མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ ༧༥ ལ་རྒྱ་ནག་གི་བུ་ལོན་གྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༥ ལོར་འཛམ་གླིང་རྒྱལ་ཁབ་ ༧༥ ཡིས་རྒྱ་ནག་ལ་བུ་ལོན་ཨ་སྒོར་ཐེར་འབུམ་མང་པོ་འཇལ་དགོས་པ་དང་། ལོ་རབས་འདིའི་ནང་རྒྱ་ནག་འཛམ་གླིང་གི་བུ་ལེན་བསྡུ་མཁན་བྱས་ནས་འདུག་རྒྱུ་ཡིན་སྐོར་གྱི་སྙན་ཐོ་ཞིག་བཏོན་འདུག

དེ་རིང་རྒྱལ་སྤྱིའི་གསར་ཁང་  (Guardian ) གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་ནས། དཔལ་འབྱོར་ཞན་ཞིང་དཀའ་ཁག་ཆེ་བའི་འཛམ་གླིང་རྒྱལ་ཁབ་ ༧༥ ལ་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གི་བུ་ལོན་ཨ་སྒོར་ཐེར་འབུམ་ ༢༢ འཇལ་དགོས་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག་ལ། བུ་ལོན་གྱི་གྲངས་འབོར་དེ་ནི་ཧ་ཅང་ཚད་མཐོ་བོ་ཡིན་པ་མ་ཟད། རྒྱ་ནག་གི་མགོ་སྐོར་འོག་ནས་རྒྱལ་ཁབ་དེ་དག་གིས་ཁྱོན་ཨ་སྒོར་ཐེར་འབུམ་ ༣༥ བུ་ལོན་དུ་བླངས་ཡོད་པའི་སྙན་ཐོ་ཞིག་བཏོན་འདུག

དེ་འབྲེལ་ཨོ་གླིང་གི་ལོ་ཝེ་ (Lowy Institute) བསམ་མཛོད་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོའི་ནང་། ད་ལྟའི་ལོ་རབས་འདིའི་རིང་རྒྱ་ནག་གིས་འཛམ་གླིང་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་བུ་ལོན་གཡར་རྒྱུ་མ་ཡིན་པར་བུ་ལོན་བསྡུ་རྒྱུ་ཡིན་པ་དང་། དེ་སྔ་དགོས་མཁོ་ཆེ་བའི་སྐབས་སུ་རྒྱ་ནག་བུ་གཡར་ལས་གཞིར་ཉམས་ཆག་བྱུང་ཡོད།  འོན་ཀྱང་། ཕྱིས་སུ་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་སྐབས་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་ནས་རྒྱལ་ཁབ་དེ་དག་གི་ནང་དུ་མ་འཛུགས་བྱས་ཏེ། སློབ་གྲྭ་དང་ཟམ་ཆེན། སྨན་ཁང་དང་ལམ་ཆེན། གྲུ་གཟིངས་འབབ་ཚིགས་དང་གནམ་ཐང་སོགས་ཀྱི་འཛུགས་སྐྲུན་འོག་ནས་བུ་ལོན་གཡར་ཡོད། ཅེས་བརྗོད་འདུག

གནས་ཚུལ་ནང་། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་བརྒྱུད་དེ་ཡར་རྒྱས་འགྲོ་བཞིན་པ་དང་དཔལ་འབྱོར་གྱི་མ་རྩ་དཀོན་པའི་རྒྱལ་ཁབ་དག་ལ་མ་འཛུགས་བྱེད་བཞིན་ཡོད་ཅིང་། མ་འཛུགས་ཀྱི་ལས་གཞི་དང་འབྲེལ་ནས་རྒྱལ་ཁབ་གཞན་གྱི་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་ཙམ་དུ་མ་ཟད། ས་ཁོངས་དབང་བསྒྱུར་གྱི་བྱ་སྤྱོད་སྤེལ་སྤེལ་མུས་ཡིན་པ་དང་། དམིགས་བསལ་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་གཞུང་དེར་བཀོལ་སྤྱོད་གང་ཡང་མེད་པའི་འཛུགས་སྐྲུན་སོགས་བྱས་ཏེ་བུ་ལོན་གྱི་དྲ་རྙི་ནང་དུ་འདེད་བཞིན་ཡོད་པ་སོགས་ལ་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གིས་ད་སྔ་བར་སྐྱོན་བརྗོད་དེ་དག་ལ་ངོས་ལེན་བྱེད་ཀྱི་མེད་ཁར། བུ་ལོན་གཡར་མཁན་གྱི་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་ནི་ཡིད་ཆེས་བློ་བཀལ་ཆོག་པའི་མཉམ་ལས་པ་ཞིག་ཡིན་པ་དང་རྒྱལ་ཁབ་གཞན་གྱིས་བུ་ལོན་གཡར་གྱི་མེད་སྐོར་གླེང་གི་ཡོད་ཚུལ་བརྗོད་ནས་རྒྱལ་སྤྱིའི་སྐྱོན་བརྗོད་དག་ལ་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་སྐོར་བརྗོད་འདུག

སྙན་ཐོའི་ནང་། ཨ་རིའི་སྲིད་འཛིན་ཊོམ་ཕུས་ཕྱིའི་རོགས་དངུལ་འབོར་ཆེན་མཚམས་འཇོག་བྱས་ཡོད་པའི་སྐབས་འདིར། རྒྱ་ནག་གིས་བུ་གཡར་ལས་གཞི་ལ་བརྟེན་ནས་ཆབ་སྲིད་ཀྱི་ཁེ་ཕན་ལེན་བཞིན་པ་མངོན་གསལ་ཡིན་པ་དང་། རྒྱ་ནག་གིས་ཧོན་ཌོ་ར་སི (Honduras) དང་(Nicaragua)། སོ་ལོ་མོན་གླིང་ཕྲན་ (Solomon Islands)། (Burkina Faso) ཌོ་མི་ནེ་ཁན་ (Dominican Republic) སྤྱི་མཐུན་རྒྱལ་ཁབ་སོགས་བུ་ལོན་གཡར་བ་བརྟེན་ནས། རྒྱལ་ཁབ་དེ་དག་གིས་ལོ་གཅིག་དང་ཕྱེད་ཀའི་ནང་ཚུད་དུ་ཐའེ་ཝན་ལ་རྒྱལ་སྲིད་འབྲེལ་ལམ་བཅད་དེ་རྒྱ་ནག་ལ་མགོ་བཏགས་ཡོད་སྐོར་གསལ་འདུག

གནས་ཚུལ་ནང་རྒྱལ་ཁབ་ཚང་མའི་མིང་གསལ་འདོན་བྱས་མེད་ནའང་། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ལོའོ་སི་ནི་ད་ལྟ་རྒྱ་ནག་གི་བུ་ལོན་འོག་དཀའ་ཁག་ཆེན་པོ་འཕྲད་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་དུང་པ་ཀི་སི་ཐན་དང་ཁཱ་རྫ་ཀག་སི་ཐན། སོག་པོ། ཨར་ཇན་ཊི་ནཱ་དང་བྷིར་རྫལ་སོགས་སུ་རྒྱ་ནག་གིས་ཐབས་ཇུས་ལྡན་པའི་ཐོག་ནས་བུ་ལོན་གཡར་བཞིན་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པའི་ཁྲོད། རྒྱལ་ཁབ་གཞན་གྱི་ལག་ནས་བུ་ལོན་ཕྱིར་ལེན་པར་དཀའ་ཁག་ཆེ་བས། གཅིག་རྒྱ་ནག་ལ་རྒྱལ་འབྲེལ་གྱི་དཀའ་ངལ་ཞིག་ཆགས་ཡོད་པ་དང་གཉིས་ནས་དཔལ་འབྱོར་འཁོར་རྒྱུག་གི་དཀའ་ངལ་ཞིག་ཀྱང་ཆགས་ཡོད་སྐོར་སོགས་བརྗོད་འདུག

སྤྱིར་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཁག་ལ་གསང་རྒྱ་བྱས་ཏེ། གནས་ཚུལ་ཉུང་ཉུང་ཙམ་ལས་ཕྱི་གསལ་ནང་གསལ་བཟོས་མེད་པ་དང་། ཨོ་གླིང་གི་ལོ་ཝེ་ (Lowy Institute) བསམ་མཛོད་ལྟེ་གནས་ཁང་གིས་འཛམ་གླིང་དངུལ་ཁང་གི་ཡིག་ཆའི་ནང་རྒྱ་ནག་གི་བུ་གཡར་གྱི་མ་དངུལ་སྐོར་ལ་ཚོད་དཔག་ཧ་ཅང་དམའ་བོ་བྱས་ཡོད་སྐོར་བརྗོད་འདུག་ལ། ཕྱི་ལོ་ ༢༠༢༡ ལོར་ (AidData) ཞེས་པས་རྒྱ་ནག་ལ་གསང་བའི་ཐོག་ཨ་སྒོར་ཐེར་འབུམ་ ༣༨༥ བུ་ལོན་ལེན་རྒྱུ་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese