མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སློབ་གསོའི་ཐོག་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་གཏང་སྟེ་མ་འོངས་པའི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ་གལ་ཆེ།

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོའི་ཐོག་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ནང་ཞབས་ཕྱི་ཞུས་ཏེ་ལོ་ངོ་ ༢༥ འཁོར་བའི་དགེ་ལས་ཟུར་པ་དང་ལས་ཐོག་གྲངས་ ༡༤ ལ་ལེགས་གསོལ་གཟེངས་རྟགས་ཕུལ་སོང་།

སཾ་བྷོ་ཊ་བོད་སློབ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་ཐོག་གི་སྐུ་མགྲོན་དང་དགེ་ལས་རྣམས། ༢༠༢༤།༡༡།༡༦ དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག མེས་དབོན་དཔེ་སྟོན་གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ། སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས་སོང་བ་དང་། ཚོགས་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཟུར་པ་ཀརྨ་ཆུང་བདག་ལགས། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་ཆོས་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། གཞུང་དང་གཞུང་ཁཽངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་བཅས་འཛོམས་འདུག

མཛད་སྒོའི་ཐོག་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས། རྒྱ་གར་དབུས་གཞུང་ནས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཡོངས་རྫོགས་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད། ཕྱི་ལོ་ ༢༠༡༣ ནས་ ༢༠༢༡་བར་རིམ་བཞིན་རྩིས་སྤྲོད་ཟིན་པ་ལྟར་དེ་དག་གི་འཛིན་སྐྱོང་སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་ནས་གནང་བཞིན་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༤ ནས་བཟུང་བོད་ནས་གསར་དུ་ཕེབས་མཁན་ཚོའི་ཆེད་དུ་བཙུགས་པའི་ཤེས་རབ་དགའ་ཚལ་སློབ་གླིང་གི་འཛིན་སྐྱོང་ཡང་སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་ནས་གནང་བཞིན་ཡོད། ད་ལྟའི་ཆར་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སུ་ཁྱོན་སློབ་གྲྭ་གྲངས་ ༣༣ འཛིན་སྐྱོང་གནང་མུས་ཡིན། ཞེས་བརྗོད་སོང་།

ཡང་ཁོང་གིས། ཕྱི་ལོ་ ༢༠༠༥ ནས་བཟུང་ཁྱབ་ཁོངས་སློབ་ཁག་ཚང་མའི་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་མུས་ཐོག བོད་སློབ་འཛིན་ཚོགས་ནས་རྩིས་སྤྲོད་ཟིན་པའི་སློབ་ཁག་ནང་དུའང་རིམ་བཞིན་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡོད། ཁྱབ་ཁོངས་སློབ་ཁག་ནང་ཉིན་རེའི་སློབ་ཁྲིད་དང༌། བྱེད་སྒོ། ལས་རིམ་སོགས་སློབ་མ་རང་ཉིད་ཀྱི་འཇོན་ནུས་གཙོ་བོར་འཛིན་པ་ལས་འགྲན་བསྡུར་དང་མཚུངས་བསྡུར་གྱི་རྣམ་པ་མིན་པའི་སྒོ་ནས་སྤེལ་བཞིན་ཡོད། སཾ་བྷོ་ཊ་བོད་སློབ་ཚོགས་པའི་དབུས་ས་གཉིས་ཀྱིས་སློབ་མ་རྣམས་ལ་ཤེས་ཡོན་ཚད་ལྡན་སྤྲོད་རྒྱུ་དང་། ཤེས་ཡོན་སྲིད་བྱུས་དགོངས་དོན་ལྟར་དགེ་ལས་ཚད་ལྡན་བསྐོ་གཞག་གནང་བཞིན་ཡོད། དེ་བཞིན་མ་འོངས་བོད་ཀྱི་མི་རབས་གསར་པའི་ན་ཆུང་སློབ་མ་རྣམས་ལ་རྒྱུ་མཚན་ལྡན་པའི་མི་རིགས་ཀྱི་སྤོབས་པ་དང༌། ལར་ཞེན། ལྟ་གྲུབ། ལས་འགན་སོགས་ཀྱི་ས་བོན་ཟབ་མོ་ཡིད་ལ་ངེས་པར་འཇོག་ཐུབ་པ་བྱ་རྒྱུ་ལས་འགན་གཙོ་བོ་ཆགས་ཡོད། ཅེས་བརྗོད་སོང་།

སཾ་བྷོ་ཊ་བོད་སློབ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙི་གནང་། ༢༠༢༤།༡༡།༡༦ དུས་བབ་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་སློབ་གསོའི་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅིང་། སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་ལོ་རྒྱུས་ཁྲོད་ཀྱི་གྲུབ་འབྲས་དང་ནོར་འཁྲུལ་གཉིས་ཀར་བསྐྱར་ཞིབ་བྱ་ཐུབ་ཚེ། མ་འོངས་པའི་ཤེས་ཡོན་སློབ་གསོ་ལ་ཡར་རྒྱས་གོང་འཕེལ་འགྲོ་བར་ཕུན་སུམ་ཚོགས་པའི་ལས་དོན་ཞིག་ཆགས་ཀྱི་ཡོད་ལ། དེ་ནི་དོན་དངོས་ཐོག་ནས་དུས་དྲན་སྲུང་གཙི་ཞུ་སྟངས་ཡག་ཤོས་ཆགས་ཀྱི་ཡོད་སྐོར་དང་། བཙན་བྱོལ་ནང་དུ་ཤེས་ཡོན་སློབ་གསོའི་ཐོག་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་གཏང་སྟེ་མ་འོངས་བའི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། སཾ་བྷོ་ཊ་བོད་སློབ་ཚོགས་པས་ལོ་མང་པོའི་རིང་ཤེས་ཡོན་སློབ་གསོའི་ཐོག་དཀའ་ལས་མང་པོ་བརྒྱབ་ཡོད་པ་བཞིན། བཙན་བྱོལ་གྱི་བོད་སློབ་ཁག་ཚང་མས་མུ་མཐུད་ཤེས་ཡོན་སློབ་གསོའི་ཆེད་ཤུགས་རྒྱག་དགོས་ཀྱི་ཡོད་པ་མ་ཟད། བོད་ཀྱི་གཞོན་སྐྱེས་ཀྱི་མདུན་ལམ་ཆེད་སློབ་གྲྭ་གསར་རྒྱག་གི་དམིགས་ཡུལ་ཡང་ངེས་པར་དུ་དགོས་པ་ཞིག་རེད། དེང་རབས་དང་མཐུན་པའི་ཤེས་ཡོན་གྱི་སློབ་གསོ་དགོས་ཡོད་པ་དང་བསྟུན་བོད་པའི་ཆོས་དང་རིག་གཞུང་གི་གལ་ཆེན་རང་བཞིན་དེ་གཞོན་སྐྱེས་རྣམས་ཀྱི་འཚོ་བའི་ཁྲོད་སྤྱི་ཚོགས་ཡོངས་སུ་བཟང་སྤྱོད་འཇགས་ཐབས་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་ནི་ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༡༦ ཉིན་བཙུགས་པའི་བཙན་བྱོལ་གྱི་སློབ་སྡེ་གསར་ཤོས་ཤིག་ཡིན་ཞིང་། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་དེབ་སྐྱེལ་བྱས་ཡོད་པའི་གཞུང་འབྲེལ་གྱི་ཤེས་ཡོན་ཚོགས་སྡེ་ཆེ་ཤོས་དེ་ཡིན་འདུག སཾ་བྷོ་ཊ་བོད་སློབ་ཚོགས་པ་དབུ་བརྙེས་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་ ༡༩ རྩིས་སྤྲོད་ཀྱིས་སཾ་བྷོ་ཊ་ནས་འཛིན་སྐྱོང་གནང་བཞིན་ཡོད་པ་དང།  བར་ལམ་སློབ་མའི་གྲངས་འབོར་ཉུང་དུ་ཕྱིན་ཏེ་འཛིན་སྐྱོང་གི་དགོས་མཁོ་སོགས་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་པ་དང་བསྟུན། ད་ལྟའི་ཆར་སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཁྱོན་སློབ་གྲྭ་གྲངས་༣༣ ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༤ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese