མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་ཅིག་གིས་གསུམ་བཅུའི་དུས་དྲན་ཉིན་གསར་འགོད་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་མཆོག་གིས་རྒྱལ་སྤྱིའི་ཐོག་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་ཆོག་པ་དགོས་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས།

གསུམ་བཅུའི་དུས་དྲན་ཉིན་གསར་འགོད་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་བཟོ་བྱས།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་གི་དབུས་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ཚོགས་གཙོ་དང་གྲོས་ཚོགས་འོག་མའི་འཐུས་མི་ཁི་རི་སི་སི་མི་ཐི་ (Chris Smith) མཆོག ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་མི་ར་ཇ་ (Raja Krishnammorthi) མཆོག ཐའེ་ཝན་སོགས་ནས་གནད་ཡོད་མི་སྣ་ཁག་ཅིག་གིས་གསུམ་བཅུའི་དུས་དྲན་ཉིན་བོད་དོན་རྒྱབ་སྐྱོར་གྱི་གསར་འགོད་བསྒྲགས་གཏམ་སྤེལ་གནང་འདུག

ཉིན་དེར་ལྕམ་ནན་སི་པེ་ལོ་སི་མཆོག་གིས། ལོ་ངོ་ ༦༦ གོང་ལ་བོད་མི་སྟོང་ཕྲག་མང་པོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་རང་ཉིད་ཀྱི་སྲོག་བློས་གཏོང་གིས་བོད་དོན་འཐབ་རྩོད་གནང་བ་དང་། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་སྐུ་ན་ཕྲ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་མ་ཟད། ༧གོང་ས་མཆོག་ནི་བོད་བསྟན་སྲིད་སྤྱི་དང་། བོད་མི་རྣམས་ཀྱི་བདེ་དོན་ཆེད་བློ་སྟོབས་ཞུམ་པ་མེད་པར་འཐབ་རྩོད་གནང་བཞིན་པའི་མཚོན་རྟགས་ཆགས་ཡོད། བོད་དོན་འཐབ་རྩོད་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད། ཅེས་གསུངས་འདུག

དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་ (Jim Mc Govern) མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་སྤྲོད་ཀྱི་མེད་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པར་བརྟེན། ང་ཚོས་བོད་མི་རྣམས་ཀྱི་ཆེད་དུ་མུ་མཐུད་སྐད་འབོད་རྒྱག་དགོས་ཀྱི་ཡོད་པ་རེད། གསུམ་བཅུའི་དུས་དྲན་སྲུང་གཙི་ཞུས་པའི་ཐོག བོད་མི་ཚོས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱ་རྒྱུ། དེ་བཞིན་རིག་གཞུང་སྲུང་སྐྱོབ་དང་། ཆུ་རགས་གསར་རྒྱག་ལ་ངོ་རྒོལ་བྱེད་དགོས་པ་དང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུའི་ཐོབ་ཐང་ཡོད་དགོས་པ་ནི་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས་རང་དབང་འཐབ་རྩོད་ཆེད་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་དང་། རྒྱ་ནག་གི་དཔོན་རིགས་དང་། འཛམ་གླིང་མི་མང་ཡོངས་ལ་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་ཆོག་པ་དགོས་རྒྱུའི་དྲན་སྐུལ་ཞུ་རྒྱུ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱིས་བོད་དོན་རྒྱབ་སྐྱོར་ལ་རོགས་རམ་ཡོང་བ་བྱ་རྒྱུའི་འབད་བརྩོན་ཞུ་ཡི་ཡོད། ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་རུ་གསུམ་བཅུའི་དུས་དྲན་སྲུང་གཙི་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག སྐབས་དེར་ཐའེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྕམ་ཝང་ཡུ་ལིང་ (Wang Yu-ling) གི་གཙོས་ཚོགས་མི་རྣམས་ཀྱིས་མཉམ་ཞུགས་གནང་ཡོད་འདུག་ལ། ཚོགས་གཙོ་གཞོན་པ་ཝང་ཡུ་ལིང་མཉམ་ཞུགས་བྱས་པ་ཐེངས་དང་པོ་ཡིན་འདུག

སྐབས་དེར་ལྕམ་ཝང་ཡུ་ལིང་ (Wang Yu-ling) གིས། ང་ཚོས་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དང་ཞི་བའི་གྲོས་མཐུན་རྡོག་རོལ་བཏང་ཡོད། ཅེས་དང་། ཕྱི་ལོ་ ༡༩༥༠ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་སྤེལ་ཡོད་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་རེད། ད་ལྟའི་བོད་ནང་གི་གནས་སྟངས་དེ་མ་འོངས་པའི་ཐའེ་ཝན་ནང་གི་གནས་སྟངས་དུ་འགྱུར་སྲིད། དེར་བརྟེན་ཐའེ་ཝན་ནང་གི་སྤྱི་མང་ཚོགས་པ་དང་། ཐའེ་ཝན་ནང་གི་བོད་མི་ཚོ་ལོ་འཁོར་གྱི་དུས་དྲན་ནང་མཉམ་ཞུགས་བྱེད་ཀྱི་ཡོད། ཅེས་གསུངས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

སྐར་མ ༥༣ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༢ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༢༣ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese