མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ཐའེ་ཝན་གྱི་གནད་ཡོད་མི་སྣ་གཉིས་ལ་ཉེས་ཆད་བཏང་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གིས་ས་མཚོ་གནམ་གསུམ་གྱི་ཐོག་ནས་ཐའེ་ཝན་ལ་འཇིགས་སྐུལ་བྱས་པ་མ་ཟད། ཐའེ་ཝན་གྱི་ཕྱུག་བདག་ཚའོ་ཞིན་ཁྲིན་དང་གྲོས་ཚོགས་འཐུས་མི་ཧྲིན་པའོ་ཡང་གཉིས་ལ་ཐའེ་ཝན་རང་བཙན་གྱི་ལས་འགུལ་སྤེལ་བཞིན་པ་ནི་ནག་ཉེས་ཡིན་པའི་ངོས་འཛིན་འོག་ཉེས་ཆད་བཏང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་ཕྱུག་བདག་ཆེན་མོ་ཚའོ་ཞིན་ཁྲིན་དང་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཧྲིན་པའོ་ཡང་གཉིས་ལ་ཐའེ་ཝན་རང་བཙན་གྱི་ལས་འགུལ་སྤེལ་བའི་སྐྱོན་འཛུགས་བྱས་ཏེ། ཁོང་གཉིས་ཀྱི་ནང་མི་བུ་ཕྲུག་རྣམས་རྒྱ་ནག་དང་། ཧོང་ཀོང་། ཨའོ་མན་བཅས་ཀྱི་ནང་དུ་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པ་མ་ཟད། ས་ཁུལ་དེ་དག་ཏུ་རྒྱུ་དངོས་དང་ཚོང་འབྲེལ་གྱི་ལས་དོན་རིགས་ཅི་ཡང་བྱ་མི་ཆོག་པའི་གསལ་བསྒྲགས་བྱས་ཡོད་འདུག

རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པ་ཁྲིན་པིན་ཧྭས། དོམ་ནག་སློབ་གཉེར་ཁང་གསར་འཛུགས་བྱེད་མཁན་ཚའོ་ཞིན་ཁྲིན་དང་ཁོང་གི་ལས་གྲོགས་ཧྲིན་པའོ་ཡང་གཉིས་ཀྱིས་སློབ་གཉེར་ཁང་དུ་ཤེས་ཡོན་དང་འབྲེལ་བའི་གཏམ་བཤད་དང་། ཟབ་སྦྱོང་། ཁྱིམ་ཚང་གི་བྱེད་སྒོ་སོགས་ཀྱི་ལས་དོན་ལ་ཁ་གཡར་ཏེ། ཐའེ་ཝན་ནང་དུ་རང་བཙན་གྱི་ལས་འགུལ་མི་སྣ་མངོན་གསལ་དོད་པོའི་ཐོག་ནས་གསོ་སྐྱོང་བྱེད་བཞིན་ཡོད་པ་མ་ཟད། ཁ་བྲལ་རིང་ལུགས་ཀྱི་དྲག་པོའི་བྱ་སྤྱོད་སྤེལ་མུས་ཡིན། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཕྱི་རྒྱལ་གྱི་ཤུགས་རྐྱེན་ལ་བརྟེན་ནས། སློབ་གཉེར་ཁང་དེས་རྒྱ་ནག་དང་ཐའེ་ཝན་བར་གྱི་བརྟན་ལྷིང་ལ་གནོད་སྐྱོན་བཟོས་ཡོད། ཅེས་བཤད་འདུག

ཐའེ་ཝན་གྱི་གྲོས་ཚོགས་འཐུས་མི་ཧྲན་པའོ་ཡང་ལགས་ཀྱིས། རྒྱ་ནག་གཞུང་གིས་ཐའེ་ཝན་ནང་ངན་སྐུལ་བྱེད་ཀྱི་ཡོད་པ་ལས། ཐའེ་ཝན་མི་མང་སྲུང་སྐྱོབ་བྱེད་པའི་ཆེད་དུ་སོགས་གང་ཡང་མ་རེད། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་ཉེས་ཆད་གཏོང་བའི་འཇིགས་སྐུལ་ལ་བརྟེན་ནས། མ་འོངས་བར་ཐའེ་ཝན་ནང་ཡང་བསྐྱར་ཐལ་མདོག་གི་དམག་འཁྲུག་རྒྱག་གཏན་འཁེལ་ཡོད། ཅེས་བརྗོད་འདུག

ཐའེ་ཝན་གྱི་ཕྱུག་བདག་ཆེན་མོ་ཚའོ་ཞིན་ཁྲིན་ལགས་ཀྱིས། སློབ་གཉེར་ཁང་དེའི་ལས་འཆར་གྱིས་མི་མང་ས་ཡ་མང་པོའི་འཚོ་གནས་དང་། བདེ་འཇགས། འཕྲུལ་རིགས། དམག་དོན་སོགས་ཀྱི་ཐད་ཕན་ཐོགས་པའི་རེ་བ་བྱེད་བཞིན་ཡོད། ཅེས་དང་། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བའི་མཚམས་སུ་སླེབས་ཡོད་པ་དེར་ཨ་རི་དང་། ཡུ་རོབ། ཉི་ཧོང་བཅས་ཀྱིས་མཐོང་བཞིན་ཡོད་པ་རེད། རྒྱ་གཞུང་གིས་ཐའེ་ཝན་ཐོག་དྲག་སྤྱོད་བྱས་ཚེ་རང་ཉིད་ལ་བཟོད་ཐབས་བྲལ་བའི་འབྲས་བུ་ཞིག་འབྱུང་རྒྱུ་ཡིན་པ་ཤེས་ཀྱི་ཡོད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་སྲུང་གཙིའི་ཉིན་མོར་ཐའེ་ཝན་གྱི་སྲིད་འཛིན་ལེ་ཆིན་ཏི་མཆོག་གིས། ཐའེ་ཝན་གྱི་རང་དབང་དང་དམངས་གཙོར་སུས་ཀྱང་དྲག་གནོན་དང་ཐེ་གཏོགས་སོགས་བྱེད་མི་ཆོག་ཅེས་ནན་བརྗོད་བྱས་རྗེས། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས། ལེ་ཆིན་ཏིའི་གཏམ་བཤད་ནང་ངོགས་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་རྐང་བཙུགས་ནས་མེད་པར་བཟོས་པ་དང་། ཕན་ཚུན་གཅིག་ཁོངས་གཅིག་ཏུ་མི་གཏོགས་པ་དང་། བདག་དབང་མཐའ་འཁྱོངས་སོགས་ཀྱི་བཤད་ཚུལ་སླར་ཡང་གླེང་ནས། ཐའེ་ཝན་རང་བཙན་གྱི་གཏམ་འཆལ་འདྲ་མིན་སྣ་ཚོགས་སྤེལ་བ་དེས། ཁོ་པ་ཚོའི་ཆབ་སྲིད་ཀྱི་སྒེར་ཕན་དོན་དུ་གཉེར་ཆེད། འཛེམ་བག་མེད་པར་ངོགས་གཉིས་ཀྱི་གནས་བབ་ཛ་དྲག་ཇེ་ཆེར་གཏོང་བའི་མ་རུངས་ཁོག་བཅངས་དམར་རྗེན་དུ་མངོན་ཡོད།

འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་ཅིང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་དེ་ཡིན། ལེ་ཆིན་ཏི་དབང་འཛིན་ལས་ཁུངས་ཀྱིས་གང་བཤད་པ་དང་གང་ཞིག་བྱས་ཀྱང་ངོགས་གཉིས་ཀྲུང་གོ་གཅིག་ཡིན་པའི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ་ལ། ཀྲུང་གོ་གཅིག་གྱུར་ཡོང་ངེས་དང་མཐར་གཅིག་གྱུར་ཡོང་ངེས་ཡིན་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དེ་བས་བཀག་འགོག་བྱེད་མི་ཐུབ། ཐའེ་ཝན་རང་བཙན་གྱི་འཁྲུག་རྐྱེན་སློང་བ་ནི་འཆི་ལམ་གཅིག་པུ་རེད། ཅེས་བཤད་འདུག

ཡང་ཁ་སང་གཅིག་པུར་རྒྱ་ནག་གིས་ཐའེ་ཝན་མཚོ་འགག་ཁུལ་དུ། ས་མཚོ་གནམ་གསུམ་གྱི་ཐོག་ནས་གནམ་གྲུ་དང་མཚོ་གྲུ་སོགས་ ༡༥༠ ལྷག་མངགས་གཏོང་བྱས་ཏེ། དམག་སྦྱོང་ཟེར་བའི་མིང་འོག་ནས་ཐའེ་ཝན་ལ་འཇིགས་སྐུལ་བྱས་ཡོད་ཅིང་། འདི་ལོའི་ཕྱི་ཟླ ༨ ཚེས་ ༨ ཉིན་གཅིག་པུར་ཐའེ་ཝན་གྱི་མཁའ་ཁུལ་དུ་གནམ་གྲུ་ ༢༧ དང་མཚོ་གྲུ་ ༨ མངགས་གཏོང་བྱས་པའི་ཁྲོད། དམག་དོན་གནམ་གྲུ་ ༡༨ ཙམ་གྱིས་རྒྱལ་ཁབ་གཉིས་ཀྱི་ས་ཐིག་ལས་བརྒལ་ནས། ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་དོན་ལས་འགུལ་མང་དག་ཅིག་སྤེལ་ཡོད་པ་རེད། དེ་བཞིན་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་རྒྱ་ནག་གི་དམག་དོན་གནམ་གྲུ་ ༡༤ དང་མཚོ་གྲུ་ ༩ ཐའེ་ཝན་ས་ཁོངས་སུ་འཛུལ་ནས་ཡུལ་དེའི་ནུབ་རྒྱུད་དུ་དམག་དོན་ལས་དོན་སྤེལ་ནས། རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་དུས་ནས་དུས་སུ་ཐའེ་ཝན་མངའ་ཁུལ་དུ་སུན་གཙེར་ཡང་ཡང་བཟོ་ཡི་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས། རྒྱ་ནག་གིས་མི་གྲངས་ས་ཡ་ ༢༣ ལྷག་ལས་མེད་པའི་ཐའེ་ཝན་མཚོ་འགག་ཏུ་སྟོབས་ཤུགས་རྒྱ་སྐྱེད་ཐུབ་ཚེ། ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་སྟབས་བདེ་བོའི་ཐོག་ནས་འགུལ་སྐྱོད་བྱེད་ཐུབ་པ་མ་ཟད།  ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡོད་པའི་གྷུ་ཝམ (Guam ) མཚོ་གླིང་དང་ཨ་རིའི་ཧཱ་ཝའེ་( Hawaii) མངའ་སྡེར་ཡོད་པའི་ཨ་རིའི་དམག་སྒར་ལ་འཇིགས་སྐུལ་བྱེད་སྲིད་སྐོར་བརྗོད་ཀྱི་འདུག

རྒྱ་ནག་གིས་ཐའེ་ཝན་མཚོ་འགག་ཁུལ་དུ་དྲག་པོའི་དམག་དོན་གྱི་ལས་འགུལ་མང་པོ་ཞིག་སྤེལ་མུས་ཡིན་པར། ཨ་རི་དང་། ཨོ་གླིང་། ཉི་ཧོང་བཅས་ཀྱིས་རྒྱ་ནག་གཞུང་གིས་ཐའེ་ཝན་གཞུང་མང་གཉིས་ཀྱི་བདེ་འཇགས་ལ་གནོད་པའི་དམག་དོན་ལས་འགུལ་སྤེལ་མཚམས་འཇོག་དགོས་པའི་ཉེན་བརྡ་གཏོང་མུས་ཡིན་ལ། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དེ་གཉིས་ཀྱིས་ཨ་རི་དང་མཉམ་དུ་ཐའེ་ཝན་གྱི་མཚོ་འགག་བདེ་འཇགས་ཡོང་བར་མཉམ་ལས་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་ལ། ལྷག་པར་ཕྱི་ལོ་ ༢༠༢༠ ལོ་ཙམ་ནས་རྒྱ་གར་གྱིས་ཁོ་ཝ་ཊི་ (Quad) ནང་འཛུལ་ཞུགས་བྱས་ཏེ། ཨེ་ཤ་ཡའི་ཁུལ་དུ་རྒྱ་ནག་གཞུང་གི་དབང་ཤུགས་ལ་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་སྲུང་བྱེད་ཐབས་ཀྱི་མཉམ་འབྲེལ་དམག་སྦྱོང་སྤེལ་གྱིན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

སྐར་མ ༤༧ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese