མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པའི་དེབ་སྤྱི་ཚོགས་ནང་དངོས་སུ་བཀྲམ།

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས་ནི་ཁྲིམས་བཟོའི་འཐུས་མི་བྱས་པའི་འབུམ་རམས་པའི་ཆེད་དེབ་ཡིན་ཞེས་བརྗོད་འདུག

དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པའི་དེབ་སྤྱི་ཚོགས་ནང་དངོས་སུ་བཀྲམ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་། ༢༠༢༥།༢།༦

ཟླ་འདིའི་ཕྱི་ཚེས་ ༡ ཉིན་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཀྱིས་བརྩམས་པའི་དབུ་མའི་ལམ་གྱི་སྲིད་ཇུས་ཞེས་པའི་དཔེ་དེབ་གསར་པ་ཞིག་པར་སྐྲུན་གྲུབ་སྟེ། དེ་རིང་ནས་དངོས་སུ་སྤྱི་ཚོགས་ནང་འགྲེམས་སྤེལ་བྱེད་མགོ་བཙུགས་འདུག་ལ། དབུ་མའི་ལམ་གྱི་ཡིག་ཚང་དུ་སྒྲིག་བཞིན་པའི་དཔེ་དེབ་རྒྱས་པ་ཞིག་ཀྱང་རིམ་གྱིས་ཀློག་པ་པོ་དག་གི་སྤྱན་ལམ་དུ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

དེ་རིང་འདི་གའི་གསར་འགོད་པས་རྩོམ་པ་པོ་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་སུ་དེབ་དེའི་སྐོར་ནས་བཀའ་འདྲི་ཞུས་སྐབས།  དེབ་འདིའི་ནང་ཡོད་པ་དག་ཁ་སྣོན་ཙམ་མིན་པར། སྲིད་བྱུས་འདིའི་གཞི་སྒྲོམ་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པར་ཕྱོགས་ཡོངས་ནས་ཚིག་ཉུང་ངུས་གོ་བདེར་ཤེས་ཆེད་དུ་བྲིས་ཡོད་ལ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་དབུ་མའི་ལམ་དང་བོད་ཀྱི་ལོ་རྒྱུས། ད་དུང་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ལ་རྒྱ་གཞུང་ནས་ལྟ་ཕྱོགས་འགྱུར་བ་གཏོང་དགོས་ཇི་ཡོད་ཀྱང་བྱུང་རབས་དང་སྦྲེལ་ཏེ་བྲིས་ཡོད། ཅེས་བརྗོད་བྱུང་།

དཔེ་དེབ་འདིའི་ཆེད་བརྗོད་༧སྐུའི་གསུང་བསྒྱུར་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བྲིས་གནང་ཞིང་། ཁོང་གིས། བོད་རང་བཙན་དང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་སུ་ཡིན་རུང་། གཅིག་མཚུངས་སུ་བོད་རྒྱལ་ཁབ་དང་མི་རིགས་ལ་ལར་ཞེན་ཡོད་པ་འདྲ་མཉམ་ཡིན་པ་བརྗོད་མི་དགོས་མོད། ༧གོང་ས་མཆོག་ནས་དབུ་མའི་ལམ་གྱི་སྟེང་ནས་བོད་ཀྱི་བདེ་དོན་འཐབ་རྩོད་བྱ་འོས་པར་དགོངས་པ་ནི། རྙོག་འཛིང་ཅན་གྱི་ལོ་རྒྱུས་དང་དུས་རབས་ཉུ་ཤུ་བའི་སྨད་ཀྱི་འཛམ་གླིང་སྤྱིའི་ཆབ་སྲིད་གནས་བབ། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཐབས། ལྷག་པར་བོད་ནང་གི་ཛ་དྲག་གི་གནས་ཚུལ་སོགས་ཕྱོགས་མང་པོ་ཞིག་ལ་གཟིགས་ཏེ། བོད་ཀྱི་བདེ་དོན་འཐབ་རྩོད་དེ་བོད་མིའི་རྩ་བའི་འདོད་འདུན་མ་འགྲུབ་བར་དུ་ནུས་ཤུགས་མི་ཉམས་པར་གནས་ཐུབ་པར་དགོངས་ཏེ་གཏན་འབེབས་གནང་བ་ཞིག་ཆགས་ཡོད་ཅེས་གསུངས་པ་དང་སྦྲགས། དཔེ་དེབ་འདིའི་མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ལམ་ཕྱོགས་གང་འདྲ་ཞིག་ཏུ་འགྲོ་དགོས་མིན་གྱི་གནས་ཚུལ་ཤེས་རྟོགས་འོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད་ཅེས་གསུངས་འདུག

ཤོག་ངོས་ ༣༦ ལྡན་པའི་དཔེ་དེབ་ཀྱི་སྔོན་གླེང་དུ་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཀྱིས། ངས་རྩེད་མཚར་དང་སྦྲགས་ཏེ་གྲོགས་པོ་ཚོར་ག་རེ་ཞུས་མྱོང་ཟེར་ན། ང་ཚོ་གཞུང་གི་སྲི་ཞུ་བ་བྱས། ༧རྒྱལ་བ་རིན་པོ་ཆེས་གསར་བསྐྲུན་གནང་བའི་རྐུབ་སྟེགས་སྟེང་བསྡད།་གོ་གནས་བཟུང་། གླ་ཕོགས་བླངས། མི་མང་གི་སྐུ་ཚབ་བྱེད་རྒྱུའི་སྐལ་བཟང་བྱུང་། ཁྱིམ་ཚང་དཀྱུས་མའི་མི་ཞིག་མང་གཙོའི་ལམ་ནས་བདམས་ཐོན་བྱུང་བ་ཡིན་པས། ཕྱོགས་གཅིག་ནས་ལོ་རྒྱུས་ནང་བཀོད་རྒྱུའི་གནས་ཚུལ་ཡིན་མོད། འོན་ཀྱང་། གཙོ་བོ་ལས་འགན་དེ་དག་འདི་དང་ཕྱི་མར་འཁྱེར་རྒྱུ་ཡོད་པ་བྱེད་དགོས་སྟབས། ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས་ནི་ཁྲིམས་བཟོའི་འཐུས་མི་བྱས་པའི་འབུམ་རམས་པའི་ཆེད་དེབ་ཡིན་ཞེས་ལབ་ཀྱི་ཡོད། ཅེས་བརྗོད་འདུག

དཔེ་དེབ་དེར་ནང་གསེས་དོན་ཚན་དགུ་འདུག་ཅིང་། དེ་དག་ནི་དབུ་མའི་ལམ་གྱི་ས་བོན་དང་སྙིང་དོན། དབུ་མའི་ལམ་གྱི་ནང་དོན་ཞིབ་པ། དབུ་མའི་ལམ་དང་བོད་ཀྱི་ལོ་རྒྱུས། དབུ་མའི་ལམ་གྱི་འབྲེལ་མོལ་དང་གྲུབ་འབྲས། དབུ་མའི་ལམ་གྱི་བདེན་རྒྱབ་དང་ཆོད་སེམས། དབུ་མའི་ལམ་གྱི་ལས་འགུལ་སྤེལ་ཕྱོགས་བཅས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢༠ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese