་བཏང་ཡང་། རྒྱ་ནག་གི་གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་ཕྱི་ཟླ་ ༢ པར་མུ་མཐུད་ནས་འཕར་ཡོད་པ་དང། སྤྱི་སྡོམ་ཐབས་ལམ་ལེགས་བཅོས་རྗེས་སུའང་གཞོན་སྐྱེས་ལས་མེད་བརྒྱ་ཆ་སླར་ཡང་འཕར་བཞིན་ཡོད། རྒྱ་ནག་གི་གཞོན་སྐྱེས་ལས་མེད་བརྒྱ་ཆ་ནི་ན་ནིང་གི་ལོ་ཕྱེད་ཙམ་ནས་ཟླ་རེར་གྲངས་ཐོ་གསར་པ་ཐོན་བཞིན་ཡོད། ཕྱི་ཟླ་ ༦ པར་བརྒྱ་ཆ་ ༢༡.༣ བར་འཕར་ཡོད། རྗེས་སུ་རྒྱལ་ཁབ་སྡོམ་རྩིས་ལས་ཁུངས་ཀྱིས་གྲངས་ཐོ་དེ་གསལ་བསྒྲགས་བྱ་རྒྱུ་གནས་སྐབས་རིང་མཚམས་འཇོག་བྱས་པར་གཞུང་ངོས་ནས་དོན་དངོས་ ”སྦས་གསང་”བྱས་པའི་ནག་ཉེས་ལ་སྐྱོན་བརྗོད་ཕོག་ཡོད། ད་ལོའི་ཟླ་ ༡ པོར་གཞུང་ཕྱོགས་ནས་”ལེགས་བཅོས་”བྱས་པའི་གྲངས་ཐོ་གསར་པ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། དེའི་ནང་དུ་སློབ་ཆེན་སློབ་མ་ཞོར་ལས་འཚོལ་མཁན་རྣམས་ཕྱིར་འཐེན་བྱས་ཡོད་པ་དང་།  སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་ནང་དུ་ལས་ཀ་འཚོལ་བཞིན་པའི་གཞོན་སྐྱེས་ས་ཡ་ ༣༤ ལྷག་ཙམ་ལ་གཞི་བཞག་ནས་བརྩིས་ཡོད། འོན་ཀྱང་རྒྱལ་སྤྱིའི་ངལ་རྩོལ་ལྷན་ཚོགས་ཀྱི་བཤད་ཚུལ་ལྟར་ན། སློབ་མ་རྣམས་ལས་མེད་བརྒྱ་ཆའི་རྩིས་རྒྱག་ཁྱབ་ཁོངས་ནས་ཕྱིར་འབུད་བྱས་པ་དེ་ནི་ཚོགས་པ་དེས་གཏན་འབེབས་བྱས་པའི་སྒྲིག་གཞི་དང་མི་མཐུན་པ་ཞིག་རེད། གལ་ཏེ་སློབ་མ་ཞིག་གིས་རྒྱུན་དུ་ལས་ཀ་འཚོལ་བཞིན་ཡོད་ན། ཁོང་ཡང་གཞོན་སྐྱེས་ལས་མེད་ཀྱི་གྲངས་ཐོའི་ནང་དུ་འཇུག་དགོས་པ་ཡིན།རྒྱ་ནག་གི་གཞོན་སྐྱེས་གྲངས་ཐོ་ལེགས་བཅོས་བྱས་རྗེས། རྒྱ་ནག་གི་ན་གཞོན་ལས་མེད་ན་ནིང་ལོའི་ཟླ་ ༡༢ པའི་ནང་ལོ་ ༡༦ ནས་ ༢༤ བར་གྱི་ན་གཞོན་ལས་མེད་བརྒྱ་ཆ་ ༡༤.༩ བར་ཧ་ཅང་ཉུང་དུ་ཕྱིན་ཡོད་ལ། ད་ལོའི་ཟླ་ ༡ པོར་བརྒྱ་ཆ་ ༡༤.༦ བར་མུ་མཐུད་ནས་ཉུང་དུ་ཕྱིན་ཡོད། འོན་ཀྱང་ཟླ་ ༢ པར་སླར་ཡང་བརྒྱ་ཆ་ ༡༥.༣ བར་འཕར་ཡོད། ཐའེ་པེ་ཚན་རྩལ་སློབ་ཆེན་གྱི་རྒྱལ་སྤྱིའི་ཚོང་འབྲེལ་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་ཀྲང་ཧོང་ཡིན་(张弘院 ) གྱིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་སྐབས་གསུང་རྒྱུར་རྒྱ་ནག་གཞུང་གིས་ན་གཞོན་ལས་མེད་སྡོམ་རྩིས་ཐབས་ལམ་བཅོས་བསྒྱུར་བྱས་ཏེ་གཞོན་སྐྱེས་ལས་མེད་ཀྱི་གྲངས་ཐོ་མངོན་གསལ་དོད་པོས་ཉུང་དུ་བཏང་ཡོད་ནའང་། གཞོན་སྐྱེས་ལས་མེད་ཀྱི་དངོས་ཡོད་གྲངས་ཐོ་དང་བསྡུར་ན་ལས་མེད་བརྒྱ་ཆ་ད་དུང་འཕར་བཞིན་པ་མཐོང་ཐུབ། གཞོན་སྐྱེས་ལས་མེད་བརྒྱ་ཆ་མཐོ་པོར་གྱུར་བའི་རྒྱུ་རྐྱེན་གཙོ་བོ་སེལ་ཐུབ་མེད་པ་ར་སྤྲོད་བྱེད་ཐུབ། ཀྲང་ཧོང་ཡོན་ལགས་ཀྱིས་མུ་མཐུད་དུ་གསུང་རྒྱུར་ཐེངས་འདིའི་ཞིབ་བཤེར་གྲངས་ཐོ་ནི་གྲོང་ཁྱེར་གྱི་གཞོན་སྐྱེས་ལ་དམིགས་པ་ཞིག་ཡིན་ལ། གྲོང་ཁྱེར་གྱི་དཔལ་འབྱོར་ཕལ་ཆེར་བ་ནི་ཕྱིར་འཚོང་ཁེ་ལས་ཁག་དང་། དངུལ་རྩའི་ཞབས་ཞུའི་ལས་རིགས། ཁང་ས་ཉོ་ཚོང་གི་ལས་རིགས།  སྔོན་ཆད་གཞོན་སྐྱེས་མང་པོས་ལས་རིགས་འདི་དག་གཉེར་བཞིན་ཡོད་ནའང་། ད་ལྟ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པས། ལས་མེད་བརྒྱ་ཆ་མཐོ་པོ་ཡོད་པ་ནི་ཧང་སངས་དགོས་པ་ཞིག་མིན་ལ། དོན་དངོས་གཞུང་འབྲེལ་གྱི་གྲངས་ཐོ་ནི་ད་ལྟའི་གཞོན་སྐྱེས་ལས་མེད་ཀྱི་གྲངས་ཐོ་ལས་ད་དུང་ཉུང་བ་ཡོང་མི་སྲིད་པ་མ་རེད།

ཀྲང་ཧོང་ཡོན་གྱིས་གསུང་རྒྱུར། ལས་མེད་བརྒྱ་ཆ་འཕར་བཞིན་པའི་རྒྱུ་མཚན་གཙོ་བོ་ནི་གཅིག་ནས་ཁོ་ཚོའི་ལས་རིགས་གཙོ་བོ་ཁག་ད་དུང་བསྐྱར་གསོ་བྱེད་ཐུབ་མེད་པ་མཚོན་པ་དང་། གཉིས་ནས་གྲོང་ཁྱེར་ནང་གི་གཞོན་སྐྱེས་ལས་མེད་ཀྱི་མི་འབོར་འཕར་བ། ལྷག་པར་དུ་གཞོན་སྐྱེས་ཚོའི་ནུས་པ་ད་དུང་བསྐྱར་གསོ་བྱས་ཐུབ་མེད་པ་མཚོན། ངས་ཚོད་དཔག་བྱས་ན་ཐེངས་འདིའི་གཞོན་སྐྱེས་ལས་མེད་ཀྱི་གྲངས་ཐོ་ནི་གཞུང་ངོས་ནས་ཉུང་དུ་བཏང་ཚར་རྗེས་ཀྱི་གྲངས་ཐོ་ཡིན། དངོས་ཡོད་ཀྱི་གཞོན་སྐྱེས་ལས་མེད་ཀྱི་གནས་སྟངས་ནི་བརྒྱ་ཆ་ ༡༦ ཡང་ན་ ༡༧ ཙམ་ཡིན་སྲིད། ཧྥ་རན་སིའི་ཞིང་ཡེ་དངུལ་ཁང་གི་རྒྱ་ནག་དཔལ་འབྱོར་ཆེད་མཁས་མ་ཡེ་ཁིལ་ལི་ (Michelle Lam) ལགས་ཀྱིས་གློག་འཕྲིན་བརྒྱུད་ནས་ཨ་རིའི་རླུང་འཕྲིན་ཁང་ལ་ལན་འདེབས་བྱས་པའི་ནང་དུ་ད་བར་དུ་རྒྱ་ནག་གི་དཔལ་འབྱོར་བསྐྱར་གསོའི་ཚད་རིམ་ནི་ཆ་མི་སྙོམས་པའི་ངང་འགྲོ་བཞིན་ཡོད་དང་། རྒྱ་ནག་ནང་དུ་གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་འཕར་བཞིན་པའི་གནས་སྟངས་ཀྱིས་ཅི་ཞིག་འགྲེལ་བཤད་བརྒྱབ་པ་རེད་ཟེར་ན། རྒྱ་ནག་ནང་གི་ན་གཞོན་ཚོས་དཔལ་འབྱོར་བསྐྱར་གསོའི་ཁེ་ཕན་ལ་མྱོང་རོལ་མེད་པ་མཚོན་གྱི་ཡོད།

ཁོང་གིས་མུ་མཐུད་དུ་གསུང་རྒྱུར། དེང་སང་གི་ན་གཞོན་རྣམས་ཞབས་ཞུ་ལས་རིགས་ལ་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་ནའང། ཕྱི་ལོ ༢༠༢༡ ལོ་ནས་བཟུང་བའི་དམ་དྲག་གི་གནོན་ཤུགས་འོག་ནས་ལས་གནས་སོགས་བསྐྱར་གསོ་བྱས་ཐུབ་མེད་པ་རེད།  གལ་ཏེ་གནས་སྟངས་འདི་མུ་མཐུད་དུ་སོང་ན་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་ཀྱི་དཀའ་ངལ་ཞིག་ཏུ་འགྱུར་སྲིད་པ་དང་། གནས་སྟངས་དེ་འདྲས་ལས་གནས་མཉམ་ཞུགས་ཀྱི་ཚད་གཞི་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་རྟག་ཏུ་ཉམས་རྒུད་དུ་འགྲོ་བར་ཤུགས་རྐྱེན་ཐེབས་སྲིད།  དབྱིན་ཡུལ་གྱི་དཔལ་འབྱོར་ཉམས་ཞིབ་སློབ་སྟོན་ཁང་གི་ཉམས་ཞིབ་པ་ལིན་ཧའོ་པོ་(林浩波) ལགས་ཀྱིས་བསམ་འཆར་བཏོན་པ་ལྟར་ན། རྒྱ་ནག་ནང་གི་ལས་མེད་བརྒྱ་ཆའི་སྡོམ་རྩིས་ཐབས་ལམ་གསར་པ་དེ་ལ་ད་དུང་རྒྱས་ལོན་གྱི་གནས་ཚུལ་འདང་ངེས་མེད་པས། རྒྱ་ནག་ནང་གི་མ་འོངས་པའི་དཔལ་འབྱོར་འཕོ་འགྱུར་ལ་དཔྱད་ཞིབ་བྱེད་རྒྱུ་ཁག་པོ་ཡིན། ཁོང་གིས་གསུང་པ་ལྟར་ན། གཞུང་གིས་རིམ་བཞིན་དཔལ་འབྱོར་བསྐྱར་གསོའི་ཐབས་ལམ་དང་། དཔལ་འབྱོར་གོང་འཕེལ། བཟོ་ལས་རིམ་པ་མཐོ་རུ་གཏོང་བའི་སྐུལ་འདེད་བྱས་པ་དང་བསྟུན། ཡང་བསྐྱར་གཞོན་སྐྱེས་ཀྱི་ལས་མེད་བརྒྱ་ཆ་ཉུང་དུ་གཏོང་སྲིད་པ་ཡིན། འོན་ཀྱང་ད་ལྟའི་ཆར་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་འགྱུར་བ་འགྲོ་བ་ཚོད་དཔག་བྱ་ཐུབ་ཀྱི་མི་འདུག ལོ་ ༣༥ ལོན་པའི་ཕོ་ཧྲེང་དང་མོ་ཧྲེང་ཚོ་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་མཉམ་འཕྲད་བྱས་པ།  རྒྱ་ནག་གི་ན་ཚོད་རྒན་པའི་མི་རྣམས་ཀྱི་ལས་ཀའི་དཀའ་ངལ། མི་སྒེར་གྱི་ཚོང་ལས་ཁང་ཁག་གིས་གཞོན་སྐྱེས་ལས་མི་འདེམས་བསྐོ་བྱས་པའི་རྐྱེན་གྱིས་ལོ་ན་རྒས་པའི་ལས་མི་དང་། ལས་མི་རྒན་པ་རྣམས་ལས་ཀ་གནས་དབྱུང་བཏང་བ། གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་མཐོན་པོར་གནས་པ་དེ་ད་ཆ་གཞོན་སྐྱེས་ཁོ་ནའི་དཀའ་ངལ་མ་ཡིན་པར། ལས་ཁུངས་ག་གེ་མོའི་ནང་དུ་ལོ་མང་རིང་ལས་ཀ་བྱས་པའི་ལས་བྱེད་པ་འགའ་ཤས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་རེད།

ཧྲེན་ཀྲེན་(深圳) དུ་འཚོ་སྡོད་བྱེད་མཁན་དྲ་རྒྱའི་ཚོང་ལས་ཁང་དུ་ལས་ཀ་བྱེད་མཁན་མཱ་ཡེ་(Mia)  ལགས་ཀྱིས་གསུང་དོན། དེང་སང་མི་སྒེར་གྱིས་གཉེར་བའི་ཚོང་ལས་ཁང་ཆེན་པོ་ཚོས་ཀྱང་”སྤྱི་ཚོགས་ཀྱི་འགན་འཁྲི”ཟེར་བ་དེ་ཕྲག་པར་ལྷུང་ཡོད་པ་དང་། འགན་ཁུར་སྟངས་དེས་ལོ་ན་རྒས་པའི་ལས་བྱེད་རྣམས་གནས་དབྱུང་བཏང་རྗེས་སློབ་མཐར་ཕྱིན་མ་ཐག་པའི་སློབ་མ་རྣམས་ལ་ལས་ཀའི་གོ་སྐབས་སྤྲོད་རྒྱུ་དེ་རེད། དེའི་དམིགས་ཡུལ་ནི་གཞོན་སྐྱེས་ཀྱི་ལས་མེད་ཀྱི་བརྒྱ་ཆའི་གྲངས་ཐོ་སྤྱི་ཚོགས་ནང་དུ་མདོག་ཧ་ཅང་ཉེས་པོ་མི་ཡོང་པའི་ཆེད་དུ་ཡིན་པ་གསལ་པོ་རེད།

མཱ་ཡེ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུང་དོན། “ང་ཚོ་ལ་རྒྱུན་དུ་ཧྲེན་ཀྲེན་གྲོང་ཁྱེར་སྲིད་གཞུང་གི་བརྡ་ཐོ་དང་ཡིག་ཆ་འདྲ་མིན་འབྱོར་བཞིན་ཡོད། དཔེར་ན་ད་ལོ་ཧྲེན་ཀྲེན་གྲོང་ཁྱེར་ནས་མཐར་ཕྱིན་སློབ་མ་ག་ཚོད་ཡོད་མེད་སོགས་ཀྱི་གྲངས་ཐོའི་སྐོར་རེད། ཁེ་ལས་ཁང་ཆེན་པོ་ཚོའི་མི་ཤུགས་ཐོན་ཁུངས་(HR)ཀྱི་ལས་ཁུངས་ཚང་མར་སྲིད་གཞུང་གི་དགོས་འདུན་གྱི་ཡེ་གེ་འབྱོར་བཞིན་ཡོད། ཡི་གེའི་ནང་དུ་ཁྱེད་ཚོས་ངེས་པར་དུ་སློབ་གྲྭ་ནས་ཐོན་མ་ཐག་པའི་སློབ་མ་རྣམས་ལ་ལས་ཀའི་གོ་སྐབས་འབོར་ཚད་ངེས་ཅན་ཞིག་སྤྲོད་དགོས་ཞེས་འཁོད་ཡོད། ཞའོ་ཧོང་ཧྲི་ (小红书)  སྤྱི་ཚོགས་དྲ་ལམ་ལས་རིགས་འཆར་འགོད་པ་ལུག་ཁ་ (Lucca ) ལགས་ཀྱིས་གསུང་དོན། ད་ལྟའི་ཆར་སྲིད་གཞུང་གི་དགོས་འདུན་ཧ་ཅང་མངོན་གསལ་རེད། གཞོན་སྐྱེས་རྣམས་སྲུང་སྐྱོབ་བྱ་རྒྱུ་དང་། ལོ་ན་རྒས་པ་རྣམས་རྩ་དོར་བྱ་རྒྱུ་རེད། ཅེས་བཤད་བྱུང་།

དམིགས་ཡུལ་དེ་འདྲའི་རྐྱེན་གྱིས་ཁེ་ལས་གཉེར་མཁན་ཚོས་ལོ ༣༥ ཡན་གྱི་ལས་ཀའི་ས་མིག་ཉུང་དུ་བཏང་དང། གཞོན་སྐྱེས་ཚོར་གོ་སྐབས་སྤྲོད་བཞིན་ཡོད། རྒྱ་ནང་གི་ལོ་ ༣༥ ཡན་གྱི་མི་རྣམས་ལ་ཁང་བ་དང་རླངས་འཁོར་གྱི་བུ་ལོན་ཆ་ཚང་ཡོད་ནའང་། ལས་ཀ་ཤོར་བའི་རྐྱེན་ཀྱིས་བུ་ལོན་ལེན་ཆོག་པའི་ཚད་གཞི་རྫོགས་ཟིན་པ་རེད། དེ་བཞིན་ཁོ་ཚོས་གསར་བསྐྲུན་ཐུབ་པའི་ཁྲོམ་རའི་གོ་སྐབས་ཀྱང་རང་བཞིན་གྱིས་ཉུང་དུ་ཕྱིན་ཡོད།  གཞོན་སྐྱེས་ཚོའི་གནས་སྟངས་དེ་དང་མི་འདྲ་སྟེ། ལས་ཀ་ཡོད་ཚེ་བུ་ལོན་ལེན་པའི་དུས་ཚོད་ངེས་ཅན་ཡོད་པས།  འཚོ་བ་ལ་དགོས་མཁོ་བསྐྲུན་ཐུབ་པ་དང་། སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་ཡག་ཕྱོགས་ནས་འགྱུར་བ་གཏོང་ཐུབ།

མཱ་ཡེ་ལགས་ཀྱི་བསམ་ཚུལ་ཡིན་ན། ཁེ་ལས་པ་ཚོས་གཞོན་སྐྱེས་ཚོར་གླ་ཕོགས་ཉུང་ཉུང་སྤྲད་པའི་ཁེ་ཕན་ཡོད་ནའང་། གཞོན་སྐྱེས་ཚོའི་ཤེས་ཚད་མི་འདྲ་བ་དང་། ལས་ཀའི་གནས་སྟངས་བརྟན་པོ་མེད་པའི་སྐྱོན་ཡོད་པ་རེད། འོན་ཀྱང་། སྲིད་གཞུང་གིས་མངོན་གསལ་དོད་པོས་མི་སྒེར་གྱི་ཚོང་ལས་གཉེར་མཁན་ཚོའི་ལས་དོན་ལ་གྲུབ་འབྲས་ལྡན་པའི་དམིགས་ཡུལ་བཟུང་ཡོད། གཞུང་ངོས་ཀྱི་མཐའ་མའི་ཐག་གཅོད་བྱེད་སྟངས་ནི་སྒེར་གྱི་ཚོང་ལས་ཁང་ནང་ཁུལ་དུ་ངེས་པར་དུ་གཞོན་སྐྱེས་ཚོར་ལས་གནས་སྤྲོད་རྒྱུ་རེད་འདུག ལོ་འགའི་རྗེས་སུ་ད་ལོ་གོ་སྐབས་སྤྲད་པའི་གཞོན་སྐྱེས་དེ་ཚོ་ཕྱིར་འབུད་བྱས་རྗེས་གཞོན་སྐྱེས་གསར་པ་ཚོ་ལ་གོ་སྐབས་སྤྲད་རྒྱུ་ཡིན་འདུག བྱེད་ཐབས་དེ་ལྟར་ཡང་ཡང་བསྐྱར་ཟློས་བྱས་ནས་སྲིད་གཞུང་གིས་ན་གཞོན་ལས་མེད་བརྒྱ་ཆ་མར་བཅག་པར་རམ་འདེགས་བྱེད་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese