མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་ཆོས་ལུགས་ཕན་ཚན་དབར་མཐུན་སྒྲིལ་དང་གོ་རྟོགས་སྤེལ་བའི་ཚོགས་ཆེན་ཐེངས་དང་པོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས་གོ་ལའི་ཐོག་འཁྲུག་རྩོད་ཆེ་བའི་དུས་ཚིགས་གཉན་འཕྲང་ཅན་འདིའི་སྐབས་སུ་ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་པན་ཇབ་ཏུ་བསྡུས་པའི་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་བཀའ་སློབ་གནང་འདུག

༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་པན་ཇབ་ཏུ་བསྡུས་པའི་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་གསུང་བཤད་གནང་བཞིན་པ།

ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱ་གར་པན་ཇབ་ཀྱི་ལྟེ་གནས་གྲོང་ཁྱེར་ཨམ་རི་ཊི་སར་ (Amritsar) དུ། སིག་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གྷུ་རུ་ནཱ་ཎག་ (Guru Nanak) གི་འཁྲུངས་སྐར་སྲུང་གཙི་ཐེངས་ ༥༥༥ པའི་དུས་ཆེན་སྲུང་གཙི་དང་བསྟུན། སིག་ཆོས་ལུགས་ཀྱི་ཨ་ཀལ་ཏག་ཊི་ (Akal Takht) དབུ་ཁྲིད་རྣམ་པའི་གོ་སྒྲིག་འོག གསེར་གྱི་ལྷ་ཁང་དང་བུ་ལན་དྷི་པུ་རི་ས་ཧིབ་ (Golden Temple and Bulandpuri Sahib) ཏུ་འཛམ་གླིང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དང་གོ་རྟོགས་སྤེལ་བའི་ཚོགས་ཆེན་ (Global Interfaith Summit) ཐེངས་དང་པོ་འཚོགས་ཡོད་ཅིང་། ཚོགས་འདུ་དེའི་ཐོག་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་མ་ཟད། རྒྱལ་ཁབ་ཁག་ ༣༥ ལྷག་གི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པ་དང་ཚོགས་བཅར་བ་ཁྱོན་སྟོང་ཕྲག་ལྷག་ལྷན་འཛོམས་གནང་ཡོད་འདུག

ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། དེ་རིང་གྷུ་རུ་ནཱ་ཎག་མཆོག་གི་འཁྲུངས་སྐར་སྲུང་གཙིའི་དུས་ཚིགས་ཁྱད་པར་ཅན་འདིར་འདྲ་མཉམ་དང་ཞབས་ཞུ། དད་གུས་བཅས་ཀྱི་གཞི་རྩ་ལྡན་པའི་སིག་ཆོས་ལུགས་ཀྱི་གཞི་རྒྱ་ཆེ་བའི་དགེ་བའི་ལས་དོན་རྣམས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་། བྱམས་སྙིང་རྗེ་དང་། ཕན་ཚུན་བཟོད་བསྲན། རང་གི་བསླབ་ཁྲིམས་སོགས་བླ་ན་མེད་པའི་འགྲོ་བ་མིའི་རིན་ཐང་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་དང་པོ་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་དང་། གཉིས་པ། ངོས་རང་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་འགྲེལ་བརྗོད་གནང་སྟེ། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང་། བྱམས་པ་དང་། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་ཞིང་། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་ཁྲིད་པའི་ནུས་པའང་གཅིག་མཚུངས་ཡོད་སྐོར་སོགས་གསུངས་འདུག

ཡང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། དེང་སང་འཛམ་གླིང་ནང་ཆོས་ལུགས་ཀྱི་མིང་ཐོག་ནས་འབྱུང་བཞིན་པའི་འཁྲུག་རྩོད་དང་དམག་འཁྲུག་རྣམས་ལ་སྣང་མེད་དུ་འཇོག་ཐབས་མེད་ཅིང་། འདས་པའི་ལོ་རྒྱུས་ཁྲོད་ཆོས་ལུགས་ཀྱི་ངོ་བོ་དེ་ཞི་བདེ་དང་ཕན་ཚུན་གོ་རྟོགས་ཀྱི་ལམ་ཞིག་ཏུ་འགྱུར་རྒྱུ་ལས་ལྡོག་སྟེ་དབྱེ་འབྱེད་ཀྱི་རྐྱེན་རྩར་འགྱུར་བ་དང་། དེང་སང་འཁྲུག་རྩོད་འདི་དག་མུ་མཐུད་དུ་རྣམ་པ་འདྲ་མིན་གྱི་སྒོ་ནས་མངོན་བཞིན་ཡོད་པའི་རྐྱེན་གྱིས་མི་སྒེར་དང་སྤྱི་ཚོགས་ཁྲོད་སྡུག་བསྔལ་ཚད་མེད་མྱོང་བཞིན་ཡོད། དེར་བརྟེན། དུས་ཚོད་གཉན་འཕྲང་ཅན་དེ་འདྲའི་སྐབས་སུ་ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ལ། སྔར་ལས་ཀྱང་ཆོས་ལུགས་མཐུན་སྒྲིལ་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་ནི་གལ་ཆེན་པོ་རེད། སིག་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་གོ་སྒྲིག་ཞུས་པའི་ཚོགས་འདུ་འདི་ཡིས་མ་འོངས་པའི་མི་རབས་རྣམས་ལ་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡུན་གནས་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས།

པན་ཇབ་ཀྱི་ལྟེ་གནས་ཨམ་རི་ཊི་སར་དུ་སིག་ཆོས་ལུགས་ཀྱི་ཨ་ཀལ་ཏག་ཊི་ (Akal Takht) དབུ་ཁྲིད་རྣམ་པའི་གོ་སྒྲིག་ཞུས་པའི་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཆེན་འཚོགས། གླིང་རིན་པོ་ཆེ་མཆོག་གི་ངོ་དེབ་ནས་པར་བླངས། ༢༠༢༤།༡༡།༡༣

ཞི་བདེ་སྣེ་ཁྲིད་མཁན་ཞིག་ཏུ་འགྱུར་དགོས་སྐོར་དང་འབྲེལ་ནས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། ཆོས་ལུགས་ཀྱི་དབུ་ཁྲིད་དང་སྐུ་ཚབ་ཞིག་ཡིན་པའི་ཆ་ནས། མཐུན་སྒྲིལ་དང་གྲོས་མོལ་གྱི་བསམ་བློ་སྤེལ་རྒྱུའི་འགན་འཁྲི་ཞིག་ཡོད་ལ། དབུ་ཁྲིད་རྣམས་ཀྱིས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་། གྲོས་མོལ། དེ་བཞིན་འཚེ་མེད་ཞི་བ་དང་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་ཐོག་ནས་འགྲོ་བ་མི་གཙོས་སྲོག་ཆགས་ཡོངས་ལ་བརྩི་བཀུར་དང་། ཕན་ཚུན་མཉམ་རུབ་ཀྱི་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། ང་ཚོས་སྤྱི་ཚོགས་ཁྲོད་དུ་ཞི་བདེ་དང་བཟོད་བསྲན། འདུམ་སྒྲིག་བྱ་རྒྱུའི་སྐུལ་མ་གཏོང་དགོས་གལ་ཆེ་ཞིང་། ཚང་མས་མཉམ་རུབ་ཀྱི་ཐོག་ནས་གཞན་ལ་སེམས་འགུལ་ཐེབས་ཐུབ་པའི་ལས་དོན་སྤེལ་རྒྱུ་དང་། མི་རབས་མང་པོའི་རིང་ལ་ཕན་ཐོགས་ཡོད་པའི་བྱམས་བརྩེའི་གཤིས་རྒྱུད་བཟང་པོ་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་འདུག

སིག་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གྷུ་རུ་ནཱ་ཎག་ནི་ཕྱི་ལོ་ ༡༤༦༩ ཟླ་ ༤ ཚེས་ ༡༥ ཉིན་པན་ཇབ་མངའ་སྡེའི་ནཱ་ཀཱ་ས་ཧིབ་ (Nakana Sahib) གྲོང་ཁྱེར་དུ་འཁྲུངས། ནཱ་ཎག་ལ་བྷ་བྷ་ནཱ་ཎག་ (Bābā Nānak) ཀྱང་འབོད་ཅིང་། ཁོང་ནི་རྒྱ་གར་གྱི་ཆོས་ལུགས་སློབ་དཔོན་དང་། རྣལ་འབྱོར་པ། སྙན་ངག་པ་ཞིག་ཡིན་ལ། ཁོང་ནི་སིག་ཆོས་ལུགས་ཀྱི་སློབ་དཔོན་བཅུའི་ནང་ནས་དང་པོ་དེ་རེད། གྷུ་རུ་ནཱ་ཎག་གིས་ཨེ་ཤ་ཡའི་ཡུལ་གྲུ་གང་སར་ཕེབས་ནས་མི་རྣམས་ལ་དཀོན་མཆོག་གཅིག་ཁོ་ན་ལས་མེད་པའི་ལྟ་བ་དང་འབྲེལ་ནས་མང་ཚོགས་ལ་གཏམ་བཤད་གནང་ཡོད་ཅིང་། ལྟ་བ་དེ་གཞིར་བཟུང་འདྲ་མཉམ་དང་། སྤུན་ཟླའི་བརྩེ་དུང་། བཟང་པོ་དང་དགེ་བ་བཅས་ལ་གཞི་བཅོལ་བའི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་དང་སྤྱི་ཚོགས། སྲིད་དོན་བཅས་ཀྱི་གཞི་རྟེན་ཞིག་འཛུགས་སྐྲུན་གནང་བར་མཛད་རྗེས་ཆེན་པོ་བཞག་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese