མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གསེར་ཁྲི་མངའ་གསོལ་དུ་མཛད་པའི་སྐུ་པར་ཁག་ཅིག་རིན་སྡུར་ཚོང་སྒྱུར་བྱ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༩༣༥ ནས་ ༡༩༤༥ བར་གྱི་དབྱིན་ཇིའི་སྐུ་ཚབ་བྷ་སིལ་གྷོལ་ཌི་ཡིས་ཕྱོགས་སྒྲིག་དང་རྒྱ་གར་གྱི་དེང་རབས་རི་མོའི་སྒྱུ་རྩལ་བ་ཀན་ཝལ་ཀི་རི་ཤི་ནཱ་ཡིས་བྲིས་པའི་༧གོང་ས་མཆོག་གི་སྐུ་པར་ཁག་ཅིག་རིན་སྡུར་ཚོང་སྒྱུར་བྱ་རྒྱུ་ཡིན་འདུག

The Collection and Archive of Sir Basil Gould, 4 June 2025

ཕྱི་ཟླ་ ༦ ཚེས་ ༤ ཉིན་དབྱིན་ཇིའི་རྒྱལ་ས་ལི་ཌོན་དུ་རྟེན་གཞི་བྱས་པའི་འཛམ་གླིང་གི་ཚོང་སྒྱུར་ཁང་རྙིང་ཤོས་ཀྱི་གྲས་སུ་གཏོགས་པའི་ (Bonhams) ཚོགས་པས། ཕྱི་ལོ་ ༡༩༤༠ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་མཛད་སྐབས་ཀྱི་སྣུམ་ཚོན་སྐུ་པར་གསུམ་གཙོ་བྱས་པའི་སྐབས་དེའི་བོད་ཀྱི་བཀའ་བློན་དང་སྤྱི་ཚོགས་ཀྱི་གནས་བབ།  ད་དུང་དབྱིན་ཇིའི་སྐུ་ཚབ་སོགས་འདུས་པའི་པར་རིས་རིམ་པ་མི་འདྲ་བ་ ༤༠ རིན་སྡུར་ཚོང་སྒྱུར་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཐེངས་འདིའི་རིན་སྡུར་ཚོང་སྒྱུར་ཁྲོད། ༧གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་སྐུ་པར་གཙོ་བོ་གསུམ་ཡོད་པ་ལས། གཅིག་གསེར་ཁྲིར་མངའ་གསོལ་མཛད་མེད་པའི་སྐབས་ཀྱི་སྐུ་པར་ཞིག་དང་། གསེར་ཁྲི་མངའ་གསོལ་མཛད་སྐབས་ཀྱི་སྐུ་པར་གཅིག གསེར་ཁྲིར་མངའ་གསོལ་མཛད་སྐབས་ཀྱི་མཛད་སྒོའི་ཡུལ་དངོས་ཀྱི་སྐུ་པར་གཅིག་བཅས་འདུག་ལ། མཛད་སྒོའི་ཡུལ་དངོས་མཚོན་པའི་སྐུ་པར་དེར་ཚོད་རྩིས་ཀྱི་རིན་སྡུར་ཚོང་སྒྱུར་དབྱིན་ཇིའི་པོ་ཌིན་ ༡༨༠༠༠༠ ནས་ ༢༥༠༠༠༠ བར་དང་། གསེར་ཁྲི་མངའ་གསོལ་སྔོན་གྱི་སྐུ་པར་དེར་པོ་ཌིན་ ༧༠༠༠༠ ནས་ ༡༠༠༠༠༠ བར། དེ་བཞིན། གསེར་ཁྲི་མངའ་གསོལ་མཛད་སྐབས་ཀྱི་སྐུ་པར་དེར་པོ་ཌིན་ ༡༥༠༠༠༠ ནས་ ༢༠༠༠༠༠ བར་གྱི་རིན་སྡུར་གཏན་འབེབས་བྱས་འདུག

༧མགོན་པ་གང་ཉིད་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དག་དང་ལྷན་དུ། གཞན་ཡང་ཕྱི་ལོ་ ༡༩༣༦ ནས་ ༡༩༣༧ བར་གྱི་བོད་ནང་གི་གནས་སྟངས་མཚོན་པའི་པར་རིས་ ༡༥༡༥ ཅན་ཞིག་ལ་རིན་སྡུར་ཚོང་སྒྱུར་པོ་ཌིན་ ༢༠༠༠༠ ནས་ ༣༠༠༠༠ བར་དང་། དུས་རབས་ ༡༨ དང་ ༡༩ བར་གྱི་སངས་རྒྱས་ཀྱི་སྐུ་རྟེན་གསུམ་ལ་པོ་ཌིན་ ༨༠༠༠ ནས་ ༡༢༠༠༠ བར་བཅས་གཏན་འབེབས་བྱས་ཏེ་རིན་སྡུར་ཚོང་སྒྱུར་བྱ་རྒྱུ་ཡིན་འདུག

དབྱིན་ཇིའི་རིན་སྡུར་ཚོང་སྒྱུར་(Bonhams) ཚོགས་པའི་གནས་ཚུལ་ལྟར་ན། སྐུ་པར་དེ་དག་ཕྱི་ལོ་ ༡༩༣༩ དང་ ༡༩༤༠ ནང་དབྱིན་ཇིའི་སྐུ་ཚབ་བྷ་སིལ་གྷོལ་ཌི་ (Sir Basil Gould) དང་རྒྱ་གར་གྱི་དེང་རབས་རི་མོའི་སྒྱུ་རྩལ་བ་ཀན་ཝལ་ཀི་རི་ཤི་ནཱ་ (KANWAL KRISHNA) གཉིས་བོད་ནང་དུ་བསྐྱོད་ཡོད་ཅིང་། དམིགས་བསལ་ཁོང་གཉིས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོར་ཞུགས་ཆོག་པའི་བཀའ་འཁྲོལ་ཐོབ་པ་ལ་བརྟེན་ནས་བྱུང་བའི་སྐུ་པར་ཡིན་འདུག་ལ།  ཀན་ཝལ་ཀི་རི་ཤི་ནཱ་ནི་༧གོང་ས་མཆོག་གི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོར་ཞུགས་པའི་རྒྱ་གར་བའི་རི་མོའི་སྒྱུ་རྩལ་བ་ཐོག་མ་དེ་ཡིན་འདུག

ཡང་། ཕྱི་ལོ་ ༢༠༡༩ ལོར་རྒྱལ་སྤྱིའི་རིན་སྡུར་ཚོང་སྒྱུར་ཁང་གྲགས་ཆེ་ཤོས་ཡིན་པའི་ (Sotheby) ཚོང་གཉེར་ཁང་གིས། ༧གོང་ས་མཆོག་གི་ཆིབས་འཁོར་ཞིག་ལ་ཨ་སྒོར་ ༡༠༠༠༠༠ ནས་ ༡༥༠༠༠༠ བར་གྱི་རིན་སྡུར་ཚོང་སྒྱུར་གཏན་འབེབས་བྱས་ཏེ། རིན་སྡུར་བྱེད་སྐབས་ཆིབས་འཁོར་དེར་ཨ་སྒོར་ ༡༤༣༠༠༠ བྱས་ནས་བཙོང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

ཆུ་ཚོད་ ༨ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese