མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཁུ་ནུའི་སེར་སྐྱ་མི་མང་ལ་བྱང་ཆུབ་སེམས་ཀྱི་སྡོམ་པ་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་མི་ཚེ་གང་བོར་རང་ཉིད་དྲང་པོ་དྲང་བཞག་གིས་གཞན་ལ་དགྲ་མི་བཟོ་བ་དང་ཀུན་ལ་མཛའ་བརྩེ་ལྡན་པ་བྱུང་ན་སྐྱེས་པའི་སྐྱེས་གོ་ཆོད་པ་རེད་གསུངས།

ཁུ་ནུའི་སེར་སྐྱ་མང་ཚོགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༦།༡༢།༢༠༢༤

དེ་རིང་ཕྱི་ཚེས་  ༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁུ་ནུའི་སྟོད་སྨད་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ ༢༠༠༠ ཙམ་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དེ་རིང་ཁུ་ནུ་ནང་པའི་དགོན་སྡེ་ཁག་དང་ཡུལ་མི་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

དྷ་རམ་ས་ལ་ནི་འཛམ་གླིང་གི་ནང་ཆོས་ལ་དགའ་པོ་ཡོད་མཁན་ཚོ་དགའ་སྤྲོའི་ངང་འཛོམས་སའི་གནས་ཤིག་ཆགས་ཡོད། ངོས་ལ་ཆ་བཞག་ན། མདོ་སྨད་ནས་ལྷ་སར་ཡོང་བ་དང་ལྷ་སར་དཔེ་ཆ་གང་འཚམ་བལྟས་པ་ཡིན། ལྷག་དོན་འཁྱམ་ར་ཆེན་མོའི་ནང་ངོས་ནས་དམ་བཅའ་བཞག་པ་ཡིན། དེ་འདྲ་བའི་སྐལ་བཟང་མངོན་དུ་གྱུར་ཐུབ་པའི་མི་ཞིག་མཐའ་མར་བཙན་བྱོལ་བ་ཆགས་ནས་བསྡད་ཡོད།

ང་ཚོ་ཚང་མར་ཧ་ལས་པའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ངོས་མདོ་སྨད་ནས་ལྷ་སར་ཡོང་བ་དང་ལྷ་སར་དཔེ་ཆ་གང་འཚམ་བལྟས་པ་ཡིན། སྟག་བྲག་རྡོ་རྗེ་འཆང་གི་སྐུ་མདུན་ནས་དབང་ལུང་མན་ངག་མང་པོ་ཞུས་ཡིན། གླིང་རིན་པོ་ཆེས་ཞོགས་པ་དང་དགོང་མོའི་ཆུ་ཚོད་གཅིག་འཆར་ཅན་དུ་དཔེ་ཁྲིད་གནང་གི་རེད། དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་ཡིན། དེ་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་དེ་མཚུངས་ཀྱི་མཚན་ཞབས་པ་རྣམ་པ་བཀའ་དྲིན་ཆེན་པོ་ཞེ་དྲགས་ཡིན། ཞེས་གསུངས།

༧རྒྱལ་དབང་མཆོག་གིས། དུས་ཚོད་ལ་འགྱུར་བ་ཕྱིན་ནས་ད་ལྟ་ང་ཚོ་བཙན་བྱོལ་བ་ཆགས་བསྡད་ཡོད། འོན་ཀྱང་། དངོས་ཡོད་གནས་ཚུལ་ལ་བཙན་བྱོལ་བ་ཆགས་ནས་བསྡད་པའི་རིང་གོ་སྐབས་ཡག་པོ་ཞེ་དྲགས་བྱུང་འདུག ང་ཚོ་བཙན་བྱོལ་བ་མ་ཆགས་པར་དེ་སྔའི་ལུགས་སྲོལ་འཁྱེར་ནས་བསྡད་པ་ཡིན་ན། ངོས་སྒེར་ལ་ཆ་བཞག་ན་དཔེ་ཆ་ལྟ་རྒྱུ་སོགས་ཞེ་དྲགས་མེད་པར་གཞུང་གི་མཛད་སྒོ་སོགས་ཀྱི་སྟེང་རྫིག་པོ་བྱས་ནས་སྡོད་རྒྱུ་མ་གཏོགས་མེད། ང་ཚོ་བཙན་བྱོལ་བ་ཆགས་པ་དེ་ང་རང་སྒེར་ལ་མཚོན་ན་གོ་སྐབས་ཡག་པོ་རེད་འདུག གཙོ་ཆེ་ཤོས་ནི་བྱེས་འབྱོར་དང་གཞིས་ལུས་རྒྱ་ཆེ་མི་མང་ལ་དད་པ་དང་ཞེན་ཁོག་རྩེ་གཅིག་ཏུ་ཡོད་པས་ཡག་པོ་ཞེ་དྲགས་རེད། ངོས་ཀྱིས་ཀྱང་ལྷག་བསམ་གཡོ་བ་མེད་པར་ཧུར་ཐག་འབད་ཐག་བྱས་པ་ཡིན། ཚང་མས་དགའ་པོའང་བྱེད་ཀྱིན་འདུག

ང་ཚོ་བཙན་བྱོལ་བ་ཆགས་ཏེ་ཕྱོགས་གཅིག་ནས་སོ་སོའི་ལུང་པར་ཁ་བྲལ་ནས་བསྡད་ཡོད། ཕྱོགས་གཅིག་ནས་གོ་སྐབས་བཟང་པོ་ཞེ་དྲགས་བྱུང་བ་རེད། ངོས་ལ་དགའ་མོས་བྱེད་མཁན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་པ་གཅིག་པོ་མ་རེད། ཡུལ་མི་ཚོ་ཨ་ཅང་ཅང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུ་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེ་དག་ཐམས་ཅད་ཀྱིས་ངོས་ནས་ཆོས་བཤད་བྱས་པ་གནད་འགག་མཐོང་བ་མ་རེད། གལ་ཆེ་ཤོས་ནི་མི་ཆོས་གཙང་མ་རེད། མི་ཚེ་སྐྱེལ་བར་དཔེ་ཆའི་ནང་གསུངས་པའི་སྐྱེ་བ་སྔ་ཕྱི་སོགས་ཀྱི་སྐད་ཆ་རིང་པོ་མི་དགོས་པར། འཕྲལ་དུ་སྐྱག་རྫུན་མི་བཤད་རྒྱུ་དང་། ག་ཚོད་ཐུབ་ཐུབ་ཀྱིས་མི་བཟང་པོ་དང་གཞན་ལ་ཕན་སེམས་བསྐྲུན་རྒྱུ་ནི་ངོས་ཀྱི་འགན་རེད་ལ་དམིགས་ཡུལ་ཡང་དེ་ལྟར་འཛིན་གྱི་ཡོད།

འཛམ་གླིང་འདིའི་སྟེང་ངོས་ལ་ནང་པ་ཙམ་མིན་པར་ཆོས་དད་མེད་མཁན་ཚོས་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག དེར་བརྟེན། ཕྱོགས་གཅིག་ནས་བཙན་བྱོལ་བ་བྱས་ནས་བསྡད་ཡོད་ཀྱང་། ཕྱོགས་གཅིག་ནས་མི་རིགས་མང་པོར་ཐུག་སྟེ། སེམས་ཞི་ཞིང་དུལ་བའི་སེམས་ཀྱི་བསླབ་བྱ་བྱས་པ་རེད།  འཛམ་གླིང་གི་མི་ཞིག་ཡིན་ཕྱིན། མཛའ་བརྩེའི་འདུ་ཤེས་ཀྱི་ཐོག་ནས་ཀུན་ལ་ཕན་ཐོགས་ཡོད་པ་ཞིག་བྱུང་ན། དངོས་གནས་དྲང་གནས་འཛམ་གླིང་ནང་སྐྱེས་པའི་སྐྱེས་གོ་ཆོད་པ་རེད།

ཁུ་ནུའི་སེར་སྐྱ་མང་ཚོགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༦།༡༢།༢༠༢༤

གཞན་ང་ཚོ་འཛམ་གླིང་འདིའི་ནང་སྐྱེས་པའི་མི་ཞིག་རེད་དེ། ཁྱོད་དང་ང་ཞེས་ཆགས་སྡང་གི་སྐད་ཆ་བཤད་ནས་སྡོད་པ་ནི་ཐབས་སྐྱོ་བོ་ཞེ་དྲགས་རེད། སྐྱེ་བ་སྔ་ཕྱིའི་སྐད་ཆ་མེད་པར་ཚེ་འདིར་འཛམ་གླིང་ནང་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཀུན་ལ་ཕན་སེམས་དང་བརྩེ་བ་ལྡན་པ་བྱུང་ན་ཡག་པོ་རེད། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ངོས་ནས་དམིགས་ཡུལ་དེ་འཛིན་གྱི་ཡོད། འཛམ་གླིང་ནང་སྐྱེས་པའི་མི་ཞིག་ཡིན་ཕྱིན། མི་ཚེ་གང་བོར་རང་ཉིད་དྲང་པོ་དྲང་བཞག་གིས། གཞན་ལ་དགྲ་མི་བཟོ་བ་དང་ཀུན་ལ་མཛའ་བརྩེ་ལྡན་པ་བྱུང་ན་ཡག་པོ་རེད། ངོས་ནས་ཀྱང་འཛམ་གླིང་ནང་ཕན་གང་འཚམ་ཐོགས་ཀྱི་འདུག་ལ། གཙོ་བོ་ཆོས་ལྡན་གྱི་གྲོགས་པོ་ཚོས་སྤྱི་སེམས་འཁུར་ནས་ཧུར་ཐག་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese