མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་ཚོགས་སྡེ་ཁག་གསུམ་ནས་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ལ་བལ་ཡུལ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག དེ་བཞིན་ཕག་རི་མི་མང་བཅས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༧གོང་ས་མཆོག་ལ་ཚོགས་སྡེ་ཁག་གསུམ་ནས་བརྟན་བཞུགས་བསྟར་འབུལ་ཞུས། བོད་ཀྱི་དུས་བབ་གསར་ཁང་གི་༧སྐུ་པར། ༢༠༢༥།༥།༧

དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བལ་ཡུལ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག ཕག་རི་མི་མང་བཅས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དེ་རིང་འདིར་བལ་ཡུལ་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། ཕག་རི་བ་གཞིས་བྱེས་མི་མང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག་བཅས་ནས་བརྟན་བཞུགས་ཕུལ་གྱི་ཡོད་རེད། ཚང་མའི་སེམས་ཤུགས་རྩེ་གཅིག་ཡིན་པ་གསལ་བོ་ཞེ་དྲགས་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལ་ཆ་བཞག་ན་སྐུ་འབུམ་དུ་སྐྱེས། དེ་ནས་ཡར་ལྷ་སར་བསླེབས་པ་དང་༧རྒྱལ་དབང་གི་མཚན་འཁྱེར་བའི་ཐོག་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེ་ཐག་ཆོད་བྱས་ཡོད།

རྒྱ་མིས་དོགས་ཟོན་བྱེད་དགོས་པ་ཆགས་ནས་བསྡད་པ་རེད། དེ་ནས་མཐའ་མའི་འབྲས་བུར་བཙན་བྱོལ་བ་ཆགས་ནས་རྒྱ་གར་དུ་བསླེབས་བསྡད་ཡོད། རྒྱ་གར་དུ་བསླེབས་རྗེས་རྒྱ་གར་ཤར་ནུབ་དང་དབུས་ཀྱི་ས་ཁུལ་ཁག་ནས་དད་འདུས་ཀྱི་སྐྱེ་བོ་ཁྲི་ཕྲག་འབུམ་ཕྲག་གིས་དངོས་གནས་དྲང་གནས་རྩེ་གཅིག་ཏུ་དད་པ་དང་དགའ་ཞེན་བྱས་ནས་ངོས་ལ་ཐུག་གི་ཡོང་གི་ཡོད། རྒྱ་གར་གྱི་ཆོས་པ་ཚོ་ཆོས་ལ་དད་པ་མཐའ་གཅིག་ཏུ་ཡོད་ཀྱང་མེད་ཀྱང་། གང་ལྟར་ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་མགོ་ཁྲིད་གལ་ཆེན་པོ་ཞིག་ཏུ་བརྩིས་ཏེ་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག ངོས་རྒྱ་གར་གྱི་ས་ཁུལ་འདྲ་མིན་དུ་སླེབས་སྐབས། རྒྱ་གར་གྱི་ཡུལ་མི་ཚོས་དགའ་མོས་ཆེན་པོ་གནང་གི་འདུག དེར་བརྟེན། ངོས་ཀྱི་ཚེ་ཅི་ཙམ་རིང་བ་དེ་ཚོད་ཀྱིས་ཕན་ཐོགས་ཅུང་ཙམ་ཡོང་གི་རེད་བསམ་པའི་སེམས་ནང་སྤོབས་པ་དང་གདེང་ཚོད་སྐྱེས་ཀྱི་འདུག ད་ལྟ་བར་དུ་རྒྱ་གར་ནང་མི་མང་ཕན་ཚུན་ལ་འབྲེལ་བ་བྱས་ཏེ་འབྲེལ་བ་ཡག་ཐག་ཆོད་ཡོད་ལ། ཚང་མས་དགའ་པོ་ཞེ་དྲགས་བྱེད་ཀྱིན་འདུག

ད་རྒྱ་ནག་ནང་ཆ་བཞག་ན། ནང་ཆོས་ཤུགས་ཆེ་རུ་འགྲོ་བཞིན་ཡོད། རིམ་པས་རྒྱ་ནག་ནང་ནང་ཆོས་ཏོག་ཙམ་དར་སྤེལ་ཐུབ་པའི་གནས་ཚུལ་ཞིག་ཕལ་ཆེར་མི་ཡོང་ངམ་བསམ་པ་ཞིག་འདུག དེ་འདྲའི་ཕྱོགས་ནས་རྒྱ་ནག་ནང་ལོགས་སུ་ཡིན་ནའང་། ནང་ཆོས་འཆད་སྤེལ་བྱས་ནས་ཕན་ཐོགས་ཏོག་ཙམ་བྱེད་ཐུབ་པ་ཞིག་དང་། གང་ལྟར་ལྷ་མོའི་ལྷ་མཚོའི་ནང་ནས་ཨ་ཀ་མ་ཞེས་གསུངས་པ་ནང་བཞིན་ངོས་ལ་མི་ལུས་འདི་འདྲ་ཞིག་ཐོབ་པ་རེད། སངས་རྒྱས་བཅོམ་ལྡན་འདས་བཀའ་དྲིན་ཅན་གྱི་བསྟན་པའི་ཞབས་འདེགས་སུ་ངོས་ནས་ལོ་བཅུ་ཕྲག་ཁ་ཤས་རིང་ལ་ཏན་ཏན་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུ་དང་སྟོན་པ་བཀའ་དྲིན་ཅན་གྱི་བཀའ་དྲིན་གསབ་ཐུབ་པ་ཞིག་བྱེད་ཐུབ་པའི་ཚོད་ཐིག་གི་འདུག

དེ་ནས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན་ལ། ཟི་ལིང་ནས་ཡོང་བའི་ཕྲུ་གུ་ཅིག་ལྷ་སར་རྒྱལ་དབང་གི་མཚན་འཁྱེར་ཏེ་བཞུགས་ཁྲི་སྒང་དུ་སྡོད་པ་མ་གཏོགས་གང་ཡང་ཤེས་ཀྱི་མེད་མོད། དེ་ནས་རིམ་བཞིན་ངོས་ནས་སྐད་ཆ་བཤད་རྒྱུ་གོམས་ནས་ཡོང་དུས། ལྷ་སར་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་གང་འཚམ་བསྒྲུབས་པ་ཡིན། གཙོ་ཆེ་ཤོས་སེར་འབྲས་དགའ་གསུམ་དུ་སོ་སོས་གྲྭ་སྐོར་བྱས་པ་དང་ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་བཞག་པ་སོགས་དངོས་གནས་དྲང་གནས་འགྱོད་པ་མེད་པ་ཞིག་བྱས་པ་ཡིན། དེ་དུས་ངོས་ལ་མཚན་ཉིད་བསླབ་མཁན་གཙོ་བོ་སོག་པོའི་དགེ་རྒན་དངོས་གྲུབ་ཚོགས་གཉིས་རེད། དངོས་གྲུབ་ཚོགས་གཉིས་དཔེ་བཀའ་དྲིན་ཆེན་པོ་ཡིན། ཞེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese