མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེས་ཆེན་ཞིག་ཞིང་ལ་གཤེགས་པའི་སྐྱོ་གར། 

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། རྒྱ་རིགས་ན་གཞོན་བོད་དོན་རྒྱབ་སྐྱོར་དྲ་བ།
བོད་སྒྱུར་བ། དཔལ་ལྡན། དུས་བབ་གསར་འགོད་པ།

མཆོག་སྤྲུལ་ཧཱོུཾ་ཀར་རྡོ་རྗེ་མཆོག་ནས་བོད་མགོ་ལོག་ཁུལ་སྐལ་བཟང་ཐང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་གནང་། ༢༠༡༤།༠༦།༡༥ འབྲེལ་ཡོད་ཀྱི་པར།

སྙན་གྲགས་ཅན་གྱི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་དང་། ཤེས་ཡོན་པ། དགེ་སློང་བཅས་ཡིན་པའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༦༩ ལོར་བོད་མདོ་སྨད་མགོ་ལོག་ཏུ་སྐུ་འཁྲུངས་ཤིང་། ཁོང་ནི་ལུང་སྔོན་དགོན་པའི་དགོན་བདག་དང་། གླིང་གེ་སར་གྱི་སྐོར་ཆེད་མཁས་པ་ཞིག་ཡིན་པ་མ་ཟད། ཁོང་གིས་ཧཱུྃ་ཀར་རྡོ་རྗེ་ལས་རིགས་ལག་རྩལ་སློབ་གླིང་གསར་འཛུགས་མཛད་དེ། བོད་དང་རྒྱལ་ཁབ་ཀུན་ནས་དགའ་བསུ་ཆེན་པོ་ཐོབ་ཡོད། 

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ ཙམ་ནས་ཁོང་གིས་རྒྱ་ནག་གཞུང་གི་མངོན་འདོད་བཞིན་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་མགོ་ལོག་ཁུལ་དུ་ཡོང་སྐབས། ཕེབས་བསུ་དང་སྣེ་ལེན་མ་བྱས་སྟབས་ས་གནས་རྒྱ་ནག་གཞུང་འབྲེལ་མི་སྣས་སུན་གཙེར་ཡང་ཡང་བཟོས་ཏེ། ཕྱི་ཟླ་ ༡༡ པའི་ཟླ་མགོ་ཙམ་ནས་ཁོང་ཉིད་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན།  དོན་དངོས་ཐོག་ཁོང་ཉིད་རྒྱ་ནག་གཞུང་གི་འཛིན་བཟུང་བཀག་ཉར་ལ་གཡོལ་ཆེད་ཝེ་ཐི་ནམ་དུ་ཕེབས། 

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༥ ཉིན་རིན་པོ་ཆེ་མཆོག་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཝེ་ཐི་ནམ་ཉེན་རྟོག་པས་ཧོ་ཆེ་མེན་( Ho Chi Minh )གྲོང་ཁྱེར་དུ་འཛིན་བཟུང་བྱས་ནས། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ས་གནས་ཉེན་རྟོག་པར་རྩིས་སྤྲོད་བྱས་ཏེ། ཟླ་དེའི་ཚེས་ ༢༩ ཉིན་དོགས་གཞི་ཅན་གྱི་དོ་དམ་འོག་ནས་འདས་གྲོངས་སུ་གྱུར། འོན་ཀྱང་།  གཞུང་འབྲེལ་མི་སྣས་ཁོང་གི་ནང་མིར་ཐུག་འཕྲད་དང་དཔང་རྟགས་རིགས་གང་ཡང་མེད་པར་སྙིང་ནད་ཀྱི་རྐྱེན་གྱིས་དགོངས་པ་རྫོགས་ཡོད་ལུགས་བསྒྲགས། 

ས་གནས་ཀྱི་གནས་ཚུལ་མཁོ་སྤྲོད་པས།  ས་གནས་གཞུང་འབྲེལ་མི་སྣས་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ལ་གཅར་རྡུང་བྱས་ཏེ། མགོ་དང་ལུས་པོ་ཡོངས་སུ་རྨས་ཤུལ་གྱིས་ཁེངས་ནས་དགོངས་པ་རྫོགས་པ་མ་ཟད། ཕྱི་ཟླ་ ༤ ཚེས་ ༢༠ ཉིན་རྒྱ་ནག་དང་ཝི་ཐི་ནམ་ཉེན་རྟོག་པས་གསང་བ་དམ་པོའི་ཐོག་ནས་སྐུ་ཕུང་ཞུགས་འབུལ་བྱས་ཡོད་སྐོར་བརྗོད་བྱུང་།

མཆོག་སྤྲུལ་ཧཱོུཾ་ཀར་རྡོ་རྗེ་མཆོག་ནས་བོད་ཁུལ་གྱི་བྱིས་པ་ཚོར་རིན་མེད་ཀྱི་སློབ་གསོ་མྱོང་བའི་གོ་སྐབས་བསྐྲུན་པ། དྲ་ལམ་གྱི་པར།

སྤྲུལ་སྐུ་མཆོག་གིས་སྐུ་ཚེ་ཧྲིལ་པོར་ཚད་མེད་པའི་སྙིང་རྗེ་དང་ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཐོག་ནས། སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྒྲུབས་པ་དང་། དམ་པའི་ཆོས་འཛིན་སྐྱོང་སྤེལ་གསུམ། བོད་ཀྱི་རིག་གཞུང་དར་སྤེལ་གནང་བ་མ་ཟད། དགོན་སྡེ་ཁག་གི་རྒན་རྒོན་དང་མི་རྐྱང་མང་པོར་མཐུན་རྐྱེན་སྦྱོར་སྤྲོད་དང་།  བོད་རིགས་དང་རྒྱ་རིགས་དབུལ་ཕོངས། དེ་བཞིན་སློབ་མ་མང་པོར་སློབ་ཡོན་གྱི་མཐུན་རྐྱེན་སྦྱོར་ཏེ་སློབ་མཐར་ཕྱིན་ཡོད་ཅིང་། སློབ་གྲྭ་འཛུགས་སྐྲུན་དང་འབྲོག་ཁུལ་དུ་འགྲིམ་འགྲུལ་སྟབས་བདེ་ཡོང་ཆེད་གཞུང་ལམ་དང་ཟམ་པ་བཅས་བསྐྲུན་ཡོད།

ཁོང་གིས་བཙུགས་པའི་གེ་སར་བདེ་རྩའི་ཐེབས་རྩ་ཁང་གིས་བོད་ཁུལ་གྱི་དབུལ་ཕོངས་མང་ཚོགས་ལ་ཟས་རིགས་དང་གྱོན་ཆས། སྨན་རྫས་སོགས་གྲངས་ལས་འདས་པ་ཞིག་སྦྱིན་གཏོང་དང་།  ཁོང་གིས་ལུང་སྔོན་དགོན་པའི་བཙུན་དགོན་བཙུགས་ཏེ་བོད་ཀྱི་བུད་མེད་ཚོས་རབ་བྱུང་དང་སྒྲུབ་པ་ཉམས་ལེན་བྱེད་པའི་ལམ་ཁ་ཞིག་གསར་དུ་བཏོད།  དེ་བཞིན་ཁོང་གིས་ཧཱུྃ་ཀར་རྡོ་རྗེ་ལས་རིགས་ལག་རྩལ་སློབ་གླིང་བཙུགས་ཏེ་འབྲོག་ཁུལ་གྱི་བྱིས་པ་ཚོར་སློབ་གསོ་དང་ལག་རྩལ་སོགས་རིན་མེད་སྦྱོང་དུ་བཅུག་ཡོད་ལ། རྨ་ཡུལ་མགོ་ལོག་གེ་སར་རིག་གནས་ཤུལ་བཞག་ལྟེ་གནས་གཟུག་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཀྱི་རིག་གནས་ཤུལ་བཞག་གཅེས་སྐྱོང་སླད་སྐུ་ལས་ཚད་མེད་བསྐྱོན། 

མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་འཆད་འཁྲིད་རྣམས་དྲ་ལམ་བརྒྱུད་ཝེ་ཐི་ནམ་དང་། ཨ་རི། ཁེ་ན་ཌ། ཉི་ཧོང་། ལྷོ་ཀོ་རི་ཡ། ཐའེ་ཝན། ཧོང་ཀོང་བཅས་གཙོས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་ཤུགས་ཆེན་ཕྱིན་ལ། ཁོང་གི་བྱམས་སེམས་དང་གཞན་ཕན་གྱི་ཀུན་ནས་བསླངས་པའི་ཐུགས་དགོངས་ཁོ་ནས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྗེས་འབྲང་བ་རྣམས་ཀྱི་གུས་ཞབས་དང་ཡིད་སྨོན་ཤུགས་ཆེན་ཐོབ་ཡོད་ལ། ཁོང་གིས་ཝེ་ཐི་ནམ་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་ལན་མང་གནང་རྐྱེན་ཁུལ་དེར་ཁོང་ལ་དད་ལྡན་པ་མང་དག་ཅིག་ཡོད་སྟབས། ཁོང་ཉིད་ཝེ་ཐི་ནམ་ལ་བྲོས་བྱོལ་དུ་ཕེབས་དོན་ཡང་གནད་དོན་དེར་ཐུག་ཡོད།

མཆོག་སྤྲུལ་ཧཱོུཾ་ཀར་རྡོ་རྗེ་མཆོག་ཝི་ཊི་ནམ་དུ་ཆིབས་བསྒྱུར་བཀའ་དྲིན་སྐྱོང་སྐབས། འབྲེལ་ཡོད་ཀྱི་པར།

ད་ལན་སྙིང་རྗེ་དང་ཤེས་རབ་ཀྱི་སླད་སྐུ་ལས་བསྐྱོན་ནས་སྐུ་ཚེ་འདའ་བར་བྱས་པའི་དམ་པ་ཁོང་ཉིད་ཕྱིའི་རྒྱལ་ཁབ་ཅིག་ཏུ་སྐུ་བཀྲོངས་པ་དང་། སྐུ་ཕུང་ལ་དམ་དྲག་ཆེན་པོས་ལྟ་རྟོག་དང་གསང་བའི་ཐོག་ནས་སྐུ་ཕུང་ཞུགས་འབུལ་བྱས་ཏེ། དངོས་ཡོད་ཀྱི་གནས་ཚུལ་སྦས་སྐུང་ཆེན་པོ་བྱས་ཡོད་སྟབས། ཆེས་ཡིད་སེམས་སྨྲེང་བའི་གནས་ཚུལ་དེ་བོད་ནང་ཐོས་སྐབས། བོད་མི་ཁྲི་སྟོང་མང་པོའི་སེམས་ལ་སྐྱོ་སྣང་ཆེན་པོ་ཞིག་བྱུང་བས། རྒྱ་ནག་གཞུང་གིས་དམ་དྲག་ལ་མ་བལྟོས་པར་མཆོད་འབུལ་དང་སྨོན་ལམ་འཚོགས་ནས་དངོས་ཡོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གང་མང་བྱས། 

ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནད་དོན་ཐད་དྲང་བདེན་ཡོང་རྒྱུར་ནན་སྐུལ་བྱེད་ཀྱི་ཡོད། 

མ་རྩོམ་གྱི་དྲ་ཐག https://chineseyouthstandfortibet.substack.com/p/horgyal-dorje-rinpoche?utm_campaign=post&utm_medium=web&fbclid=IwY2xjawKFHeVleHRuA2FlbQIxMQBicmlkETF1MzZXUWp1NHRPVHRxbUlaAR5H7e43anzXmkCpJcg0BnI_3drNHzJ0n5xNEmkbSvlXLkuIaDh-l6HmEEtCDw_aem_8ImPyMfN2IfbDokrOjuAvg&triedRedirect=true

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༣ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese