མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་མི་འབོར་མང་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་གི་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་གཟིགས་སྐོར་ཐེངས་གཉིས་པ་གནང་བཞིན་འདུག

Sikyong Penpa Tsering Conducts Official Engagements in Hunsur Rabgyaling Tibetan Settlement

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ཕྱི་ཟླ་ ༣ ཚེས་ ༤ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་། བདེ་སྐྱིད་སླར་གསོ། ཧོན་སུར་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པ་གནང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༨ ཉིན་ཧོན་སུར་གཞིས་ཆགས་སུ་སྐོར་སྐྱོད་གནང་མུས་ཡིན་འདུག ཁ་སང་ཕྱི་ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་གིས་སཾ་བྷོ་ཊ་བོད་སློབ་ཏུ་གཟིགས་སྐོར་ཕེབས་ཏེ། བོད་ཀྱི་ལོ་རྒྱུས་དང་། འཕགས་བོད་འབྲེལ་ལམ་སྐོར་འགྲེལ་བརྗོད་གནང་བ་དང་། རྒྱ་གར་གྱི་ཡུལ་ཁྲིམས་འཁུར་དགོས་གལ་དང་། ཡུལ་མི་དང་མཐུན་པོ་དགོས་གལ་ཆེ་སྐོར་སོགས་གསུངས་འདུག

སྲིད་སྐྱོང་མཆོག་གིས། རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་བྱས་དང་བྱེད་མུས་ཡིན་པ་དང་། བོད་ནང་ཆུ་རགས་གསར་རྒྱག་གི་ལས་གཞི་སོགས་སྤེལ་ཏེ་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་པའི་སྐོར་དང་། ཉེ་ལམ་བོད་ནང་ས་ཡོམ་སོགས་བྱུང་བ་ནི་རྒྱ་ནག་གཞུང་གིས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་རྐྱེན་གྱིས་བྱུང་བ་ཡིན་སྐོར་འགྲེལ་བརྗོད་གནང་བ་མ་ཟད། བཙན་བྱོལ་བོད་མིའི་དབར་མཐུན་སྒྲིལ་དང་། ཐུན་མོང་གི་འགན་འཁུར་གལ་ཆེན་པོ་ཡིན་པའི་འབོད་སྐུལ་དང་། བོད་མི་ཚོས་བོད་ཀྱི་ངོ་བོ་དང་སྐད་ཡིག རིག་གཞུང་སོགས་སྲུང་སྐྱོབ་བྱེད་དགོས་པ་དང་། མི་རབས་གཞོན་པ་རྣམས་ཀྱིས་རང་གི་རིག་གཞུང་ལ་སྤོབས་པ་བྱེད་དགོས་པ། དེ་བཞིན་བོད་དོན་འཐབ་རྩོད་ཐད་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གནང་ཡོད་འདུག

པར་འགྲེལ། Sikyong addressed students at Lugsum Nyamdrel Community Hall on 15 February 2025.

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སྲིད་སྐྱོང་མཆོག་གིས་སྦེལ་ཀོབ་ལུགས་བསམ་མི་མང་མཉམ་འབྲེལ་ཚོགས་ཁང་དུ་སྦེལ་ཀོབ་སཾ་བྷི་ཊ་བོད་སློབ་དང་། སཾ་བྷོ་ཊ་སི་ཝི་པི་ཉིན་སློབ། བོད་ཁྱིམ་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས། བོད་ནི་གནའ་སྔ་མོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ར་སྤྲོད་གསལ་པོ་ཐུབ་སྐོར་གསུངས་ཡོད་པ་དང་འབྲེལ། ཨེ་ཤ་ཡའི་ཁོར་ཡུག་བདེ་འཇགས་དང་འཐུང་ཆུའི་ཐོན་ཁུངས་ཐད་བོད་མཐོ་སྒང་གི་གནད་འགག་ཆེ་བའི་བྱེད་སྒོའི་སྐོར་ནན་བརྗོད་གནང་བ་དང་། རྒྱ་གར་གྱི་བདེ་འཇགས་ཆེད་དུ་བོད་ཀྱི་ས་ཁམས་ཆབ་སྲིད་སྐོར་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ནང་ཆོས་ཁྲོད་སྐད་ཡིག་གལ་ཆེ་ཤོས་བོད་ཡིག་ཡིན་པ་དང་། སྐད་ཡིག་རྙིང་ཤོས་བཅོ་ལྔའི་གྲས་སུ་ངོས་འཛིན་གནང་ཡོད་སྐོར། སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་མ་འོངས་པའི་རེ་བ་མཚོན་གྱི་ཡོད་ལ། བོད་དོན་འཐབ་རྩོད་ཀྱི་འགན་འཁྲི་ཡོད་པས་སློབ་སྦྱོང་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་བྷན་དི་སན་ཇེ་ཀུ་མར་ (Bandi Sanjay Kumar) མཆོག་གིས་གཙོས་ཨནྡྲ་ཝམ་སི་ (Andra Vamsi) མཆོག་དང་། ཤྲི་ནི་ཝ་སི་པ་རི་མ་ལ་ (Srinivas Parimala)མཆོག མ་དྷུ་པ་སུ་ནུ་རུ་ (Madhu Pasunuru) ལགས། དེ་བཞིན་རྒྱ་གར་ཀར་ན་ཊ་མངའ་སྡེའི་ནང་སྲིད་བློན་ཆེན་འབུམ་རམས་པ་གངྒ་དྷ་རི་ཡ་པ་ར་མེཤ་ཊ་ར་ (Dr. Gangadharaiah Parameshwara) མཆོག་དང་། ཁོང་གི་བཟའ་ཟླ་ལྕམ་ཀ་ནི་ཀ་པ་ར་མེཤ་ཝ་ར་ (Kannika Parameshwari Parameshwara) མཆོག་བཅས་ལ་མཇལ་ཁ་སྩལ་ཡོད་འདུག

Sikyong Penpa Tsering visited Sambhota Tibetan School (STS)

དེ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ཏེ་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་ཐུག་འཕྲད་གནང་ཞིང་། ཡིག་རྒྱུགས་ཐོག་གྲ་སྒྲིག་ཡག་པོ་གནང་གལ་ཆེ་སྐོར་ལམ་སྟོན་གནང་རྗེས། སློབ་གྲྭའི་འཛིན་སྐྱོང་ལས་བྱེད་རྣམས་ལ་ཐུག་འཕྲད་ཀྱིས་བོད་ཁྱིམ་སློབ་གྲྭ་ནས་བོད་པའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་དང་། སྤྱི་ཚོགས་སྲ་བརྟན་ཆེད་མཐུན་རྐྱེན་གནང་བར་བསྔགས་བརྗོད་གནང་ཞིང་། བོད་ཁྱིམ་སློབ་གྲྭས་ཐུགས་འགན་བཞེས་ཏེ་བོད་པའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་གཞོན་སྐྱེས་རྣམས་ཀྱི་མ་འོངས་མདུན་ལམ་སྲ་བརྟན་ཡོང་བར་རོགས་རམ་གནང་ཡོད་སྐོར་སོགས་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་དགོན་སྡེ་ཁག་དང་། སློབ་གྲྭ། སྨན་ཁང་སོགས་ལ་གཟིགས་སྐོར་གནང་རྗེས། ས་གནས་མགོ་འཛིན་དང་ལྷན་དུ་སློབ་གྲྭའི་མཐུན་རྐྱེན་དང་མ་འོངས་པའི་མདུན་ལམ་སྐོར་གོ་བསྡུར་གནང་ཡོད་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese