མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏམ་གླེང་དམར་རྗེན་མ།

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། ཆབ་མདོ་ངག་ཕུན།

དེ་རིང་ངས་གླེང་འདོད་པ་ནི། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་གི་གནད་དོན་འགའ་ཤས་ཀྱི་སྐོར་ཡིན་ཞིང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པ་ལྟར།

“སྔོན་ཆད་མ་བྱུང་བ་ལ་འདིར་བརྗོད་མེད། ། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། ། དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། ། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །” ཞེས་གསུངས་དོན་ལྟར། མི་ཚོས་བཤད་མ་མྱོང་བ་ཞིག་དང་བསམ་མ་མྱོང་བ་ང་ལ་དམིགས་བསལ་བཤད་རྒྱུ་གང་ཡང་མེད་མོད། སྐབས་རེར་རང་ཉིད་གཅིག་པུའི་སྐབས་སུ་སྤྱི་ཚོགས་ཀྱི་གནས་སྟངས་འགའ་ཤས་མཐོང་ཡོང་དུས། རང་བཞིན་གྱིས་སེམས་ནང་བརྗོད་མི་ཤེས་པའི་ཚོར་སྣང་དེ་འདྲ་སྐྱེ་འོང་གི་འདུག

དེ་ཡང་། དང་ཐོག་བཙན་བྱོལ་དུ་སླེབས་དུས་མི་སྣ་འགའ་ཤས་ཀྱིས་མི་ཡུལ་ལུང་པར་དེ་འདྲའི་དུས་ཚོད་རིང་པོ་འགོར་གྱི་རེད་བསམ་པ་བསམ་བློའི་ནང་འཁོར་མྱོང་མེད། ཡིན་ནའང་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གྲ་སྒྲིག་སྡུག་ས་དང་། རེ་བ་བཟང་སར་རྒྱག་དགོས་པའི་བཀའ་སློབ་གནང་ནས། བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པ་འཆར་གཞི་གོ་རིམ་ལྡན་པ་གསར་འཛུགས་མཛད་པ་ཙམ་མ་ཟད། མ་འོངས་པའི་ཕུགས་རྒྱང་རིང་པོར་དགོངས་པ་རླབས་ཆེན་བཞེས་པའི་དྲིན་ལས། དེང་སྐབས་བོད་མི་རྣམས་འཛམ་གླིང་ཐོག་ཏུ་འཚོ་གནས་ཐུབ་པ་བྱུང་ཡོད་ལ། འཛམ་གླིང་ནང་དུ་སྐྱབས་བཅོལ་བ་མང་པོ་ཡོད་པའི་ནང་ནས་མི་འདྲ་བའི་ཐོག་ནས་གནས་ཐོབ་པ་བྱུང་ཡོད། ཡིན་ནའང་བོད་མི་རྣམས་མི་ཡུལ་ལུང་པར་བོད་ཀྱི་བདེན་མཐའ་ཇི་སྲིད་མ་གསལ་བར་དེ་སྲིད་བར་དུ་གནས་ཐུབ་དགོས་ངེས་རེད་སྙམ། རྒྱུ་མཚན་དེ་དག་ལ་བརྟེན་༸རྒྱལ་བ་རིན་པོ་ཆེས་དགོངས་པ་རླབས་ཆེན་བཞེས་གནང་མཛད་ནས་སློབ་གཞིས་ཁག་གསར་འཛུགས་མཛད་ཡོད།

དེང་སྐབས་བོད་མིའི་གཞིས་ཆགས་དང་སློབ་གྲྭའི་གནས་སྟངས་ཐད་ཀྱི་བསམ་ཚུལ་ཞིབ་ཕྲ་ཞིག་ཞུས་པ་ཡིན་ན། དེང་སྐབས་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཉུང་བའི་དཀའ་ངལ་དང་། གཞིས་ཆགས་ཁག་ཏུའང་གཞིས་མི་ཇེ་ཉུང་དུ་གྱུར་བཞིན་ཡོད་པའི་དཀའ་ངལ། གཞིས་ཆགས་ཁག་ཏུ་རྒན་འཁོགས་ལས་ལོ་ཆུང་བ་རྣམས་སློབ་མཐར་ཕྱིན་རྗེས་ས་གཞན་དུ་ལས་ཀ་འཚོལ་བ་ལས་གཞིས་ཆགས་ནང་བསྡད་ནས་ཞིང་ལས་བྱེད་བསམ་པའི་འདོད་པ་མེད་ཅིང་། གཞིས་མི་ལོ་ཆེ་བ་རྣམས་ཀྱང་གོང་ཞུས་ལྟར་རིམ་གྱིས་རྫོགས་འགྲོ་བཞིན་ཡོད། དེ་བཞིན་ལོ་ཆུང་མང་ཆེ་བ་ཕྱི་རྒྱལ་ཁག་ཏུ་འགྲོ་ཐབས་ལ་བརྩོན་པ་ལས་གཞིས་ཆགས་ནང་བསྡད་ནས་མི་ཚེའི་མཐའ་བསྐྱེལ་དགོས་བསམ་མཁན་ཉུང་ཉུང་ལས་མེད་ཅིང་། ལོ་ཆུང་མང་ཆེ་བ་འགྲོ་སོང་ཕོན་ཆེ་བཏང་ནས་ཕྱི་རྒྱལ་ཁག་ཏུ་སླེབས་ཐབས་ལ་བརྩོན་བཞིན་ཡོད།

ལྷག་དོན་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཇེ་ཉུང་དུ་འགྱུར་ནས་སློབ་གྲྭ་འགའ་ཤས་སྒོ་བརྒྱབ་དགོས་བྱུང་དང་འབྱུང་བཞིན་ཡོད། དེ་དག་ལ་བསམ་བློ་གཏོང་དུས་སེམས་ནང་དངངས་སྐྲག་སྐྱེ་དགོས་པའི་གནས་སྟངས་ཤིག་ཏུ་འགྱུར་བཞིན་འདུག་སྙམ། ངས་དེ་འདྲའི་བརྗོད་དུས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་ཀྱི་འདུག་སྙམ་པའི་དགོངས་པ་འཁོར་མཁན་ཡོད་སྲིད། གང་ལྟར་ང་ཚོ་ལུང་པ་མེད་པའི་བཙན་བྱོལ་བ་ཞིག་ཡིན་དུས་དངོས་གནས་མ་འོངས་པར་ང་ཚོ་མི་རིགས་འདི་ཉིད་ཁ་ཕྱོགས་གང་འདྲ་ཞིག་ཏུ་འགྱུར་འགྲོ་ན་བསམ་ནས་སེམས་ཁྲལ་ཡོང་གི་འདུག

གཅིག་བྱས་ན་རང་ཉིད་ཤེས་བྱ་ཡོན་ཏན་དམན་པའི་དབང་གིས་སྐྱོན་ཡིན་སྲིད། དེང་སྐབས་ན་གཞོན་མང་ཆེ་བ་སློབ་གྲྭ་ཁག་ནས་ཐོན་པ་ཤ་སྟག་ཡིན་པས། སློབ་སྦྱོང་ཡོད་མཁན་ལས་སློབ་སྦྱོང་མེད་མཁན་རེ་ཟུང་ལས་མེད། སྔོན་དུས་ཡིན་ནའང་རྒན་རབས་དེ་དག་ལ་དེང་དུས་སློབ་སྦྱོང་མེད་ནའང་སྙིང་རུས་ཆེ་ཞིང་། སྤྱི་སེམས་ཆེ་བ་དང་། རང་ཉིད་ལས་གཞན་གཙོ་བོར་འཛིན་ནས་ཕྱག་ལས་གནང་གི་ཡོད། དེང་སྐབས་དེ་དག་ལས་ཡོངས་སུ་ལྡོག་སྟེ་ཨང་དང་པོ་རང་ཉིད་གཙོ་བོར་འཛིན་ནས་ལས་དོན་གནང་གི་ཡོད་པར་མཐོང་གི་འདུག་ཅིང་། རང་ལས་གཞན་གཅེས་ཞེས་པའི་ཚིག་དེ་དག་གྱང་ངོས་དང་། ཤོག་ཐོག་ཏུ་བཀོད་པ་དང་ངག་ནས་བརྗོད་པ་ཙམ་ལས་ལག་ལེན་བསྟར་མཁན་ཧ་ཅང་དཀོན་པོ་ཡོད་པ་ཞིག་ཏུ་མཐོང་། དེ་དག་ང་ཚོའི་སློབ་གྲྭ་ཁག་ཏུ་ཤེས་ཡོན་སྤྲོད་སྟངས་མ་འགྲིག་པའི་འཐུས་ཤོར་ཡིན་ནམ། ཁྱིམ་ཚང་གི་སློབ་གསོས་མ་འདང་བ་ཡིན་ནམ། གང་ལྟར་ན་གཞོན་གསོ་སྐྱོང་ལ་འཐུས་ཤོར་ཆེན་པོ་ཞིག་ཕྱིན་འདུག་སྙམ།

གཙོ་ཆེ་ཤོས་ནི་རྒྱལ་ཞེན་གྱི་ལྟ་བ་དེ་རེད། དེང་སྐབས་རྒྱལ་ཞེན་གྱི་ལྟ་བ་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་མངོན་འོང་གི་འདུག་ཅིང་། རྒྱལ་ཞེན་གྱི་ལྟ་བ་མེད་སོང་ན། མི་རིགས་ཤིག་གི་འཐབ་རྩོད་གང་འདྲ་གནས་དགོས་པ་རེད་དམ། ང་ཚོའི་ངེས་པར་དུ་རྒྱལ་ཞེན་གྱི་ལྟ་བ་ཡོང་ཐབས་ལ་ན་གཞོན་རྣམས་ལ་སློབ་གསོ་གང་འདྲ་ཞིག་གནང་དགོས་ཀྱི་འདུག་སྙམ་པའི་འབྲེལ་ཡོད་ཚོས་དགོངས་པ་བཞེས་པའི་དུས་ལ་བབ་འདུག་སྙམ།

དེང་སྐབས་འགའ་ཤས་ཀྱིས་ཆབ་སྲིད་ཅེས་གླེང་ཡོང་དུས་མགོ་གཡུག་བཞིན་འདུག་ཅིང་། ང་ཚོ་ཆབ་སྲིད་པའི་སྐྱབས་བཅོལ་པ་ཞིག་ཡིན་པ་ལས། ང་ཚོའི་རྒྱབ་ཏུ་གྱོན་རྒྱུ་མ་རག་པ་དང་། ཁ་ལ་བཟའ་རྒྱུ་མ་རག་ནས་བཙན་བྱོལ་དུ་ཡོང་བ་ཞིག་མ་རེད། ང་ཚོའི་གཅེས་པའི་ཕ་ཡུལ་གཞན་གྱིས་བཙན་འཕྲོག་བྱས་ནས་ལ་ལུང་དུ་མ་ཞིག་བརྒྱབ་ནས་མི་འདོད་བཞིན་དུ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། ང་ཚོའི་གཅེས་པའི་ཕ་ཡུལ་རྒྱ་དམར་གྱི་ལག་ཏུ་ཤོར་ནས་མི་ལོ་དྲུག་ཅུ་རེ་དྲུག་ལྷག་འགྲོ་བཞིན་ཡོད། ལོ་ངོ་དེ་དག་ནང་གཞིས་ལུས་སྤུན་ཟླ་རྣམས་ཁྲག་དང་མིག་ཆུའི་འོག་ཏུ་འཚོ་བ་རོལ་དགོས་ཐུག་ཡོད། ཡིན་ནའང་སྙིང་སྟོབས་མ་ཞུམ་པའི་ཐོག་ནས་མུ་མཐུད་བདེན་པར་འཐབ་རྩོད་གནང་དང་གནང་བཞིན་ཡོད།

ད་ནི་ང་ཚོ་ཞལ་ནས་སྙིང་རྗེ་པོ་བཤད་བསྡད་པའི་དུས་ཚོད་ཅིག་མ་རེད། དེ་ལས་ཀྱང་ང་ཚོས་རྒྱལ་ཁབ་ཡོད་པ་ནང་བཞིན་དཔོན་ཉམས་སྟོན་པའི་དུས་ཚོད་དེ་ལས་ཀྱང་མ་རེད། ང་ཚོ་ག་ཚོད་ཅིག་ཡིན་ལབ་པ་ཡིན་ནའང་ཐོད་པར་སྐྱབས་བཅོལ་བ་ཞེས་བྲིས་ཡོད། ཇི་སྲིད་བར་དུ་བོད་ལ་རང་དབང་གི་ཉི་མ་མ་ཤར་བར་དེ་སྲིད་བར་དུ་ཐོད་པར་སྐྱབས་བཅོལ་ཞེས་གནས་ཀྱི་རེད། རྒྱུ་མཚན་དེ་དག་ལ་བརྟེན་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་སྙམ་པའི་ཐོག་ནས་བོད་ཀྱི་རྩ་དོན་ཐོག་ཏུ་ལས་དོན་གནང་དགོས་པ་ཞིག་རེད། སྐབས་རེར་ལས་གཞི་མང་པོ་མགོ་བརྩམས་ནས་ང་ཚོ་སྐྱབས་བཅོལ་བ་ཞིག་ཡིན་པ་བརྗེད་ཀྱི་མེད་དམ་སྙམ། ང་ཚོ་ནི་མིའི་ལུང་པར་མགྲོན་པོ་ཞིག་ཡིན་པ་ལས་གཏན་དུ་སྡོད་མཁན་ཞིག་མ་རེད།

བོད་མི་རིགས་ཞེས་པའི་མིང་འདི་ཉིད་སའི་གོ་ལའི་ཐོག་ནས་རྩ་མེད་བཟོ་ཆེད་དུ་རྒྱ་དམར་གྱིས་རིག་གསར་བརྗེ་ཞེས་པའི་ལས་འགུལ་གདུག་རྩུབ་ཅན་སྤེལ་ནས། བོད་རིགས་རྒྱལ་ཞེན་ཅན་དུ་མ་དམར་བསད་བཏང་བ་དང་། བཙོན་ཁང་དུ་བཅུག་ནས་སྡུག་སྦྱོང་མནར་གཅོད་སྣ་ཚོགས་བཏང་བ། མེས་དཔོན་གོང་མ་ཚོས་ངལ་བ་བརྒྱ་ཕྲག་དྭང་དུ་བླངས་ནས་བཞེངས་སྐྲུན་གནང་བའི་དགོན་སྡེ་བྱིན་ཅན་དུ་མ་གཏོར་བཤིག་བཏང་བ་དང་། རྩ་ཆེན་རྒྱལ་བའི་གསུང་རབ་དུ་མ་ཞིག་མེར་བསྲེགས་པ། ཆུར་བསྐྱུར་བ་སོགས་ལས་འགུལ་ཐབས་སྡུག་དུ་མ་ཞིག་སྤེལ་བ་ཙམ་དུ་མ་ཟད། བོད་མི་རིགས་རྣམས་བཙན་དབང་ཐོག་ནས་རྒྱལ་ཞེན་གྱི་བསམ་བློ་མེད་པ་བཟོ་ཐབས་བྱས་ཡོད་ཀྱང་ལམ་ལྷོང་བྱུང་མེད། དེ་བཞིན་རང་རིགས་ན་གཞོན་རྣམས་བློ་འགུག་ཐབས་སུ་བོད་ཀྱི་སྤྱི་ཚོགས་རྙིང་པ་སྡུག་པ་ཡིན་རབས་དང་། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཡིན་རབས། བོད་མི་རིགས་ལ་སྡུག་པོ་བཏང་རབས་སོགས་ཀྱི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་བྱུང་མ་མྱོང་བའི་འཁྱོག་བཤད་སྣ་ཚོགས་ཤིག་གི་སློབ་གསོ་བརྒྱབ་ཡོད། དེ་ལྟ་ནའང་རང་རིགས་ན་གཞོན་རྣམས་རྒྱ་གཞུང་གི་མགོ་བསྐོར་འོག་ཏུ་ཚུད་ཐུབ་མེད། རྒྱ་གཞུང་གིས་བསམ་བློ་གཉིས་པ་ཞིག་བཏང་ནས་ཕྱི་ཡི་རྣམ་པའི་ཐོག་ལ་བོད་ནང་སྲིད་ཇུས་གུ་ཡངས་བཏང་ཡིན་ཚུལ་བསྒྲགས་པ་དང་བསྟུན། གཞིས་ལུས་བོད་མིས་སྙིང་སྟོབས་ཆེན་པོའི་ཐོག་ནས་དེ་སྔོན་གཏོར་བཤིག་བཏང་བའི་དགོན་སྡེ་དེ་དག་མ་བསྐུལ་དང་བླངས་ཀྱིས་བསྐྱར་བཞེངས་མཛད་ཡོད། རྒྱ་དམར་གུང་ཁྲན་ཧོན་འཐོར་དགོས་པ་བཟོས་ཡོད།

དེང་སྐབས་རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཆེད་དུ། བོད་ཀྱི་ཆོས་རིག་ཐོག་ཏུ་ཕྱག་ལས་རླབས་ཆེན་མཛད་མཁན་གྱི་བླ་སྤྲུལ་ཁག་དང་། ཤེས་ལྡན་མི་སྣ་ཁག་ལ་མ་ཉེས་ཁ་གཡོགས་བྱས་ནས་བཙོན་ཁང་དུ་བཅུག་སྟེ་སྡུག་སྦྱོང་མནར་གཅོད་སྣ་ཚོགས་བཏང་བ་དང་། ཁྲིམས་ཆད་ལོ་དུས་ཚང་ནས་གློད་གྲོལ་བཏང་རྗེས་ནང་དུ་སླེབས་དུས་རིག་འཚོ་མ་ཟིན་པ་བཟོ་བཞིན་ཡོད།

རྒྱ་གཞུང་གིས་གང་ལྟར་རྒྱལ་ཁབ་དང་མི་རིགས་ཀྱི་ལྟ་བ་ཡོད་མཁན་བོད་རིགས་ཤེས་ལྡན་པ་རྣམས་རྒྱ་དམར་གྱིས་མེད་པ་བཟོ་ཐབས་ཀྱི་ལས་འགུལ་ཐབས་སྡུག་དེ་འདྲ་ཞིག་སྤེལ་བཞིན་ཡོད། དེ་ཡང་ཉེ་སྔོན་བོད་ཀྱི་དུས་བབ་ཀྱིས་སྤྲུལ་སྐུ་ཧཱོུཾ་ཀར་རྡོ་རྗེ་མཆོག་གི་སྐོར་ལ་གནས་ཚུལ་སྤེལ་བའི་ནང་། “རིན་པོ་ཆེ་མཆོག་ནས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་མགོ་ལོག་ཁུལ་དུ་བསླེབས་སྐབས་རྒྱ་གཞུང་གི་འདོད་བློ་ལྟར་སྣེ་ལེན་མ་གནང་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཤུགས་ཆེན་ཞུས་པ། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་བ་བཅས་ལ་ནག་ཉེས་བཙུགས་ཏེ། རིན་པོ་ཆེ་མཆོག་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་ཏེ་ཉེན་གཡོལ་དུ་ཕེབས་ཡོད་ཀྱང་། ཝི་ཏི་ནམ་ནང་སྐུ་བཀྲོངས་པ་གསལ་པོ་ཡིན་ཡང་།” ཞེས་དང་། ཡང་རིན་པོ་ཆེ་མཆོག་གིས་མ་ཡུལ་ལ་ཕུལ་བའི་འཕྲིན་ལས། “ཉིན་རེ་ཉིན་རེར་རྔོན་པའི་ཚོགས་དང་ཐག་ཇེ་ཉེ་རུ་ཕྱིན་པ་དང་། ཉིན་རེ་ཉིན་རེར་འཇིགས་པ་ཆེ་རུ་ཕྱིན། རྔོན་པ་ཚོས་ས་གནས་ཀྱི་རྔོན་པ་གཞན་པ་ཚོར་གསེར་གྱི་རྔན་པ་སྤྲད་ནས།” ཞེས་གསལ་དོན་ལྟར་རྒྱ་དམར་གྱིས་སྐུ་བཀྲོངས་པ་གསལ་པོ་ཡིན་པ་བརྗོད་མི་དགོས་པ་ཞིག་རེད། དེ་འདྲའི་བྱས་རྗེས་ཆེ་བའི་རིན་པོ་ཆེ་ཁོང་རྒྱལ་མཚམས་ལས་བརྒལ་ཏེ་སྐུ་བཀྲོངས་པ་རེད། དེ་ལས་བློ་ཕམ་ཆེ་བ་གང་ཞིག་ཡོད།

དེ་བཞིན་དེང་སྐབས་བོད་ནང་གི་སློབ་གྲྭ་ཁག་ཏུ་བཙན་དབང་ཐོག་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཉུང་དུ་གཏོང་བཅུག་གི་ཡོད་ལ། དེ་དག་ཉན་འཇོག་མ་བྱས་ཚེ་སློབ་གྲྭ་སྒོ་བརྒྱབ་ཏུ་བཅུག་པ་དང་། སློབ་གྲྭའི་འགན་འཁུར་བ་རྣམ་པ་ཚོར་ཁ་བྲལ་གྱི་ཉེས་མིང་སྣ་ཚོགས་བཏགས་ནས་བཙོན་འོག་ཏུ་བཅུག་སྟེ་སྡུག་སྦྱོང་སྣ་ཚོགས་བཏང་དང་གཏོང་བཞིན་ཡོད། བོད་ནང་གི་ཞིང་འབྲོག་གི་བུ་ཕྲུག་ལོ་ཆུང་རྣམས་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་བཅུག་སྟེ་བོད་མི་རིགས་ཀྱི་སྐད་ཡིག་དང་། ཡ་རབས་བཟང་པོའི་གོམས་གཤིས་སོགས་དྲི་མ་ཙམ་ཡང་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད། དེ་ནི་ཧ་ཅང་ཉེན་ཁ་ཆེན་པོའི་བྱ་ཐབས་ཤིག་ཡིན། མདོར་ན་དོན་དག་ཡང་སྙིང་བོད་མི་རིགས་དང་བོད་མི་རིགས་ཀྱི་སྐད་ཡིག་མེད་པ་བཟོ་ཐབས་སུ་ཇུས་ངན་གཏིང་གི་ཡོད་པ་ནི་བརྗོད་དགོས་པའི་གནས་སྟངས་ཤིག་ཡིན།

རྒྱུ་མཚན་དེ་དག་ལ་བརྟེན་བཙན་བྱོལ་ནང་གི་སློབ་གྲྭ་ཁག་གི་ནང་བོད་ཡིག་ཁྲིད་གནང་གི་ཡོད་ནའང་ད་དུང་སྔར་ལྷག་བོད་ཀྱི་སྐད་ཡིག་ཐོག་ཏུ་དོ་སྣང་དང་ནུས་ཤུགས་སྤུངས་དགོས་པའི་དུས་ལ་སླེབས་འདུག་སྙམ་ལ། རྒྱ་ཆེ་མང་ཚོགས་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་ཐོག་ཏུ་དོ་སྣང་དང་འབད་བརྩོན་གནང་དགོས་ཀྱི་འདུག དེ་བཞིན་མང་ཚོགས་ཀྱི་ནུས་ཤུགས་གཅིག་ཏུ་སྤུངས་ནས་རྒྱ་དམར་ལ་གདོང་ལེན་གནང་དགོས་པ་ཞིག་ལས། ང་ཚོ་ནང་ཁུལ་དུ་ཕན་ཐོགས་མེད་པར་ང་དང་ཁྱེད་ཅེས་རྩོད་གླེང་གནང་བསྡད་ན་ཕན་པ་ལས་གནོད་ཆེ་བ་ཞིག་ལས་གཞན་པ་གང་ཡང་མེད།

མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས།

སྨྲས་པ།

རང་གི་སེམས་ནང་གང་ཞིག་འཆར་བ་རྣམས། །

གཞན་ལ་ཕན་བསམ་ཡི་གེ་ཐོག་ཏུ་ཕབ། །

རང་གི་སེམས་དང་མ་མཐུན་ཡོད་པ་ན། །

དགོངས་པ་མ་ཚོགས་ཞུ་རྒྱུ་ལས་མ་འདས། །

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese