མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་པཱ་ཀི་སི་ཐན་གྱི་གཞུང་ཚབ་སོགས་ཕྱིར་འབུད་གཏོང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

པཱ་ཧལ་གྷམ་ཁུལ་གྱི་དམར་གསོད་དོན་རྐྱེན་བཟོ་མཁན་དྲག་སྤྱོད་པ་དེ་དག་པཱ་ཀི་སི་ཐན་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་རྒྱ་གར་གཞུང་གིས་པཱ་ཀི་སི་ཐན་གྱི་གཞུང་ཚབ་པ་སོགས་ཕྱི་འབྲེལ་མི་སྣ་དང་མི་སེར་རྣམས་རྒྱ་གར་ནས་ཕྱིར་འབུད་གཏོང་གི་ཡོད་པ་སོགས་ཐག་གཅོད་ནན་པོ་གནང་རྒྱུ་ཡིན་སྐོར་བསྒྲགས་འདུག

One day after 26 people were killed in a militant attack in Indian-controlled Kashmir, India closed its main border crossing with Pakistan in response. The decision came as part of its efforts to strengthen security in the region.

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་གར་བྱང་རྒྱུད་ཀྱི་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་པཱ་ཧལ་གྷམ་ (Pahalgam) ཁུལ་དུ་མེ་མདའ་བཟུང་བའི་དྲག་སྤྱོད་པ་ཁག་ཅིག་གིས་ཉུང་མཐར་མི་གྲངས་ ༢༦ རྐྱེན་འདས་དང་མི་གྲངས་ ༡༠ རྨས་སྐྱོན་བཟོས་པར་བརྟེན། ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གཞུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།  པཱ་ཧལ་གྷམ་དུ་དྲག་སྤྱོད་སྤེལ་མཁན་ཚོ་པཱ་ཀི་སི་ཐན་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག ལྡི་ལིར་ཡོད་པའི་པཱ་ཀི་སི་ཐན་གྱི་གཞུང་ཚབ་པ་སོགས་ཕྱི་འབྲེལ་མི་སྣ་དང་། དེ་བཞིན་པཱ་ཀི་སི་ཐན་གྱི་མི་སེར་རྒྱ་གར་ནང་ཡོད་པ་རྣམས་ཆུ་ཚོད་ ༤༨ ནང་རྒྱ་གར་ནས་ཕྱིར་འཐོན་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་མ་ཟད། པཱ་ཀི་སི་ཐན་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་པ་ཕྱིར་འཐེན་གནང་སྟེ་རྒྱལ་ཁབ་གཉིས་བར་གྱི་འགྲོ་འོང་མཚམས་འཇོག་རྒྱུ་ཡིན་སྐོར་གསུངས་འདུག

དེ་འབྲེལ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས། གདུག་རྩུབ་ཅན་གྱི་བྱ་ངན་འདིའི་རྒྱབ་ཏུ་ཡོད་མཁན་ཚོ་ཁྲིམས་ཐོག་ནས་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན། ཞེས་འཇིགས་སྐུལ་དྲག་སྤྱོད་དེ་ལ་འཐབ་རྩོད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་འདུག་ལ། ཡུལ་དངོས་ནས་བསད་པའི་དྲག་སྤྱོད་པ་གཅིག་པཱ་ཀི་སི་ཐན་ནང་ཡོད་པའི་ཨའེ་ཨེ་སི་དྲག་སྤྱོད་ཚོགས་པ་དང་ལག་འབྲེལ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག ད་ལྟའི་ཆར་རྒྱ་གར་གཞུང་གིས་དྲག་སྤྱོད་པ་གཞན་རྣམས་འཚོལ་ཞིབ་བྱས་དང་བྱེད་མུས་ཡིན་འདུག འོན་ཀྱང་། ཁ་སང་ཕྱི་ཚེས་ ༢༣ ཉིན་པཱ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་མོ་ཧ་མ་ཌི་ (Mohammad Isaq Dar) ཡིས། འཇབ་རྒོལ་དེ་པ་ཀི་སི་ཐན་དང་འབྲེལ་བ་མེད། ཅེས་དང་། པཱ་ཧལ་གྷམ་དུ་དྲག་སྤྱོད་སྤེལ་ཏེ་ཡུལ་སྐོར་སྤྲོ་འཆམ་པའི་ཚེ་སྲོག་ཤོར་བར་བློ་ཕམ་དང་གདུང་སེམས་མཉམ་སྐྱེད་ཡོད། ཅེས་བརྗོད་འདུག

ད་ལྟ་རྒྱ་གར་དབུས་གཞུང་གིས་ཡུལ་སྐོར་བ་ཧ་ཅང་མང་བའི་ས་ཁུལ་དེར་འགོག་སྲུང་ནན་མོ་བྱེད་མུས་ཡིན་འདུག་ལ། པཱ་ཧལ་གྷམ་ནི་ལོ་ལྟར་དབྱར་དུས་སོགས་རྒྱ་གར་གཙོས་ཡུལ་སྐོར་སྤྲོ་འཆམ་པ་རྒྱུན་མ་ཆད་པའི་ཡུལ་སྐོར་བའི་ས་ཚིགས་གལ་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་འགའི་རིང་སྲིད་གཞུང་གིས་ས་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་གཏོང་བར་སྐུལ་མ་བཏང་ཡོད་འདུག་ལ། ཝེ་ཁེ་རིག་མཛོད་ནང་གསལ་བ་ལྟར་ན། འདས་ལོར་ཀ་ཤི་མིར་མངའ་སྡེའི་ནང་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༣།༥ ཙམ་བསླེབས་ཡོད་འདུག

རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱི་འབྲེལ་བ་ནི་རྙོག་འཛིང་ཆེ་ཞིང་། འཛམ་གླིང་གི་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་གཉིས་ཀྱི་རྗེས་སུ། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་པ་དང་བསྟུན། དབྱིན་ཇིའི་རྒྱལ་ཁབ་ཀྱིས་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་སུ་ཕྱེས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་སུ་ཕྱི་ལོ་ ༡༩༧༢ ལོར་ཤིམ་ལའི་ཚོགས་ཆེན་དང་། ཕྱི་ལོ་ ༡༩༩༩ ལོར་ལ་ཧོར་གྱི་ཚོགས་ཆེན། དེ་བཞིན་ཕྱི་ལོ་ ༢༠༠༡ ལོར་ཨག་རའི་ཚོགས་ཆེན་སོགས་ཚོགས་ཡོད་ཀྱང་། ཇ་མུ་དང་ཀ་ཤི་མིར་མངའ་སྡེ་དང་འབྲེལ་ནས་རྩོད་རྙོག་ཤུགས་ཆེན་བྱུང་བར་བརྟེན། ཕྱི་ལོ་ ༡༩༤༧ ནས་བཟུང་རྒྱལ་ཁབ་གཉིས་ཀྱི་བར་ལ་གདོང་ཐུག་མང་པོ་བྱུང་། རྒྱ་གར་དང་པཱ་ཀི་སི་ཐན་གྱི་ས་མཚམས་ནི་འཛམ་གླིང་ནང་སྲུང་དམག་མང་ཤོས་བཀོད་སྒྲིག་བྱས་ཡོད་པའི་རྒྱལ་མཚམས་གྲས་ཤིག་ཡིན་པ་མ་ཟད། པཱ་ཀི་སི་ཐན་ལ་རྒྱབ་སྐྱོར་ཡོད་པའི་དྲག་སྤྱོད་པ་ཁག་ཅིག་གིས་འཇབ་རྒོལ་ཡང་ཡང་བྱས་རྐྱེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese