མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པའི་ཁྲོད་ལྷ་མོའི་ཚོགས་པ་ཁག་ ༡༤ ཡིས་འཁྲབ་གཞུང་མི་འདྲ་བ་བཅུ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༥།༧།

དེ་རིང་ནས་ཟླ་འདིའི་ཕྱི་ཚེས་ ༡༩ བརབཞུགས་སྒར་བོད་ཀྱི་ཟློས་གར་ཁང་དུ། བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༨ པ་མགོ་འཛུགས་གནང་སོང་། སྒོ་འབྱེད་མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག འདི་ལོའི་ཞོ་སྟོན་ཐོག་ལྷ་མོའི་ཚོགས་པ་ཁག་ ༡༤ ཡིས་འཁྲབ་གཞུང་མི་འདྲ་བ་ ༡༠ སང་ཉིན་ཕྱི་ཚེས་ ༨ ཉིན་ནས་རིམ་གྱིས་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

དབུ་འབྱེད་མཛད་སྒོའི་སྟེང་བོད་ཀྱི་ཟློས་གར་ཁང་གི་འགན་འཛིན་དོན་འགྲུབ་ཚེ་རིང་ལགས་ཀྱིས། འདི་ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་སྐུ་ཡི་དགུང་གྲངས་ ༩༠ བཞད་པའི་གོ་སྟོན་རྟེན་འབྲེལ་སྲུང་བརྩི་ཞུ་སླད། ཞོ་སྟོན་རྒྱས་པ་ཐེངས་ ༢༧ ཐོག་རྒྱལ་ཡོངས་ཨ་ལྕེ་ལྷ་མོའི་ཚོགས་འདུའི་སྐབས་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཐུན་མོང་ནས་གྲོས་ཆོད་གཏན་འབེབས་ཀྱིས་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པ་འདི་ཉིད་༧རྒྱལ་བའི་གོ་སྟོན་རྟེན་འབྲེལ་དང་བསྟུན་བཞུགས་སྒར་དུ་འཚོག་རྒྱུ་ཐག་གཅོད་བྱུང་བ་ཞིག་ཡིན་པ་དང་། ང་ཚོའི་ངོས་ནས་ཀྱང་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་དེ་རིང་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པ་འདི་ཉིད་སྲུང་བརྩི་ཞུ་བཞིན་ཡོད།  འོན་ཀྱང་དེ་སྔོན་བོད་ཀྱི་ཞོ་སྟོན་རྒྱས་པའི་འགྲོ་གྲོན་ཡོངས་རྫོགས་ཨ་རིའི་རོགས་ཚོགས་(USAID) བརྒྱུད་ནས་བཀའ་འཁྲོལ་བྱུང་ཡོད་ཀྱང་། ཨ་རིའི་སྲིད་གཞུང་གསར་པས་ཨ་རིའི་རོགས་ཚོགས་(USAID) ཡོངས་རྫོགས་མཚམས་འཇོག་གནང་ཟིན་པར་སོང་། འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བསྟན་བདག་བླ་ཆེན་རྣམས་དང་། ཕྱི་ནང་གཏོང་ཕོད་ཅན་གྱི་སྦྱིན་བདག་དང་ཕྱི་རྒྱལ་རོགས་ཚོགས་ཁག་ལ་མཐུན་འགྱུར་ཐབས་འཚོལ་ཞུ་མུས་དང་། ༧རྒྱལ་བ་དོན་གྱི་བདག་པོའི་ཐོག་མའི་དགོངས་བཞེས་འོག་ཕྱི་ལོ་ ༡༩༩༣ ལོར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་དང་པོ་དབུ་འཛུགས་ཞུས་པ་ནས་ད་བར་ཞོ་སྟོན་རྒྱས་པ་ ༢༨ བར་ཆད་ལུས་མེད་པར་སྲུང་བརྩི་ཞུ་རྒྱུའི་འགན་འཁྲི་གཡོལ་ཐབས་མེད་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད་ལ། བོད་ཀྱི་རིག་གཞུང་གི་ཡ་གྱལ་དུ་གཏོགས་པའི་ལྷ་མོའི་ཟློས་གར་དེ་ཉིད་སྟོན་པ་བཅོམ་ལྡན་ལྡན་གྱི་སྐྱེས་རབས་མཚོན་པའི་ལེའུ་དང་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་ཚུལ་གྱི་ལམ་སྣེ་སྟོན་པའི་འཁྲབ་སྟོན་ཟློས་གར་དམིགས་བསལ་བ་ཞིག་ཡིན་སྟབས། ང་ཚོས་མི་རབས་ནས་མི་རབས་བར་དྲག་ཆར་རླུང་འཚུབ་ཅི་འདྲ་ཞིག་ལ་འཕྲད་ཀྱང་སྲུང་བརྩི་ཞུ་རྒྱུར་ཆོད་སེམས་བརྟན་པོ་ཡོད། ཅེས་བརྗོད་སོང་།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༥།༧

ཡང་ཁོང་གིས། སྤྱིར་བཏང་བྱས་ན་ད་ལྟའི་ཆར་ཕྱོགས་མཐའི་ལྷ་མོ་ཚོགས་པའི་ནང་མི་བྱའི་དཀའ་ངལ་འཕྲད་ཀྱི་ཡོད་པར་སོང་ཙང་། ང་ཚོའི་མ་འོངས་པར་བོད་ཀྱི་ལྷ་མོའི་ཟློས་གར་རྒྱུན་གནས་ཐུབ་རྒྱུ་དེ་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཁྲི་ཙམ་མིན་པར་ང་ཚོ་བོད་མི་རྩམ་ཟན་པ་ཡོངས་ཀྱི་འགན་ཁུར་ཆགས་ཡོད་པ་མ་ཟད། མ་འོངས་བོད་ཀྱི་སོན་རྩ་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་ཕ་མེས་ནས་བརྒྱུད་པའི་ལྷ་མོའི་སྒྱུ་རྩལ་དེ་ཉིད་བདག་གཅེས་གནང་རྒྱུར་རེ་བ་བཅངས་བཞིན་ཡོད་པ་དང་འབྲེལ། མ་སུ་རི་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། དྷ་སྟེང་བོད་ཁྱིམ་དང་ཕྱོགས་མཐའི་ལྷ་མོ་ཚོགས་པའི་ནང་ཁྱབ་ཁོངས་སློབ་གྲྭའི་སློབ་ཕྲུག་མཉམ་བཞུགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། འདི་ལོ་ལྟ་བུར་ཆ་མཚོན་ན། ཞོ་སྟོན་ནང་མཉམ་ཞུགས་གནང་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༥༠ ཡས་མས་སློབ་གྲྭའི་སློབ་ཕྲུག་ཆགས་ཡོད་པ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་ལམ་སྟོན་ལྟར་བོད་ཀྱི་ཟློས་གར་ལྷ་མོའི་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་དང་བདག་གཅེས་སླད་བོད་ཁྱིམ་གཉིས་དང་སློབ་གྲྭའི་འགན་ཁུར་ཞུ་མཁན་གྱི་དགེ་ལས་དང་སློབ་ཕྲུག་སོ་སོས་སྤྲོ་སྣང་ཐོག་མཉམ་ཞུགས་གནང་བ་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཡང་མུ་མཐུད་མཐུན་འགྱུར་ཡོང་བའི་ཞུ་བསྐུལ་ཞུ་བཞིན་ཡོད། སྒོས་སུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་སྔར་དང་མི་འདྲ་བའི་༧རྒྱལ་བའི་ལྷག་དཀར་སྲུང་བརྩི་དང་སྟབས་བསྟུན་སྒོར་གཞས་ཐོག་དོ་དབྱིངས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་འོག གཞོན་སྐྱེས་ཁྲོད་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཟློས་གར་སྒྱུ་རྩལ་དང་ལྷ་མོའི་སྒྱུ་རྩལ་ནང་མཉམ་ཞུགས་གང་མང་ཡོང་ཐབས་སུ་ཕ་མ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ནས་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་སྐབས་རྒྱ་ཆེའི་མང་ཚོགས་སུ་བོད་ཀྱི་ཟློས་གར་སྒྱུ་རྩལ་དང་ལྷ་མོ་སྒྱུ་རྩལ་ནང་མཉམ་ཞུགས་དགོས་སྐོར་ལམ་སྟོན་བཀའ་སློབ་བྱུང་ན་འཛུལ་ཞུགས་བྱེད་མཁན་ལ་སེམས་ཤུགས་དང་ཀུན་སློང་སྐྱེད་སྲིང་ཡོང་རྒྱུར་ཕན་ཐོགས་མངོན་པར་སོང་། དེ་ལྟར་གནང་ཐབས་སུ་སྡིངས་ཆ་འདི་བརྒྱུད་དེ་ཞུ་བསྐུལ་ཞུ་འབུལ་བཞིན་ཡོད། ཅེས་བརྗོད་སོང་།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཏེ་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༥།༥།༧

ཐེངས་འདིའི་བོད་ཀྱི་ཞོ་སྟོན་ཐེངས་ཉེར་བརྒྱད་པའི་སྟེང་། ཀ་སྦུབ་ལྷ་མོ་ཚོགས་པ་དང་ཨོ་རི་ས་ལྷ་མོ་ཚོགས་པ། བལ་ཡུལ་ལྷ་མོ་ཚོགས་པ། ལྕགས་ཟམ་པ་ལྷ་མོ་ཚོགས་པ། མ་སུ་རི་ལྷ་མོ་ཚོགས་པ། མན་སྤར་ལྷ་མོ་ཚོགས་པ། ཀོ་ལི་གྷལ་ལྷ་མོ་ཚོགས་པ། སྦེལ་ཀོབ་ལྷ་མོ་ཚོགས་པ། སྦན་རྡ་ར་ལྷ་མོ་ཚོགས་པ། ཅོན་དྷ་ར་བོད་ཁྱིམ་ལྷ་མོ་ཚོགས་པ། དྷ་སྟེང་བོད་ཁྱིམ་ལྷ་མོ་ཚོགས་པ། མོན་གྷོ་ལྷ་མོ་ཚོགས་པ། བོད་ཀྱི་ཟློས་གར་ཚོགས་པ་བཅས་ལྷ་མོ་ཚོགས་པ་ཁྱོན་ ༡༤ ཡིས། ལྷ་གཞུང་འགྲོ་བ་བཟང་མོ་དང་ཆོས་རྒྱལ་དྲི་མེད་ཀུན་ལྡན། གཟུགས་ཀྱི་ཉི་མ། མཁན་སློབ་ཆོས་གསུམ། རྒྱལ་པོ་འཇིག་རྟེན་དབང་ཕྱུག གཅུང་པོ་དོན་ཡོད་དོན་གྲུབ། པདྨ་འོད་འབར། མི་ལ་རས་པ། ཆོས་རྒྱལ་ནོར་བཟང་། རྒྱལ་སྲས་དད་པ་བརྟན་པ། སྟོན་པའི་མཛད་རྣམ་སོགས་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

དེ་ཡང་བོད་ཀྱི་རྩོམ་པ་པོའི་དྲ་བ་རུ། ཞོ་སྟོན་ནི་གནའ་སྔ་མོ་རྒྱ་གར་གྱི་དགེ་འདུན་པ་རྣམས་དབྱར་གནས་ལ་བཞུགས་པའི་ཚེ། བསོད་སྙོམས་ལ་ཕེབས་མི་དགོས་པར་སྦྱིན་བདག་རྣམས་ཀྱིས། ཞོ་དང་འོ་མ་ལ་སོགས་པའི་བསྙེན་བཀུར་ཞུ་སྲོལ་ཡོད་པ་ལྟར། བོད་ཀྱི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་སོགས་སུ་དབྱར་གནས་འཚོག་པའི་སྐབས་ཞོ་ཡི་སྟོན་མོ་སྟེ་ཞོ་ཡི་ཞལ་ལག་སོགས་འབུལ་བས་ན་ཞོ་སྟོན་ཞེས་ཐོགས་པ་ཡིན་སྐོར་དང་། ཞོ་སྟོན་དེ་དུས་རབས་བཅུ་བདུན་པ་སྟེ་༧རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་ནས་དར་བ་ཞིག་དང་། བོད་ཟླ་དྲུག་པའི་གནམ་གང་སྟེ་ཞོ་སྟོན་ཉིན་བོད་ཀྱི་བཀྲ་ཤིས་ཞོལ་པ་དང༌། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ངོས་སུ་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུ་སྲོལ་ཡོད་སྐོར་གསལ་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

སྐར་མ ༤༢ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese