མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་པར་རྙིང་བ་ཞིག

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། བླ་གཡུ།  ༢༠༢༥།༦།༡༡

མལ་ལས་སད་མ་ཐག་ཅི་ཡང་ལ་སྙིང་པོ་མེད་སྙམ་པ་ལྟ་བུའི་སེམས་ཁམས་ཤིག་གི་ངང་ལུས་ཕྱེད་ཡར་འགྲེང་སྟེ། ཅི་ཞིག་ལ་མིག་གིས་ཅེ་རེར་ལྟ་ཞིང་། བསམ་པའི་རྩིག་ལྡེབས་སུ་ཉར་བའི་འཆར་ཡན་གྱི་སྣང་བརྙན་དེ་དག་དྲན་ཤེས་ཀྱི་ཡོལ་བས་ཡང་ཡང་སྒུལ་ཏེ། ཐང་ཙམ་ཡུད་ཙམ་ཞིག་ལ་ཡ་ན་ཡུན་གྱི་ངང་དལ་ཅག་གེར་ལྷག བཙུམ་མ་ཕྱེས་ཀྱི་མིག་གཉིས་ལ་འཕྱིད་འཕྱིད་ཙམ་བྱས་རྗེས་ཉེ་རྒྱང་མི་རིང་བའི་སར་ཤེལ་གྱི་དམ་བུ་ཞིག་ལ་གསོས་པའི་མེ་ཏོག་དེ་སྒྱིད་ལུག་དང་སྣང་མེད་རྐྱ་འཐབ་སྟེ་ཆུ་སྦྲེང་རྒྱུ་བརྗེད་པས། ད་ནི་ལོ་འདབ་རྙིད་ཅིང་བྲུལ་ནས་ཚེ་སྲོག་གི་ཆེས་མཐའ་མཇུག་ལ་བསླེབས་འདུག་པ་མཐོང་། དེ་ནི་གྱ་ཁ་གྱུ་ཁུག་གི་འཚོ་བའི་དགའ་སྡུག་ཐམས་ཅད་མྱངས་ཤིང་། ལོ་ཞག་གིས་ཁྱུ་འདེད་བྱས་ཏེ་རི་རྩེའི་ཉི་ཐིག ལ་རྟིང་གི་གྲིབ་མའི་ཚོད་ལ་བསླེབས་པའི་རྒས་ཁོག་ཅིག་དང་ཤིན་ཏུ་མཚུངས་སོ། །

ང་ལ་གོམས་གཤིས་རྙིང་བ་ཞིག་ཡོད་དེ། དེ་ནི་མི་རྙིང་བ་ལ་དགའ་ཞིང་པར་རྙིང་བ་ཉར་ཚགས་བྱེད་རྒྱུ་དེ་རེད། ཉར་ཚགས་བྱས་ཟིན་པའི་པར་རྙིང་དེ་དག་གིས་ནམ་ཞར་དུ་ང་ལ་གཏམ་རྒྱུད་ཀྱི་སྒྲོས་མང་བོ་ཞིག་ཁྱེར་ནས་ཡོང་ཞིང་། མགྲིན་ངག་འཛེར་འཛེར་གྱི་གཅོམ་བསྐྱུངས་མང་བོ་ཞིག་ཀྱང་ཨམ་ཆོག་ལ་བླུག་ཡོང་། དེའི་ནང་གི་པར་རྙིང་ཞིག་ནི། ༡༩༣༣ལོར་བསྒྲོན་པའི་༧རྒྱལ་དབང་སྐུ་གོང་མའི་སྐུ་པར་དེ་རེད། སྐྱིད་སྡུག་གི་གཉེར་མ་ཤར་ཤུར་བབས་པའི་བཞིན་རས་དང་། དགའ་སྐྱོ་ཟུང་གིས་བྲན་པའི་གཉོམ་དུང་ངེ་བའི་སྤྱན་རས་དེས་ང་ལ་ཡང་ཡང་ཅེར་ཞིང་། མི་ཚོགས་ཀྱི་དབུས་སུ་ཀུ་རེ་བྱས་ནས་འོས་མེད་དུ་བཟོས་པ་ལྟར། སེམས་གཅོང་དང་འཕང་སེམས་རྐྱ་བསྒྲིལ་ཏེ་ཡང་བསྐྱར་རེ་ཞིག་ལ་མགོ་བོ་སྨད་ཅིང་ཁུ་སིམ་མེར་ལྷག་སོང་། ཡང་སྙིང་། བག་ཉལ་གྱི་མིག་དཀྱུས་དེའི་ནང་དུ་གབ་སྦས་ཀྱི་གསང་བ་ཅི་ཞིག་ཡོད་དམ།

མི་ལོ་དྲུག་ཅུར་ཉེ་བའི་ལ་བརྒལ་ཆུ་གཅོད་ཀྱི་ས་ཐག་གང་ཙམ་དེ་གོམས་འགྲོས་ཀྱིས་གཞལ་ཏེ་ཚེ་ཕྱི་མར་འགྲོ་སའི་སྐྱ་ཐིག་སྒང་ལ་ཐོན་དུས། མི་སུ་ཡིན་རུང་ཞེ་གཅོང་དང་ཡི་མུག་རྫོགས་མེད་ཅིག་ཡོད་སྲིད་ཅིང་། ཉེ་རྒྱང་དེ་ནས་ཅེར་བའི་སྐད་ཅིག་མའི་མིག་མདངས་དེ་ལས་ལྐོག་ནས་སྐད་ཆ་ཤབ་ཤུབ་སྨྲ་མཁན་དང་། ཟོལ་རྫི་དང་སྤྲེལ་ལད་ཀྱིས་བཀབ་པའི་ངོ་གདོང་མང་བོ་ཞིག་མཐོང་ཡོང་ལ། ས་འཇོར་གཅིག་བརྐོ་མ་མྱོང་ཞིང་། ཆུ་ཟོམ་གཅིག་བཅུ་མྱོང་བའི་བཀའ་དྲིན་མེད་ནའང་། ཕྱུག་པོས་རྒུད་སྐྱོབ་དང་། མཐོན་པོས་ཟེ་འཐེན་བྱས་ཏེ་བསྐྱངས་པའི་མི་དེ་དག་གིས་རང་གི་གཉའ་བཅགས། ལུས་ཀྱི་རུས་བརྡུངས་པའི་གཏམ་རྒྱུད་དེ་དག་ནི། སྐྱིད་སྡུག་གི་གཉེར་མ་ཤར་ཤུར་བབས་པའི་ཡ་ཐོད་ལ་མི་ཤོང་ནའང་། དྲན་འཛིན་གྱི་ཡོལ་གོ་རུ་ཅིས་ཀྱང་ཤར་ཡོད་ངེས།

གཡག་སྣ་ལོ་ཞིག་གི་ཚོད་ལ་ཡོད་པའི་ན་གཞོན་ཕོ་མོ་དེ་དག་གིས་འདས་སོང་གི་ལོ་རྒྱུས་ལ་ལེ་ཁག་དཀྲི་ཞིང་། བྱས་ཉེས་མང་བོ་ཞིག་གི་རེའུ་མིག་གཏོར་ནས་ཁྱེད་ཀྱི་འདས་མ་ད་གསུམ་ལ་ས་བཅད་འགྲེམ་བཞིན་འདུག་ནའང་། ཁོང་ཚོ་ཡང་ང་དང་འདྲ་བར་ཁ་ངག་འཆོལ་ལེ་བ་དང་། རྒྱ་རལ་བའི་ལོ་རྒྱུས་ཀྱི་དྲན་པ་གཞན་ཞིག་གི་ལམ་ཟུར་ན་ཡོད་པ་ཤ་སྟག་ཡིན་པས། ཁ་ཤོམ་གྱི་ཚིག་ཐོ་ཇི་ལྟར་བཀོད་ན་ཡང་། རྡོག་སྣེ་ཁོ་ནར་བལྟས་ཏེ་རང་གི་གྲིབ་མདངས་རབ་རིབ་དེད་ཅིང་། འབྱམས་ཀླས་པའི་གོ་འཛོལ་གྱི་རྐང་ལམ་གཏུབ་མཁན་ཡིན་པའི་ངེས་ཤེས་འདྲོངས་པ་དང་ལྷན། ཐོགས་རེག་བྲལ་བའི་སེམས་དོགས་དང་འཚེར་སྣང་ཞིག་གིས་བྲང་ཁོག་ཧྲིལ་བོར་ལྗིད་ཏིག་གེར་བྱས་སོང་།

སྔོན་ཆད་ཁྱོད་ཀྱིས་མིག་མདངས་སྲུང་མཁན་དང་ངག་བརྩིས་ནས་ལོ་རྒྱུས་ཀྱི་ཉིན་སྲིབ་གཅོད་མཁན་ནི། མིག་གིས་ཀེམ་ཀེམ་ལྟ་ཞིང་སྒྱིད་པ་ཞུམ་ཞུམ་ཀྱིས་ལངས་ཏེ་ཁ་བྱང་གཏན་འཁེལ་བྱེད་པ་དང་། ཐོབ་སྐར་རྒྱག་མཁན་གྱི་ན་གཞོན་ཕོ་མོ་དེ་དག་ཡིན་མི་སྲིད་ལ། ཁོང་ཚོ་ནི་རྟའི་སྲབ་མདའ་བཟུང་ནས་རྒྱ་སོག་ལ་ལམ་སྣ་འཁྲིད་ཅིང་འདས་སོང་གི་ཆག་དུམ་སྒྲིག་མཁན་དང་། ཚར་དུ་དངར་བའི་གངས་ཀྱི་ལྕགས་རི་བརྒལ་ནས་མིག་རྒྱང་འཛམ་གླིང་ལ་སྲིང་མཁན་དག་ཡིན་སྲིད་ལ། ཡང་ན་སྒྱེད་རྩ་ནས་གསོལ་ཇ་དྲངས་ཏེ་གྲོས་ཀྱི་སྣེ་མོར་མདུད་པ་མདུད་མཁན་དེ་དག་ཡིན་ཀྱང་སྲིད། ཡང་ན། མཆོད་སྟེགས་ཀྱི་མཆོད་པ་གཏོར་མཁན་དང་རྡོ་རིང་ངོས་ཀྱི་ཡིག་འབྲུ་འཇིག་པར་བྱེད་མཁན་ཡང་ཡིན་སྲིད། ཡང་ན་ཤར་ལྷོའི་སྒོ་གླེགས་བཅག་ནས་མྱ་ངན་གྱི་སྨག་བསྐྱིལ་མཁན་ཡང་ཡིན་སྲིད་དོ། །

གང་ལྟར་ཁོང་ཚོར་ཡང་བརྗོད་མི་ལང་བའི་ལེ་ཁག་དང་གཏམ་རྒྱུད་ཀྱི་སྒྲོས་མང་བོ་ཞིག་ཡོད་ངེས་ལ། ཁོང་ཚོས་རང་གི་ཡུས་དང་ཡི་མུག་ཁྱེར་ནས་ཁྱེད་ཀྱི་མིག་མདངས་འོག་ནས་ཞེ་འཁང་གི་རྡོག་ཁྲེས་ལྕིད་ཏིག་གེར་དབོག་ཅིང་། སེམས་དོགས་དང་མིག་ཟུར་གྱིས་གོས་པའི་དམའ་འབེབ་ཡོད་ཚད་ཀྱང་རྡུལ་ཉིལ་ལེར་བྱོ་མྱོང་བ་ཐག་གིས་ཆོད། ཡིན་ན་ཡང་། འཇབ་ཉལ་གྱིས་འཁྱིལ་འགྲོས་བྱེད་ཀྱིན་པའི་དུད་པ་ཞིག་དང་འདྲ་བའི་ལེའུ་དེ་དག་རྫོགས་ཤིང་། ཁ་ཁུ་སིམ་པོར་ལུས་པའི་མིག་མདངས་དེས། སྐབས་འགར་ང་ལ་གཏན་དུ་བརྗེད་མི་རུང་བའི་དོན་དག་ཅིག་ལ་གསལ་འདེབས་བྱེད་ཀྱིན་པ་དང་འདྲ་ལ། སྐབས་འགར་ང་ལ་སྐྱོ་ཡུས་འདྲེས་མའི་ལེའུ་གཞན་ཞིག་གི་སེམས་ངོ་སྟོན་བཞིན་པ་དང་ཡང་མཚུངས། དེས་ད་དུང་ཐོ་ཡོར་ལྟ་བུའི་མི་སྣ་མང་བོ་ཞིག་སེམས་ཀྱི་ངོགས་སུ་ཚུར་བསྔོགས་ཏེ་མཛུབ་མོ་ཀེར་དུ་ཡང་འཇུག་གོ ། སྐབས་དེར་ངས་ལྟག་རྒྱབ་ནས་ཚིག་ཐོ་འགོད་མཁན་གྱི་ན་གཞོན་དེ་དག་དྲན་ཡོང་ཞིང་། སྐད་ཅིག་མ་དེ་ལ། ངའི་འཆར་སྣང་ཞིག་ལ་ཁོང་ཚོ་ཡང་ཤོག་ངོས་ཤིག་ལ་ཡིག་འབྲུ་འགོད་མཁན་ཙམ་མ་ཡིན་པར་ཆག་གྲུབ་ཤོར་བའི་ལོ་རྒྱུས་ཀྱི་སིལ་བུ་རྣམས་བྲང་ལ་གླན་ཏེ་གཅོམ་བསྐྱུངས་བྱེད་པའི་མི་འབོར་ཆེན་ཞིག་ཏུ་གྱུར་སོང་།

ཡུད་ཙམ་ཞིག་ནས་ཆར་སྒྲ་ཤག་ཤག་དང་རླུང་བུ་བསིལ་མོ་ཞིག་ངའི་རྩ་ལམ་བརྒྱུད་ནས་སེམས་རྩ་གྲང་སོབ་སོབ་བྱེད་ཅིང་། ཡིད་ཀྱི་རྟ་ཕོ་འཆར་ཡན་གྱི་ཐང་ནས་ལྕགས་དཀྱུས་ཕྱིར་བཀུག་པས། ངའི་འདྲེན་བྱེད་ཀྱི་འབེན་ཁ་སླར་ཡང་སྐུ་པར་རྙིང་པ་དེ་ལ་གཏད་ཅིང་། པར་ངོས་ཀྱི་མིག་མདངས་དེ་ནས་མངོན་པའི་སྐྱིད་སྡུག་གི་མིག་ཆུ་དང་། ཆགས་སྡང་གི་བརྩེ་དུང་ལ་ཡང་ཡང་མཇལ། ཡོལ་བས་བྲེས་པའི་སྒེའུ་ཁུང་ངོས་སུ་ཆར་ཞོད་ཀྱིས་བརྩེ་སེམས་མེད་པར་ཡང་ཡང་བྲན་ཞིང་། ད་དུང་རྒྱང་རིང་ནས་རླུང་བུ་དང་སྡེབ་ནས་འོང་བའི་འཁུན་སྒྲ་དེས་ང་ལ་གཏན་ཚིགས་ཀྱི་སྤྱི་འགྲོས་ཤིག་སྦྲན་པར་མ་ཟད། དེ་དག་ལས་ངས་བདེན་པའི་ངོ་རིས་ཤིག་ཀྱང་རྙེད་པས་སེམས་སྒྲ་ལྟིག་ལྟིག་བྱེད་པའི་མོད་ལ། ཟ་འགྲམ་དུ་ལྷུང་བའི་སྨྲེང་ཤུར་ཤུར་གྱི་འགྱོད་གདུང་གི་མདའ་མོ་སུ་ལ་འཕེན་པའམ། དབྲལ་བའི་གཉེར་རིས་ལ་ཐིམ་པའི་ཁེར་ཧྲེང་གི་སེམས་གཞས་དེ་སུ་ལ་ལེན་པ་ཡིན་ནམ། ངའི་འཆར་སྣང་གི་དྲི་ཚིག་དེ་དག་ལ་ལན་ཅི་ཡང་མེད་པར་རེ་ཞིག་ལ་པར་རྙིང་དེ་དང་འདྲ་བར་སེམས་པ་སྟོང་ལྷང་ལྷང་གི་ངང་འདུག་ཅིང་། གནམ་མཐའ་སྨག་གིས་འཆོས་པ་བཞིན་དུ་མིག་ཆུ་རྡོག་པོ་ཞིག་མིག་ལྕིབས་འོག་ནས་ཟགས་པ་ན་ངའི་མིག་མདངས་ཧྲིལ་བོ་ཡང་མག་མོག་ཏུ་བཟོས་སོང་།

ཅིས་ཀྱང་བདེན་མཆི་ཨང་། ལོ་རྒྱུས་ཁག་ཅིག་མྱ་ངན་གྱི་གཟུགས་བརྙན་ཙམ་ཞིག་ལས་སྨྲ་བ་འགག་ཅིང་། ལོ་ཞག་གི་ཆར་ཆུས་ཁྱུ་འདེད་བྱས་ནས་གཏན་དུ་ང་ཚོ་དང་གྱེས་སོང་བ་རེད། ཞེ་འཁང་དང་སེམས་དོགས་གྲལ་གནས་གཅིག་ཏུ་འདྲེས་ཤིང་། ལེ་ཁག་དང་ཡི་མུག་མཉམ་པོར་རེའུ་མིག་གཅིག་ཏུ་བཅད་པ་དེ་དག་གིས་ངའི་སྙིང་འབེན་ཡང་ཡང་འཕིགས་པར་བརྟེན། འབྱུང་འགྱུར་གྱི་མཚར་སྡུག་ལྡན་པའི་འཚོ་བ་ཐུང་ངུ་ཞིག་ལ་བདེན་དཔང་བྱེད་པའི་ཆེད་དུ་ངས་པར་རྙིང་ལ་དབྱངས་འགྲོས་བཙལ་ནས་སྐད་ཆ་བསྙད་དུ་བཅུག་པ་ཡིན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese