མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥི་ལི་པིན་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཕི་ལི་པིན་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ་འདུག

Congressman Adrian Amatong, Taiwan Representative Wallace Chow, and Representative Dr. T.G. Arya

ཐེངས་འདིའི་ཕྱོགས་ཕེབས་སྐབས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཧྥི་ལི་པིན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ཌི་རི་ཡན་ (Adrian Amatong) ལགས་དང་ཐུག་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་དྲུག་པའི་ཕུགས་དམིགས་ཡིག་ཆའི་སྐོར་གསལ་བཤད་གནང་བ་དང་། ཉེ་ལམ་ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་འདྲ་བཤུས་ཕུལ་ཏེ། དེའི་ནང་དོན་ངོ་སྤྲོད་དང་འབྲེལ་ཧྥི་ལི་པིན་གྲོས་ཚོགས་ནས་ཀྱང་དེ་མཚུངས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་རྒྱུར་འབད་བརྩོན་གནང་བའི་འབོད་སྐུལ་ཞུས་ཡོད་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ཌི་རི་ཡན་ལགས་ཀྱིས། སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཧྥི་ལི་པིན་མི་མང་ནི་རང་དབང་དགའ་ཞེན་ཆེ་བའི་མི་མང་ཞིག་ཡིན་པར་བརྟེན། བོད་ཀྱི་གནད་དོན་ནི་འཚེ་མེད་ཞི་བ་དང་། དྲང་བདེན་གྱི་རང་དབང་འཐབ་རྩོད་ཅིག་ཡིན་པས། ཧྥི་ལི་པིན་མི་མང་མང་པོས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་དང་། བོད་རྒྱའི་རྩོད་རྙོག་ཞི་བའི་ཐོག་ནས་སེལ་ཐབས་སུ་རྒྱ་ནག་དང་གྲོས་མོལ་གནང་རྒྱུའི་འབད་བརྩོན་མུ་མཐུད་གནང་དགོས་སྐོར་སོགས་བརྗོད་འདུག

དེ་རྗེས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཧྥི་ལི་པིན་དུ་ཡོད་པའི་ཐའེ་ཝན་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཀྱི་སྐུ་ཚབ་ཝ་ལེ་སི་ (Wallace Chow) ལགས་དང་ཐུག་འཕྲད་ཀྱིས་བོད་དང་ཐའེ་ཝན། རྒྱ་ནག་བཅས་ཀྱི་གནས་སྟངས་སྐོར་གྲོས་བསྡུར་གནང་བ་མ་ཟད། རྒྱ་ནག་དང་དཀའ་རྙོག་སེལ་བར་རྒྱ་ནག་ནང་རང་དབང་དམངས་གཙོ་དར་འཕེལ་གཏང་རྒྱུ་གལ་ཆེན་ཡིན་པ་ངོས་འཛིན་པའི་ཐོག འཛམ་གླིང་ཡོངས་སུ་རང་དབང་དང་དམངས་གཙོ་དར་འཕེལ་ཡོང་བར་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག

ད་དུང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཧྥི་ལི་པིན་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ཁྱབ་འཕྲིན་སྤེལ་ཚན་པར་གཟིགས་སྐོར་གནང་སྟེ། གཙུག་ལག་སློབ་ཁང་དེའི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས། སྔ་མོའི་བོད་ཀྱི་བཙན་པོའི་མངའ་ཐང་དང་། ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གིས་བོད་བཙན་འཛུལ་མ་བྱས་གོང་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབུ་ཁྲིད་འོག་བོད་མི་རྣམས་ཞི་བདེའི་ངང་གནས་ཡོད་པའི་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་བོད་ལ་བདག་དབང་ཡོད་ཚུལ་གྱི་རྣམ་པ་སྟོན་སླད། ལོ་རྒྱུས་འཁྱོག་བཤད་བྱས་དང་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་བའི་ཐོག སློབ་ཕྲུག་རྣམས་ནས་རྒྱ་ནག་གི་དྲིལ་བསྒྲགས་དང་འཁྱོག་བཤད་ལ་ཡིད་གཟབ་བྱ་དགོས་པའི་ཉེན་བརྡ་བཏང་འདུག

གཞན་ཡང་ཁོང་ཉིད་སན་ཊ་མེ་ས་ (Santa Mesa) རུ་ཡོད་པའི་ཧྥི་ལི་པིན་དཔལ་ཡུལ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་སུ་གཟིགས་སྐོར་གནང་ཞིང་། དགེ་འདུན་པ་རྣམས་དང་ཐུག་འཕྲད་ཀྱིས་ཁོང་ཧྥི་ལི་པིན་དུ་ཕེབས་དགོས་པའི་དམིགས་ཡུལ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གསར་པ་ཁག བཀའ་ཤག་གི་ཕུགས་དམིགས་ཡིག་ཆའི་སྐོར་ངོ་སྤྲོད་གནང་ཡོད་འདུག ད་དུང་ར་མོན་མག་སེ་སེ་གཟེངས་རྟགས་ཐེབས་རྩའི་ཚོགས་གཙོ་ལྕམ་སུ་སུན་ (Susan Afan) ལགས་དང་དྲུང་ཆེ་ཇོའི་སི་ལིན་ (Joycelyn Joy) ལགས་རྣམ་གཉིས་ཀྱིས་སྐུ་ཚབ་དོན་གཅོད་དང་ཐུག་འཕྲད་གནང་སྟེ། བོད་དོན་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བགྲོ་གླེང་གནང་འདུག

ད་དུང་སྐུ་ཚབ་དོན་གཅོད་ཀྱིས་ཧྥི་ལི་པིན་གཙུག་ལག་སློབ་གྲྭ་ཆེན་མོའི་ཨེ་ཤ་ཡ་གླེང་སྟེགས་ (Asian Center Forum) དང་། ཌེལ་ལ་སལ་སེན་ཊི་བི་ནིལ་ཌེའི་ཕྱི་འབྲེལ་དང་འཛིན་སྐྱོང་སློབ་གྲྭ་ (Del La Salle Saint Benilde’s School of Diplomacy and Governance) གཉིས་སུ་དྲ་ཐོག་ནས་བོད་མིའི་འཐབ་རྩོད་དང་། རང་དབང་དང་དྲང་བདེན་འཚོལ་བའི་ལམ། དེ་བཞིན་ཧྥི་ལི་པིན་དང་བོད་ཀྱི་འབྲེལ་ལམ། མི་འདྲ་བའི་ཁྲོད་ནས་སྲ་བརྟན་གྱི་མཉམ་ལས་འཛུགས་སྐྲུན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། ཧྥི་ལི་པིན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༠ ལོ་མགོར་བོད་དོན་ལ་རྒྱབ་སྐྱོར་གནང་བ་དང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་གྲགས་ཅན་གྱི་ར་མོན་མག་སེ་སེ་གཟེངས་རྟགས་ཕུལ་བར་ཧྥི་ལི་པིན་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཧྥི་ལི་པིན་མི་མང་གི་སྙིང་སྟོབས་ཆེ་ཞིང་རང་དབང་ལ་དགའ་བའི་བསམ་བློར་བསྔགས་བརྗོད་ཞུས་ཤིང་། བོད་ནི་གནའ་སྔ་མོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱས་པར་ཁྲིམས་མཐུན་གྱི་རྣམ་པ་བསྟན་ཆེད་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པ་གསལ་བཤད་གནང་བའི་ཐོག རྒྱ་ནག་དམར་ཤོག་ཚོགས་པ་ནི་རྒྱ་ནག་དང་། ཨེ་ཤི་ཡ། འཛམ་གླིང་ལ་ཉེན་ཁ་ཆེ་བས། འཛམ་གླིང་ཁྱོན་ཡོངས་ཀྱི་རང་དབང་ལ་དགའ་བའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ནས་རྒྱ་ནག་ལ་རང་དབང་འཐོབ་པར་མཉམ་རུབ་ཀྱིས་ལས་འགུལ་སྤེལ་དགོས་སྐོར་གསུངས་འདུག

ཧྥི་ལི་པིན་ནི་ཕྱི་ལོ་ ༡༩༦༠ ལོའི་མགོ་སྟོད་དུ་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཉུང་ཤས་ཤིག་གི་ཁྲོད་ནས་གཅིག་ཡིན་ཞིང་། དེས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་སྐྱོན་བརྗོད་དང་བོད་བཅིངས་གྲོལ་ཟེར་བར་ངོས་ལེན་གནང་མེད་པའི་ཁར། ཧྥི་ལི་པིན་གྱི་སྙན་གྲགས་ཅན་གྱི་ར་མོན་མག་སེ་སེ་གཟེངས་རྟགས་དེ་ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་རྒྱུན་འཛིན་སྲུང་སྐྱོབ་སླད་མཛད་པ་བླ་མེད་བསྐྱངས་པའི་ངོས་འཛིན་དུ་ཕུལ་ཡོད་པ་རེད།

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese