མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་བྱས་འདུག

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་རམ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།

ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོའི་འཁྲུངས་སྐར་དང་བསྟུན། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་ནས་མགོ་བཙུགས་ཏེ་སིམ་ལ་དང་མ་ནཱ་ལི། དྷ་རམ་ས་ལ་ནས་ལྡི་ལིའི་བར་དུ་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་འཇམ་དབྱངས་བསྟན་འཛིན་ལགས་དྷ་རམ་ས་ལར་འབྱོར་སོང་། སྐབས་དེར་བོད་ཀྱི་གཞོན་ལྷན་གྱི་དབུས་ས་གཉིས་དང་དྷ་ས་ཁུལ་གྱི་མི་མང་ཁག་ཅིག་ནས་བསུ་མ་ཞུས་སོང་།

ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་སྐོར་ལ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས། ཐེངས་འདིའི་རྐང་འཁོར་སྐྱོད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་མོ་དང་བསྟུན་ནས་རྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་ནས་མགོ་བཙུགས་ཏེ། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ཀུ་ལུ་དང་། མི་ན་ལི། སིམ་ལ་བཅས་སུ་བོད་དོན་དྲིལ་བསྒྲགས་བྱས་པ་ཡིན། ས་གནས་དེ་དག་རྒྱ་གར་གྱི་སྤྲོ་འཆམ་པ་དང་། ཧི་མ་ལ་ཡའི་རི་རྒྱུད། ཕྱི་རྒྱལ་བ་ཡོང་སའི་ས་ཁུལ་དུ་བོད་དོན་ཐོག་ཕན་ཐོགས་བའི་རེ་བ་བཅངས་ཏེ་ལས་འགུལ་སྤེལ་བ་ཡིན། ས་གནས་བོད་པ་དང་རྒྱ་གར་ཡུལ་མི་རྣམས་ཀྱིས་རོགས་པ་ཡག་པོ་གནང་སོང་། རང་ཉིད་ཀྱི་འཕྲོད་བསྟེན་ཐད་དཀའ་ངལ་མ་འཕྲད་ཚེ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མུ་མཐུད་དུ་སྤེལ་འདོད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཁོང་གི་རྐང་འཁོར་སྐོར་སྐྱོད་ཀྱི་དམིགས་ཡུལ་ནི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་གནས་སྟངས་ཐོག རྒྱ་གཞུང་ནས་ལན་འདེབས་གསལ་བཤད་ཅིག་ཡོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་གནོན་ཤུགས་སྔར་ལྷག་སྤྲོད་དགོས་པའི་འབོད་སྐུལ་དང་། རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་གནད་དོན་དེའི་ཐོག་མཁྱེན་རྒྱ་དང་རྒྱབ་སྐྱོར་ཚད་མཐོ་རག་ཐབས་དང་། དམིགས་བསལ་བོད་རིགས་གཞོན་སྐྱེས་དང་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་རྡོག་རྩ་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་སྔར་ལྷག་མཉམ་སྤུངས་ཡོང་རྒྱུ་སོགས་ཡིན་འདུག

ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ཁྲོད་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲད་དེ་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙོས་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་ཀློད་གྲོལ་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་འོག རྒྱ་ནག་དམར་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་ཡོང་བར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ། རང་རིགས་གཞོན་སྐྱེས་ཚོ་གཙོ་བྱས་པའི་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ནས་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་འདུག

རང་ལོ་ ༦༥ ཡིན་པའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ནི་རྡེ་ར་ལྡུན་ནས་ཡིན་པ་དང་།  ཕ་དམ་པའི་རེ་བ་ལྟར་བོད་སྤྱི་པའི་རྩ་དོན་ཆེད་ཧུར་ཐག་གནང་མཁན་ཞིག་ཡིན་འདུག་ལ། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་ས་མཚམས་བར་དུ་སྦག་སྦག་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ནང་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག བཞུགས་སྒར་དྷ་རམ་ས་ལ་མེག་གྷན་ཁྲོམ་གཞུང་ནས་རྡོ་རྗེ་གདན་བར་དུ་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་དང་པོ་སྤེལ་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༢པའི་ནང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་ནས་ཨུ་ཊར་ཁན་ཌི་མངའ་སྡེའི་རྡེ་ར་ལྡུན་བདེ་སྐྱིད་གླིང་བར་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད་ཐེངས་གཉིས་པ་སྤེལ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ པའི་ནང་རྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ལྡི་ལི་བར་སྤྱི་ལེ་ ༢༥༠ རྐང་འཁོར་སྐོར་སྐྱོད་ཐེངས་གསུམ་པ་དང་། ཕྱི་ལོ་ ༢༠༢༤  ལོའི་ཟླ་ ༥ པའི་ནང་ལ་དྭགས་མཁར་གདོང་ལ་ནས་དྷ་རམ་ས་ལའི་བར་སྤྱི་ལེ་ ༨༠༠ རྐང་འཁོར་སྐོར་སྐྱོད་བཞི་བ། དེ་བཞིན་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་མི་རབས་གསར་པས་སྣེ་ཁྲིད་དེ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་མི་ལོ་ཧྲིལ་པོ་ ༣༧ འཁོར་བའི་དུས་དྲན་དང་སྟབས་བསྟུན། ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཇན་ཏར་མན་ཏར་བར་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་ལྔ་བ་བཅས་སྤེལ་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese