མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཡོད་པའི་གྲོས་འཆར་བཏོན།

བོད་ཀྱི་དུས་བབ།
༢༠༢༥/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིས་ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་དང་ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ནང་མཉམ་ཞུགས་བྱེད་པར་བཀག་འགོག་བྱེད་མི་རུང་བའི་གྲོས་འཆར་བཏོན་འདུག

Risch, Shaheen, Colleagues Introduce Resolution Reaffirming Support of Taiwan

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇིམ་ (Jim Risch) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་རྗེན་ (Jeanne Shaheen) ལགས། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་པི་ཊི་ (Pete Ricketts) ལགས། ཁི་རི་སི་ (Chirs Coons) ལགས་བཅས་ཀྱིས། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་བདག་དབང་ལེན་པར་ཨ་རི་དང་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་པར་ངོ་རྒོལ་དང་། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་ཡོད་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཐའེ་ཝན་མཉམ་ཞུགས་བྱེད་པར་བཀག་འགོག་བྱེད་མི་རུང་ཞེས་མཉམ་འབྲེལ་གྲོས་འཆར་ཞིག་ངོ་སྤྲོད་གནང་ཡོད་འདུག

དེ་འབྲེལ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་ཇིམ་ལགས་ཀྱིས། ཨ་རིའི་གཞུང་ནས་རྒྱ་ནག་གིས་ཐའེ་ཝན་ལ་བདག་དབང་ཡོད་ཚུལ་བརྗོད་པ་དེར་ངོས་ལེན་མེད་ལ། རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་ལ་མགོ་སྐོར་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་ལ་ཆེད་དུ་འགྱུར་བ་གཏོང་ཐབས་བྱས་ཡོད་ཀྱང་། ང་ཚོས་ངན་ཇུས་དེ་དག་མཐོང་སྟེ་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཞེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་ཚའོ་ (Hsiao Bi-khim) ལགས་ཀྱིས། རྒྱལ་སྤྱིའི་སྟེང་རྒྱ་ནག་གིས་ངན་ཇུས་འདིང་བཞིན་པར་སྐྱོན་བརྗོད་གནང་བ་དང་། ཐའེ་ཝན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

གྲོས་ཚོགས་གོང་མའི་འཐུས་མི་རྗེན་ལགས་ཀྱིས། རྒྱ་ནག་པེ་ཅིན་གཞུང་གིས་ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་པར་བཀག་འགོག་བྱེད་ཀྱི་ཡོད་པར་བརྟེན། ཐའེ་ཝན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང་། ཨ་རིས་གྲོས་འཆར་འདི་བརྒྱུད་རྒྱ་གཞུང་གི་བྱ་སྤྱོད་དེར་འགོག་གི་ཡོད་པ་ཁ་གསལ་བཟོས་ཡོད། ཅེས་འགྲེལ་བརྗོད་གནང་འདུག་ལ། དེ་བཞིན་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་པི་ཊི་ལགས་ཀྱིས། རྒྱ་ནག་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ཞེས་པའི་འོག  རྒྱལ་སྤྱིའི་ཐོག་ནས་ཐའེ་ཝན་ལ་བཙན་ཤེད་དང་བཙན་འཛུལ་བྱེད་པར་རྒྱབ་སྐྱོར་ཐོབ་ཐབས་བྱེད་ཀྱི་ཡོད། ང་ཚོས་རྒྱ་ནག་གིས་ལོ་རྒྱུས་བསྐྱར་བཅོས་བྱེད་པར་ཁས་ལེན་མི་བྱེད་པ་དང་། འཛམ་གླིང་གི་ཚོགས་སྡེ་ཁག་ཏུ་ཐའེ་ཝན་མཉམ་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞེས་གསུངས་འདུག

གྲོས་འཆར་འདིས་རྒྱ་ནག་གིས་ཐའེ་ཝན་ལ་བདག་དབང་ཡོད་ཚུལ་གྱི་རྫུན་གཏམ་ལ་ངོས་ལེན་མེད་པ་དང་། ཐའེ་ཝན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་མཉམ་ཞུགས་བྱེད་པར་བཀག་འགོག་བྱེད་ཀྱི་ཡོད་པ་དེ་ལ་ངོ་རྒོལ་ཡོད་པ་མཚོན་ཡོད། ཕྱི་ལོ་ ༡༩༧༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་ ༢༧༥༨ ནང་རྒྱ་ནག་གིས་ཐའེ་ཝན་ལ་བདག་དབང་ཡོད་པ་དང་། ཐའེ་ཝན་གྱི་ཆབ་སྲིད་གནས་བབ་ཐད་གླེང་སློང་བྱས་མེད་འདུག

ཟླ་འདིའི་ཕྱི་ཚེ་ ༡༧ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་དྲ་རྒྱའི་སྟེང་བཀོད་པའི་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་པའི་ཚིག་བརྗོད་དེ་མེད་པ་བཟོས་ཡོད་སྟབས། ཉིན་དེར་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ལིན་ (Lin Chia-lung) ལགས་ཀྱིས། འགྱུར་བ་དེ་འདྲ་བཏང་བར་ཐུགས་རྗེ་ཆེ་ཞུས་འདུག་ལ། ཐའེ་ཝན་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པ་མཚོན་གྱི་ཡོད་སྐོར་གསུངས་འདུག

ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་མགྲིན་ཚབ་པ་ཀོ་ཅཱ་ཀོན་ (Guo Jiakun) གྱིས། ཨ་རིས་ཐའེ་ཝན་དང་འབྲེལ་བའི་བསྐྱར་བཅོས་དེས་བརྡ་ལན་ནོར་པ་སྤྲོད་ཀྱི་ཡོད་པ་དང་། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཡོད་པའི་གྲོས་འཆར་བཏོན་པ་དེ་འཕྲལ་དུ་བཟོ་བཅོས་རྒྱག་དགོས་སྐོར་བཤད་འདུག དེ་འབྲེལ་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། གནད་དོན་དེ་དག་ལ་བརྟེན་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese