མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རླུང་འཕྲིན་ཁང་ (VOA) དང། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གི་བོད་སྐད་རླུང་འཕྲིན་གཉིས་ཀྱི་ལས་མཚམས་བཞག་པ་ལ་བརྟེན་ནས་བོད་མི་མང་པོར་བློ་ཕམ་དང་སེམས་ཁྲལ་འབྱུང་བའི་རྒྱུ་མཚན།

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། རེ་མདོ་སེངྒེ།

ཨ་རིའི་བོད་སྐད་ཀྱི་རླུང་འཕྲིན་ཁང་གཉིས་ནི་བོད་ནང་གི་བོད་མི་ཚོས་ཕྱི་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་གོ་རྟོགས་བྱེད་སའི་གཞི་རྟེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པར་བརྟེན། རླུང་འཕྲིན་ཁང་འདི་གཉིས་བོད་ཕྱི་ནང་གི་བོད་མི་ཚོའི་ནུས་པ་མཉམ་སྤུངས་ངང་བདེན་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱུན་གནས་གོང་འཕེལ་ཡོང་བའི་ཆ་རྐྱེན་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ཡོངས་གྲགས་ཡིན། འོན་ཀྱང་བར་སྐབས་ཨ་རིའི་གཞུང་གསར་པའི་སྲིད་བྱུས་ཀྱི་འགྱུར་བའི་དབང་གིས་ཨ་རིའི་རླུང་འཕྲིན་ཁང་ (VOA) དང། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གཉིས་ཀྱི་འགྲོ་གྲོན་མཚམས་འཇོག་བྱས་པའི་རྐྱེན་གྱིས་བོད་སྐད་རླུང་འཕྲིན་ཁང་གཉིས་ཀྱི་ལས་མཚམས་འཇོག་དགོས་བྱུང་བ་ནི། བོད་ཕྱི་ནང་གི་བོད་མི་བསམ་ཤེས་ཅན་ཡོངས་རྫོགས་ཀྱིས་བློ་ཕམ་དང་སེམས་ཁྲལ་བྱ་བའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད།

ཁོ་བོར་མཚོན་ན་རླུང་འཕྲིན་ཁང་འདི་གཉིས་བརྒྱུད་ནས་ཉིན་རེའི་བོད་ཕྱི་ནང་དང་རྒྱལ་སྤྱིའི་གསར་འགྱུར་ཙམ་མ་ཡིན་པར། ཤེས་བྱའི་རྣམ་གྲངས་དང་གོ་རྟོགས་མང་པོ་ཐོབ་མྱོང་མཁན་ཞིག་ཡིན་པའི་ཆ་ནས་རླུང་འཕྲིན་འདི་གཉིས་ལ་ལྟ་ཉན་བྱ་རྒྱུ་ནི་གོམས་གཤིས་སུ་འཇགས་པའི་ཉིན་རེའི་འཚོ་བའི་ནང་གི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན་རླུང་འཕྲིན་འདི་གཉིས་ཀྱི་ལས་མཚམས་བཞག་པའི་གནས་ཚུལ་ཐོས་མ་ཐག་བློ་ཕམ་དང་སེམས་ཁྲལ་ཆེན་པོ་བྱུང་བར་མ་ཟད། རླུང་འཕྲིན་ཁང་འདི་གཉིས་གཏན་དུ་མེད་པར་གྱུར་ན་འབྱུང་སྲིད་པའི་ཉེན་ཁའི་གནས་ཚུལ་མང་པོ་ཞིག་ཀྱང་བསམ་བློར་འཁོར་མྱོང། བློ་ཕམ་དང་སེམས་ཁྲལ་འབྱུང་སྲིད་པའི་ཉེན་ཁའི་འཆར་སྣང་བཅས་ལས་བྱུང་བའི་སྒེར་བའི་མཐོང་ཚུལ་ཁག་ཡིག་ཐོག་ཏུ་འགོད་རྒྱུའི་བསམ་བློ་འཁོར་མྱོང་ཡང། བར་ལམ་ལས་བྲེལ་སྣ་ཚོགས་ཀྱི་རྐྱེན་པས་རླུང་འཕྲིན་ཁང་འདི་གཉིས་དང་འབྲེལ་བའི་ཚོར་སྣང་ཡིག་ལམ་དུ་སྤེལ་རྒྱུ་འགོར་འགྱངས་སུ་གྱུར། དེ་རིང་ཉིན་གུང་ཡོལ་ཙམ་ལ་ལྷོ་ཕྱོགས་བོད་མིའི་གཞིས་ཁག་ལྔ་ལས་ཀོ་ལི་སྒར་དོན་ལྡན་གླིང་དུ་འབྱོར་བའི་སྐབས་ཕྱི་དྲོར་ལས་རིམ་དམིགས་བསལ་སྒྲིག་མི་འདུག་པར་བརྟེན། མགྲོན་ཁང་དུ་སེམས་ཚོར་དེ་དག་ཡིག་ཐོག་ཏུ་འགོད་རྒྱུར་འབད་བརྩོན་བྱས་ཡོད། ཁོ་བོས་ཡིག་རྩོམ་འདི་འདྲ་ཞིག་སྤེལ་བས་ད་ལྟའི་གནས་སྟངས་དངོས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུར་ཤུགས་རྐྱེན་གང་ཡང་ཐེབས་མི་ཐུབ་པ་གསལ་པོ་ཤེས་ཀྱང། བོད་མིའི་སྤྱི་ཚོགས་དང་ཤེས་ཡོན་པའི་ཁྲོད་རླུང་འཕྲིན་ཁང་འདི་གཉིས་ཀྱི་ལས་མཚམས་འཇོག་དགོས་བྱུང་བར་བློ་ཕམ་དང་སེམས་ཁྲལ་ཅི་ཙམ་བྱེད་ཀྱི་ཡོད་མེད་དང། རླུང་འཕྲིན་ཁང་འདི་གཉིས་ལས་མཚམས་བཞག་པ་ལ་བརྟེན་ནས་འགྱེལ་བའི་སྒང་ལ་རྡོག་བརྫིས་ཞེས་པའི་དཔེ་ལྟར། ཉམ་ཐག་པའི་བོད་མི་རིགས་ལ་གྱོང་གུད་སྣོན་མ་ཅི་ཞིག་ཕོག་སྲིད་པའི་སྐོར་གང་ཟག་སྒེར་པའི་ལྟ་ཚུལ་ཡིག་ཐོག་ཏུ་གནས་ཐུབ་ན་སྙམ་པ་ཙམ་ཡིན།

བོད་སྐད་གསར་ཁང་འདི་གཉིས་ཀྱིས་འདས་པའི་ལོ་བཅུ་ཕྲག་དུ་མའི་རིང་འཛམ་གླིང་ནང་ཉིན་རེར་འབྱུང་བཞིན་པའི་རྒྱལ་སྤྱིའི་གསར་འགྱུར་ཁག་བོད་སྐད་ཡིག་ལམ་ནས་བརྒྱུད་སྒྲོགས་བྱས་པ་ཙམ་མ་ཡིན་པར། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་ཆོས་སྲིད་ཀྱི་མཛད་འཕྲིན་ཁག་དང་རླབས་ཆེན་གྱི་དགོངས་གཞི་ངོ་སྤྲོད། བོད་མིའི་སྒྲིག་འཛུགས་ཀྱི་འཆར་འཕར་གྱི་གལ་ཆེའི་མཛད་བྱུས་རིགས། བོད་ནང་དུ་བོད་མི་ཚོས་དཀའ་སྡུག་སྣ་ཚོགས་མྱོང་བཞིན་པའི་དངོས་ཡོད་གནས་སྟངས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་གལ་ཆེའི་རིགས་བཅས་ཡིག་ཐོག་དང་ངག་ཐོག བརྙན་ལམ་བཅས་ནས་འཇིག་རྟེན་ཡོངས་ཁྱབ་རང་བཞིན་དུ་དྲང་བདེན་དང་བསླད་མེད་པར་བརྒྱུད་སྒྲོགས་བྱེད་ཐུབ་པ་བྱུང་ཡོད།

རླུང་འཕྲིན་ཁང་འདི་གཉིས་ཀྱིས་ཐོག་མའི་དམིགས་ཡུལ་དང་རྩ་འཛིན་གྱི་གཞི་རྩ་མ་བརླགས་པའི་ཐོག་ནས། ༸གོང་ས་མཆོག་གི་རླབས་ཆེ་བའི་ཆོས་སྲིད་ཀྱི་དགོངས་པ་ངོ་སྤྲོད་དང། འཛམ་གླིང་རང་བཞིན་གྱི་ཆབ་སྲིད། ཤེས་ཡོན། དཔལ་འབྱོར། དམག་དོན། འཕྲོད་བསྟེན། ཡུལ་ཁམས་ཆགས་ལུགས། ཁོར་ཡུག་གི་གནད་དོན། མི་སྣ་ངོ་སྤྲོད་བཅས་གལ་གནད་ཆེ་བའི་ལེ་ཚན་བརྒྱ་ཕྲག་མང་པོ་གཙོ་སྒྲུབ་བྱེད་ཐུབ་ཡོད་པར་མ་ཟད། དེ་བཞིན་བོད་ཀྱི་སྐད་ཡིག་དང། རིག་གཞུང། ཆོས་ལུགས། ལོ་རྒྱུས། ཆབ་སྲིད། དམག་དོན། འཛུགས་སྐྲུན། ཤེས་ཡོན་དང་འབྲེལ་བའི་གལ་ཆེའི་གནད་དོན། ཆོས་སྲིད་ཀྱི་གལ་ཆེའི་མི་སྣ་ངོ་སྤྲོད། སྤྱི་ཚོགས་ཀྱི་བདེ་དོན། བཙན་བྱོལ་བོད་མིའི་ཚོང་ལས། ཞིང་འབྲོག་གི་འཚོ་ཐབས་ངོ་སྤྲོད། གཞན་ཡང་གལ་ཆེ་བའི་བརྗོད་གཞི་སྣ་ཚོགས་པའི་ཐོག་ཆེད་མཁས་པ་དང་ལྷན་དཔྱད་ཞིབ་དང་བགྲོ་གླེང་གནང་བ་སོགས་བརྒྱུད་བོད་ཕྱི་ནང་གི་བོད་མིས་མཚོན། བོད་ཡིག་དང་བོད་སྐད་ལ་བརྟེན་པའི་ཤེས་ཡོན་དོན་གཉེར་ཅན་དང་མང་ཚོགས་སྟོང་ཕྲག་མང་པོར་རྣམ་དཔྱོད་དང་ཤེས་རབ་སྤེལ་བའི་མཛད་རྗེས་རླབས་ཆེན་བཞག་གནང་ཡོད།

འཛམ་གླིང་གི་མི་རིགས་མང་ཆེ་བར་སོ་སོའི་སྐད་ཡིག་གི་བརྒྱུད་ལམ་ནས་མང་ཚོགས་ཀྱི་ཤེས་ཡོན་དང། བསམ་བློ། ཀུན་སྤྱོད་བཅས་གོང་འཕེལ་ཡོང་བའི་ཐབས་སུ་ཆེད་མཁས་མི་སྣ་དང་ལྷན་ལེ་ཚན་མང་པོ་གོ་སྒྲིག་བྱེད་ཀྱི་ཡོད་པར་མ་ཟད། བརྗོད་གཞི་འདྲ་མིན་སྣ་ཚོགས་ཐོག་དཔྱད་ཞིབ་དང་བགྲོ་གླེང་གི་རིགས་སྣ་མང་གོ་སྒྲིག་བྱེད་སྲོལ་ཡོད་པ་ལྟར། རླུང་འཕྲིན་ཁང་འདི་གཉིས་ཀྱིས་བོད་སྐད་རླུང་འཕྲིན་གྱི་སྟོང་ཆ་མང་པོ་ཁ་གསབ་བྱས་པ་ཙམ་མ་ཟད། གསར་འགྱུར་གྱི་འབྱུང་ཁུངས་དང་སྐད་ཡིག་གི་སྤུས་ཚད། ལེ་ཚན་གཞན་དག་གི་ཤེས་ཡོན་གྱི་རྒྱབ་ལྗོངས་དང་དཔྱད་ཞིབ་ཀྱི་རིགས་ལམ་བཅས་གང་ཅིའི་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཏེ། གཟུ་བོར་གནས་པའི་སྐྱེ་བོ་ཀུན་གྱི་དང་བ་འདྲེན་པའི་གསར་འགྱུར་བརྒྱུད་ལམ་ཚད་ལྡན་དུ་འགྱུར་བཞིན་པའི་སྐབས། གློ་བུར་བར་གཅོད་ཀྱི་དབང་དུ་ཚུད་པ་ནི་བོད་མི་རིགས་སྤྱིའི་གོད་ཆག་ཆེན་པོ་ཞིག་ཅིའི་མ་ཡིན།

གསར་ཁང་འདི་གཉིས་ཀྱི་ལས་མཚམས་བཞག་པ་ལ་བརྟེན་ནས་བོད་ཕྱི་ལོགས་སུ་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་ནས་གནས་ཚུལ་མང་པོ་ཤེས་རྟོགས་བྱེད་པའི་བརྒྱུད་ལམ་གལ་ཆེན་ཞིག་སྒོ་ཁེགས་པ་ཙམ་མ་ཡིན་པར། དེ་བས་ཀྱང་ཉེན་ཁ་དང་བློ་ཕམ་གྱི་གནས་སུ་གྱུར་པ་ནི་བོད་ནང་གི་བོད་མི་སྟོང་ཕྲག་མང་པོས་ཕྱི་ལོགས་ཀྱི་གནས་ཚུལ་དྲང་བདེན་དང་བསླད་མེད་པ་ཤེས་རྟོགས་ཐུབ་པའི་སྒོ་མོ་བཀག་པ་ཞིག་ཏུ་གྱུར་ཡོད་ལ། བརྒྱུད་ལམ་འདི་གཉིས་གཏན་དུ་ཁེགས་ན་བོད་ནང་གི་བོད་མི་སྟོང་ཕྲག་མང་པོའི་དྲང་བདེན་གྱི་གནས་ཚུལ་ཤེས་རྟོགས་བྱེད་སའི་འབྱུང་ཁུངས་སྤུས་གཙང་གལ་ཆེན་གཉིས་གཏན་ནས་མེད་པར་གྱུར་པ་ཡིན་པས། དེ་ལྟར་གྱུར་ན་བོད་ཕྱི་ནང་གི་འབྲེལ་བའི་གནས་སྟངས་ལ་ཉམས་ཆག་ཆེན་པོ་འབྱུང་ངེས་ཡིན་པ་དང། བོད་ཕྱི་ནང་གི་འབྲེལ་བའི་གནས་སྟངས་ཉམས་ཆག་ཏུ་ཕྱིན་ན། མི་རེ་ཟུང་གི་འཚོ་བ་དང་མི་ཚེའི་གནད་དོན་ལ་ཤུགས་རྐྱེན་ཐེབས་པ་ཙམ་མ་ཡིན་པར། བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་པའི་གཞི་རྩའི་སྟོབས་ཤུགས་ཉམས་དམས་སུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་ཡང་རང་བཞིན་གྱིས་རྟོགས་ཐུབ།

བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་པའི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱུན་གནས་ཡོང་བའི་གཞི་རྩ་གཙོ་བོ་ཞིག་ནི། རྒྱུ་རྐྱེན་སྣ་མང་འཛོམས་པའི་འོག་ནས་བོད་ཕྱི་ནང་གི་བར་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ཏེ། བོད་ཕྱི་ནང་བར་ཕན་ཚུན་བསམ་བློ་དང་གནས་ཚུལ་ཤེས་རྟོགས་དང་རྒྱུས་ལོན་ཐུབ་པ་ལ་བརྟེན་ནས་བྱུང་བ་ཡིན་པ་ལོ་རྒྱུས་འཕེལ་རིམ་གྱི་ཐོག་ནས་རྟོགས་ཐུབ། ཀུན་སློང་ཡོད་མེད་ལ་མ་ལྟོས་པར་བོད་ནང་གི་བོད་མི་ཚོས་ཕྱིའི་དྲང་བདེན་གྱི་གནས་ཚུལ་དང། ༸གོང་ས་མཆོག་གི་ཆོས་སྲིད་ཀྱི་མཛད་འཕྲིན་ཁག་ཤེས་རྟོགས་བྱེད་པའི་བརྒྱུད་ལམ་གཙོ་བོ་གཉིས་བཀག་པ་ནི། བོད་ནང་གི་བོད་མི་རྣམས་ཀྱི་བློ་སྟོབས་དང་སེམས་ཤུགས་འཕེལ་རྐྱེན་གྱི་བརྒྱུད་ལམ་གཙོ་བོ་གཉིས་མེད་པར་གྱུར་པ་ཡིན་པས། དེ་ལ་བརྟེན་ནས་ཁོང་རྣམ་པའི་བློ་སྟོབས་དང་སེམས་ཤུགས་ལ་གནོད་སྐྱོན་ཅི་ཙམ་ཐེབས་མིན་བཤད་ཚོད་ཐུབ་པ་ཞིག་མིན་ཡང། བློ་སྟོབས་དང་སེམས་ཤུགས་འཕེལ་བའི་འགལ་རྐྱེན་དུ་གྱུར་ཡོད་པ་ནི་བཤད་མ་དགོས་པ་ཞིག་ཡིན།

བོད་ཀྱི་བདེན་དོན་འཐབ་རྩོད་ལ་ཕམ་ཉེས་བྱུང་ན་བོད་མི་རིགས་རྐྱང་པའི་ཕམ་ཁ་མ་གཏོགས། སྟོབས་ཆེན་རྒྱལ་ཁབ་ཚོའི་ཆོས་སྲིད་དང་དཔལ་འབྱོར་གྱི་གནས་བབ་ལ་འབྲེལ་བ་གང་ཡང་མེད་པའི་ལྟ་ཚུལ་འཛིན་པ་ནི་ཤིན་ཏུ་ནོར་བ་སྟེ། མི་རིགས་ཤིག་གི་བདེན་དོན་འཐབ་རྩོད་ལ་ཕམ་ཉེས་བྱུང་ན་འཛམ་གླིང་སྤྱི་ཚོགས་ཁྲོད་རང་བཞིན་གྱིས་དྲང་བདེན་དང་ཁྲིམས་ལུགས་ལ་བརྩི་མཐོང་བྱེད་པའི་བསམ་བློ་ཉམས་དམས་སུ་འགྲོ་རྒྱུ་ཡིན་པ་སྨོས་མ་དགོས་ལ། དེ་ལྟར་གྱུར་ན་དམག་དོན་དང་སྟོབས་ཤུགས་ཁོ་ནས་རྒྱལ་ཕམ་ཐག་གཅོད་བྱེད་པ་མ་གཏོགས། བདེན་པ་དང་ཁྲིམས་ལུགས་ཟེར་བ་ནི་ཆབ་སྲིད་པའི་ཁ་ལྕེའི་བར་གྱི་འབོད་ཚིག་ཙམ་དུ་འགྱུར་ངེས་ཡིན། འཛམ་གླིང་འདིར་བདེན་པ་ལ་རིན་ཐང་མེད་པར་གྱུར་པའི་ཉིན་མོ་ནས་བརྩེ་བ་དང་ཡིད་ཆེས་ཀྱི་བསམ་བློའི་གཞི་རྟེན་མེད་པར་གྱུར་པ་ཡིན་ལ། བདེན་པ་དང། བརྩེ་བ། ཡིད་ཆེས་བཅས་ཀྱིས་སྟོང་པའི་ཡུལ་ཁམས་སུ་ཞི་བདེ་དང་ལྷིང་འཇགས་ཟེར་བ་ནི། ཚིག་གི་རི་མོ་ཙམ་མ་གཏོགས་དངོས་ཡོད་འཚོ་བའི་ནང་འབྱུང་བའི་སེམས་ཚོར་ཞིག་ཏུ་གཏན་ནས་འགྱུར་མི་སྲིད། འདི་དག་ནི་རླུང་འཕྲིན་འདི་གཉིས་ལས་མཚམས་བཞག་པ་ལ་བརྟེན་ནས་འབྱུང་སྲིད་པའི་ཉེན་ཁ་དང་བློ་ཕམ། སེམས་ཁྲལ་བཅས་འབྱུང་བའི་རྒྱུ་མཚན་གཙོ་བོའི་གྲས་ཀྱི་དཔེ་མཚོན་འགའ་ཤས་ཤར་མར་ཡིག་ཐོག་ཏུ་སྤེལ་བའི་སེམས་ཚོར་ཞིག་ཡིན།

ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༥ ཚེས་ ༣ ཉིན་གྱི་ཕྱི་དྲོ་ཀོ་ལིས་སྒར་བོད་མིའི་གཞིས་སྒར་དོན་ལྡན་གླིང་ནས་བྲིས།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༦ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༨ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese