མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་མེད་ན་སྐུ་ཕུང་གསང་བའི་ཞུགས་འབུལ་དགོས་དོན་མེད་པའི་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ལྔས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་གསང་བའི་ཐོག་ནས་ཝི་ཐི་ནམ་དུ་ཞུགས་འབུལ་ཞུས་པར་སྐྱོན་བརྗོད་དང་རྒྱལ་སྤྱིའི་ཐོག་མུ་མཐུད་ཞིབ་འཇུག་བྱ་དགོས་པའི་དགོས་འདུན་བཏོན།

སྤྲུལ་སྐུ་ཧྲོུཾ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་གསང་བའི་ངང་ཞུགས་འབུལ་ཞུས་པར་བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ། དུས་བབ་ཀྱི་པར། ༢༠༢༥།༠༤།༢༡

དེ་རིང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༢༠ ཉིན་ཝི་ཏི་ནམ་དུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་གསང་བའི་ཐོག་ནས་ཞུགས་འབུལ་ཞུས་པར་སྐྱོན་བརྗོད་དང་། རྒྱལ་སྤྱིའི་ཐོག་ཞིབ་འཇུག་བྱ་དགོས་པའི་གསར་འགོད་གསར་བསྒྲགས་ཤིག་སྤེལ་སོང་།

གནད་དོན་དེའི་ཐད་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་འདི་གའི་གསར་འགོད་པར། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཏི་ནམ་དུ་སྐུ་གྲོངས་པའི་གནས་ཚུལ་བྱུང་བའི་རྗེས་སུ། ང་ཚོས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་འབྲེལ་ཡོད་ཝི་ཏི་ནམ་གཞུང་སོགས་སུ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ལ་བརྟག་དཔྱད་བྱ་དགོས་པ་དང་། སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་དང་ཆོས་ལུགས་ཀྱི་འགྲོ་སྟངས་ལྟར་གདུང་མཆོད་ཡག་པོ་ཡོང་བའི་རེ་བ་བརྒྱབ་པ་རེད། ཡིན་ནའང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་མཚན་མོ་ནས་གོ་ཐོས་ལྟར་ན། ང་ཚོའི་དགོས་འདུན་དོན་ཚན་དག་ངོས་འཛིན་གང་ཡང་མ་བྱས་པའི་ཐོག ཁ་སང་ཕྱི་ཚེས་ ༢༠ གྱི་སྔ་དྲོར་ཝི་ཏི་ནམ་གྱི་ས་ཆ་ཞིག་ཏུ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། འདས་ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་བཙན་བཟུང་བྱེད་པའི་ཉེན་ཁ་ཚབས་ཆེན་དུ་མཐོང་སྟེ། ཕ་ཡུལ་དུ་སྡོད་མ་ཐུབ་པར་ཉེན་གཡོལ་ཆེད་ཝི་ཏི་ནམ་དུ་ཕེབས་པ་རེད། ཡིན་ནའང་ཕྱི་ཟླ་ ༩ ཚེས་ ༢༨ ཙམ་ལ་རིན་པོ་ཆེ་མཆོག་ཕ་ཡུལ་ནས་གར་སོང་ཆ་མེད་དུ་གྱུར་སྟེ་གནས་ཚུལ་གང་ཡང་གོ་ཐོས་མེད་པའི་ཁྲོད་ལྷག་པ་རེད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཙམ་ལ་རིན་པོ་ཆེ་མཆོག་གི་གནས་ཚུལ་གང་འཚམ་ཕྱི་རུ་ཡོང་ཡོད། ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་ཝི་ཐི་ནམ་དུ་སྐུ་གྲོངས་ཡོད་ཟེར་བའི་ཡིག་ཆ་ནང་མིར་སྤྲད་པ་དང་། ཕྱི་ཚེས་ ༢ ནས་བཟུང་དགོན་པའི་ངོས་ནས་རིན་པོ་ཆེ་མཆོག་སྐུ་གྲོངས་པ་ཡོངས་གྲགས་བྱས་པའི་གནས་ཚུལ་བྱུང་བ་རེད། གནས་ཚུལ་འདིའི་ཁྲོད་ནས་ང་ཚོའི་དགོས་འདུན་དོན་ཚན་གཉིས་ལ་དྭང་ལེན་མ་བྱས་པར་ང་ཚོས་བསམ་བློ་གཏོང་དགོས། སྐུ་ཕུང་ལ་བརྟག་དཔྱད་བྱས་པར་རྩ་བ་ནས་ངོས་ལེན་མ་བྱས་པ་རེད། དེར་ང་ཚོས་བསམ་བློ་གཟབ་ནན་བྱས་ནས་གཏོང་དགོས། རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་གྱི་གནད་དོན་དེ་རྒྱ་ནག་གཞུང་དང་ཝི་ཐི་ནམ་གཉིས་ཀར་འགན་ཡོད། རིན་པོ་ཆེ་མཆོག་རང་བཞིན་གྱིས་སྐུ་གྲོངས་ཡོད་ཚེ་སྐུ་ཕུང་ལ་བརྟག་དཔྱད་བྱ་ཆོག་གི་མེད་པ་དང་། དེ་འདྲའི་དམ་དྲག་དང་གསང་བ་བྱ་དགོས་དོན་མེད་པ་རེད། དེ་ནི་རྒྱ་ནག་གི་ངན་ཇུས་ཐོག་ནས་རིན་པོ་ཆེ་མཆོག་བཀྲོངས་པ་གསལ་བོ་རེད། རིན་པོ་ཆེ་མཆོག་གི་སྐུ་ཕུང་མེར་བསྲེགས་ཙམ་གྱིས་གནད་དོན་འདི་ནག་གསུབ་ཆགས་མེད། ད་དུང་རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་གསལ་བོ་ཆགས་མེད་པས། འཛམ་གླིང་དང་རྒྱལ་སྤྱི་སོགས་གང་དུ་འགྲོ་དགོས་ཀྱང་གནད་དོན་འདི་གསལ་བོ་མ་ཆགས་བར་དུ་འཐབ་རྩོད་བྱ་རྒྱུ་ཡིན། ཅེས་བརྗོད་བྱུང་།

གནད་དོན་འདིའི་ཐོག་བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་ཁག་ལྔས་ཛ་དྲག་གི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། མཆོག་སྤྲུལ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཏི་ནམ་ནང་གི་བཀག་ཉར་ཁང་དུ་རྐྱེན་འདས་སུ་གྱུར་རྗེས་ནང་མིའི་མོས་མཐུན་མེད་པར་སྐུ་ཕུང་ཞུགས་འབུལ་ཞུས་པར་སྐྱོན་བརྗོད་དང་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་དཔྱོད་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། དེ་ཡང་མཆོག་སྤྲུལ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་འཛིན་བཟུང་དང་རྐྱེན་འདས་སུ་གྱུར་རྗེས་སྐུ་ཕུང་ལ་ཞིབ་དཔྱོད་གང་ཡང་མ་བྱས་བར་ཞུགས་འབུལ་བྱས་པ་དེར་རྒྱ་ནག་གཞུང་གིས་གཡོ་བྱུས་བཤམས་ཡོད་པའི་དོགས་གཞི་ཆེན་པོ་ཡོད། བོད་ཀྱི་རླབས་ཆེན་གྱི་སྐྱེས་བུ་མཆོག་སྤྲུལ་ནང་མིའི་མོས་མཐུན་མེད་བར་ཞུགས་འབུལ་བྱས་པར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔས་མཐའ་གཅིག་ཏུ་ངོས་ལེན་མེད་པའི་ཐོག་སྐྱོན་བརྗོད་ནན་པོ་བྱེད་རྒྱུ་ཡིན། དེ་ཡང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༣ བའི་ཟླ་མཇུག་ཏུ་ཝི་ཏི་ནམ་གྱི་ཧོ་ཅི་མིན་གྲོང་ཁྱེར་གྱི་བཀག་ཉར་ཁང་དུ་དོགས་གཞི་ཅན་གྱི་གནས་སྟངས་འོག་སྐུ་གཤེགས་ཡོད་པ་དང༌། དེའི་རྗེས་གནད་དོན་དེར་འཕྲལ་དུ་ཞིབ་དཔྱོད་ནན་པོ་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་ཡིད་སྐྱོའི་གནས་ཚུལ་ཞིག་ལ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ལ་ཞིབ་དཔྱོད་གང་ཡང་མ་བྱས་བའི་ཁར་ནང་མིའི་མོས་མཐུན་ཆོག་མཆན་མེད་པར་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག རིན་པོ་ཆེ་མཆོག་འཛིན་བཟུང་དང་། བཀག་ཉར་ཁང་དུ་རྐྱེན་འདས་སུ་གྱུར་བ། དེ་བཞིན་ནང་མིའི་ཆོག་མཆན་མེད་བར་སྐུ་ཕུང་ཞུགས་འབུལ་བྱས་བ་བཅས་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་ལས་འགལ་བའི་གནད་དོན་ཚབས་ཆེན་ཞིག་ཡིན་པ་དང༌། དེ་ནི་དྲང་བདེན་ཞིབ་དཔྱོད་ལ་འགོག་རྐྱེན་བྱས་པར་ངོས་འཛིན་ཐུབ་པ་མ་ཟད། ཁོང་འཛིན་བཟུང་དང་རྐྱེན་འདས་སུ་གྱུར་བའི་གནད་དོན་ནང་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་དོགས་གཞི་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན་བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ཆེ་ཁག་ནས་སྤྲུལ་སྐུ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་མཆོག་བཀག་ཉར་དང་རྐྱེན་འདས་ཀྱི་གནས་ཚུལ་བྱུང་བའི་རྐྱེན་ཐད་རྒྱལ་སྤྱིའི་ཚད་གཞི་དང་ལྡན་པའི་ཕྱི་གསལ་ནང་གསལ་གྱི་ཞིབ་དཔྱོད་ཆ་ཚང་བ་ཞིག་དགོས་པ་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

དེ་བཞིན་བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་ཁག་ལྔ་ནས་རྒྱལ་སྤྱིའི་ཐོག་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པའི་ནང་། ༡ སྤྲུལ་སྐུ་རིག་འཛིན་ཏུཾ་ཀར་རྡོ་རྗེ་མཆོག་རྐྱེན་འདས་སུ་གྱུར་བའི་གནས་སྟངས་ཐད་ཕྱི་གསལ་ནང་གསལ་གྱི་ཞིབ་འཇུག་ཆ་ཚང་བ་ཞིག་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན། ༢ ཕྱི་རྒྱལ་སྲིད་གཞུང་ཁག་ནས་ཝི་ཏི་ནམ་དང་རྒྱ་ནག་གཞུང་ལ་ལན་འདེབས་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཞུ་རྒྱུ་དང༌། བོད་ནང་གི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེའི་དགོན་པར་དམ་བསྒྲགས་ཤུགས་ཆེ་རུ་བཏང་བ་དང༌། ཉེན་སྲུང་ཐབས་ལམ་སྐོར་གྱི་ལན་འདེབས་ཕུལ་ཆེད། ཕྱི་རྒྱལ་སྲིད་གཞུང་ཁག་ནས་ཝི་ཐི་ནམ་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་རྒྱུ་དང་། དེ་བཞིན་དེ་དག་ལ་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ། ༣ མཉམ་འབྲེལ་རྒྱལ་ཚོགས་ལ་སྤྲུལ་སྐུ་ཧུཾ་ཀར་རྡོ་རྗེ་རིན་པོ་ཆེ་ཁྲིམས་ཐོག་མིན་པར་དམར་གསོད་བཏང་བ་ཡིན་མིན་ཞིབ་འཇུག་བྱེད་དགོས་པ་དང༌། སྤྲུལ་སྐུ་ཧུཾ་ཀར་རྡོ་རྗེ་རིན་བོ་ཆེའི་རྐྱེན་འདས་དང་འབྲེལ་བའི་གནད་དོན་ཁག་གི་ངན་བྱུས་དང་། འཆར་གཞི་བཟོ་མཁན། ལག་བསྟར་བྱེད་མཁན་ཡོངས་རྫོགས་ངོས་འཛིན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་བོད་ནང་སྙན་གྲགས་ཡོད་པའི་ལུང་སྔོན་དགོན་ཕྱག་འདེབས་མཁན་སྤྲུལ་སྐུ་པདྨ་གཏུམ་པོ་མཆོག་གི་སྲས་ཡིན་ཞིང་། ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་གསར་འཛུགས་གནང་སྟེ་གེ་སར་རིག་གནས་རྒྱུན་འཛིན་ཐད་ཕྱག་ལས་མང་པོ་གནང་།  ཕྱི་ལོ་ ༢༠༠༧ ལོ་ནས་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་གསར་འཛུགས་གནང་བ་སོགས་བོད་ཁུལ་གྱི་རོང་འབྲོག་གི་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་སླད་སློབ་གྲྭ་ཆུང་འབྲིང་ ༡༤ ཙམ་སྔ་གཞུག་ཏུ་ཆེད་འཛུགས་གནང་ཡོད་པ་དང་། དེ་བཞིན་དགོན་པ་དང་བཤད་གྲྭ་མང་པོ་ཕྱག་བཏབ་སྟེ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཆབ་སྲིད་ཀྱི་སྙོན་འཛུགས་སྣ་ཚོགས་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Nepalese police stand guard at the premises of the Boudhanath Stupa after a Tibetan monk self-immolated in Kathmandu on February 13, 2013. © 2013 Reuters
Mobile App

རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་སོ་ལྟ་བྱེད་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
tibettimes
Mobile App

ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༡༢/༢༢
Advertisement for App

ཨོ་ཌི་ཤ་མ་ཧ་གུ་རུ་པདྨ་འབྱུང་གནས་ཀྱི་སྨོན་ལམ་ཚོགས་ཐེངས་གཉིས་པའི་གསལ་བསྒྲགས།

༢༠༢༥/༡༢/༢༢
Mobile App

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

༢༠༢༥/༡༢/༢༠
༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༥/༡༢/༡༩
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

༢༠༢༥/༡༢/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese