མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་གྱིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་དགོས་འདུན་དོན་ཚན་གསུམ་གྱི་འོག་ནས་རྡེ་ར་ལྡུན་ནས་སིམ་ལ་དང་མ་ནཱ་ལི། དེ་ནས་དྷ་ས་དང་ལྡི་ལི་བཅས་ཀྱི་བར་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་གྱིན་འདུག

འཇམ་དབྱངས་བསྟན་འཛིན་ལགས་ནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༤།༣༠

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོའི་འཁྲུངས་སྐར་དང་བསྟུན། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས། རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་ནས་མགོ་འཛིན་གྱིས་སིམ་ལ་དང་མ་ནཱ་ལི། དེ་བཞིན། དྷ་རམ་ས་ལ་ནས་ལྡི་ལིའི་བར་དུ་བོད་དོན་ཞི་བའི་གོམ་བགྲོད་གནང་གི་འདུག་ལ། དེ་རིང་འཇམ་དབྱངས་བསྟན་འཛིན་ལགས་སིམ་ལར་འབྱོར་ཡོད་ཅིང་། ཁོང་གིས་ཐེངས་འདིའི་ལས་འགུལ་ལ་རོབ་རྩིས་བྱས་ན་ཟླ་གཉིས་ཡས་མས་ཙམ་འགོར་སྲིད་སྐོར་བརྗོད་བྱུང་།

འདི་གའི་གསར་འགོད་པས་འཇམ་དབྱངས་ལགས་སུ་ལས་འགུལ་གྱི་དམིགས་ཡུལ་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། ད་ལན་གྱི་ལས་འགུལ་གཙོ་བོ་ནི་ཡུལ་སྐོར་སྤྲོ་འཁྱམ་པ་མང་སའི་ས་ཁུལ་དུ་རྒྱ་གར་གྱི་མི་སེར་དང་ཕྱི་རྒྱལ་བ་སོགས་ལ་པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་གསལ་འདོན་བྱེད་ཐུབ་པ་ཡིན་ན། ཕན་ཐོགས་ཆུང་ཆུང་ཞིག་ལས་མ་བྱུང་ནའང་འགྲིག་གི་འདུག་བསམས་ནས་ལས་འགུལ་སྤེལ་བ་ཡིན། ཞེས་བརྗོད་བྱུང་།

ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་དམར་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་འཛིན་བཟུང་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་གལ་ཆེའི་དུས་དྲན་དང་སྟབས་བསྟུན་གྱིས། འཇམ་དབྱངས་ལགས་ནས་ཡུལ་སྐོར་བ་མང་སའི་མ་ནཱ་ལིའི་ཁུལ་དུ་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་ལ་མང་ཚོགས་ཁྲོད་གོ་རྟོགས་སྤེལ་བ་དང་ལྷན་དུ། གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་རྒྱུ་ཡིན་འདུག

འཇམ་དབྱངས་ལགས་ཀྱིས་ད་རེས་ལས་འགུལ་འདི་བརྒྱུད་ ༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་གནས་སྟངས་ཐོག རྒྱ་གཞུང་ནས་ལན་འདེབས་གསལ་བཤད་ཅིག་ཡོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་གནོན་ཤུགས་སྔར་ལྷག་སྤྲོད་དགོས་པའི་འབོད་སྐུལ་དང་། རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་གནད་དོན་དེའི་ཐོག་མཁྱེན་རྒྱ་དང་རྒྱབ་སྐྱོར་ཚད་མཐོ་རགས་ཐབས་དང་། དམིགས་བསལ་བོད་རིགས་གཞོན་སྐྱེས་དང་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་རྡོག་རྩ་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་སྔར་ལྷག་མཉམ་སྤུངས་ཡོང་རྒྱུ་སོགས་ལ་དམིགས་ཏེ་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུར་ཐག་གཅོད་བྱུང་ཡོད།

འཇམ་དབྱངས་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ལ་དགོས་འདུན་དོན་ཚན་གསུམ་ཡོད་པ་དག་ནི། གཅིག རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲད་དེ་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙོས་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་ཀློད་གྲོལ་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། གཉིས། རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་འོག རྒྱ་ནག་དམར་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་ཡོང་བར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ། དེ་བཞིན། རང་རིགས་གཞོན་སྐྱེས་ཚོ་གཙོ་བྱས་པའི་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ནས་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་བཅས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese