མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ཞི་རྒོལ་བ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་རྒྱ་གཞུང་གི་གུ་དོག་པའི་བསམ་བློ་དང་ཁྱབ་བསྒྲགས་རྫུན་མའི་འོག་འཚར་ལོངས་བྱུང་བའི་རྒྱ་རིགས་ཤེས་ཡོན་པ་དང་མི་མང་ཙམ་དུ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་རྒྱ་གཞུང་ལ་བདེན་ཁ་སྤྲོད་བཞིན་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་སྐོར་སོགས་འགྲེལ་བརྗོད་གནང་འདུག

འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་། པར་ཧྥ་རན་སིའི་ (France 24)

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཧྥ་རན་སིའི་གཞུང་གཉེར་བརྙན་འཕྲིན་ཁང་( France 24 ) གིས་བོད་དོན་ཞི་རྒོལ་བ་འཇམ་དབྱངས་སྦྱིན་པ་ལགས་སུ་བཅར་འདྲི་ཞུས་གནས་ཚུལ་ཞིག་སྤེལ་འདུག་ཅིང་། གནས་ཚུལ་ནང་འཇམ་དབྱངས་སྦྱིན་པ་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོར་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་སླེབ་སྐབས་ཀྱི་ཞི་བའི་ངོ་རྒོལ་སོགས་བོད་དོན་གྱི་སྐོར་ལ་གླེང་སློང་གནང་ཡོད་ཅིང་། དེ་བཞིན་ཉེ་ལམ་ཧྥ་རན་སིའི་རླུང་འཕྲིན་ཁང་(France Inter) ལ་འཇམ་དབྱངས་སྦྱིན་པ་ལགས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་གཙོས་འཛམ་གླིང་ནང་བོད་དོན་ལ་རྒྱབ་སྐྱོར་གནང་གལ་ཆེ་བའི་སྐོར་གླེང་སློང་དང་། ད་དུང་ཁོང་གིས་ཧྥ་རན་སིའི་པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་ཇེན་ལ་ཁི་རོ་མེ་རོ་མེ་ལ་ཁེལ་( Jean-Luc Romero-Michel ) ལགས་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་སྔར་ལས་ལྷག་གི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག

བོད་དོན་ཞི་རྒོལ་ལས་འགུལ་བ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཧྥ་རན་སིའི་གསར་ཁང་ (France 24) གི་གསར་འགོད་པ་དང་ཧྥ་རན་སིའི་རླུང་འཕྲིན་ཁང་(France Inter) གི་གསར་འགོད་པ་སོགས་སུ།   ང་རང་གདུག་རྩུབ་ཆེ་ཞིང་སྐྱུགས་བྲོ་བའི་རྒྱ་གཞུང་གི་བྱ་སྤྱོད་ལ་ཡིད་གཏན་ནས་མ་རངས་པར།  ཉེན་ཁའི་ཁྲོད་ལྐོག་ནས་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་འཚེམ་དྲུབ་ཀྱིས་མཐར་བློས་ཐུབ་གྲོགས་པོ་འགའ་དང་ལྷན་དུ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་སྣེ་ཁྲིད་བྱས་པའི་སྐོར་གྱི་སྔ་ཕྱིའི་གནས་སྟངས་དང་དཀའ་ངལ་ཅི་བྱུང་སྐོར་དང་།  རང་ཉིད་ཀྱི་སྤུན་མཆེད་སངས་རྒྱས་བཀྲ་ཤིས་(༢༠༡༢།༡༡།༢༧) དང་ཨ་ནེ་བཀྲ་ཤིས་སྐྱིད་(༢༠༡༥།༨།༢༧) གཉིས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་བས་གཙོས་བོད་ནང་གཅིག་པུར་བོད་མི་ ༡༥༧ གྱིས་འཚེ་མེད་ཞི་བའི་སྒོ་ནས་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་འདི་ནི་འཛམ་གླིང་འདིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གནས་ཚུལ་ཤིན་ཏུ་ནས་དམིགས་བསལ་བ་ཞིག་ཆགས་ཡོད། འདི་ལ་བརྟེན་ནས་རྒྱ་གཞུང་གི་གཉའ་གནོན་གྱི་ཟབ་ཚད་མཚོན་གྱི་ཡོད་སྐོར་དང་། བོད་མི་ས་ཡ་དྲུག་ཙམ་གྱི་ནང་མི་གྲངས་འདི་ཙམ་བྱུང་བ་དེ་ནི་རྒྱ་རིགས་ཆེན་པོའི་གྲངས་ཀ་ལ་དཔགས་ན་རྒྱ་མི་ཁྲི་ཚོ་ཁ་ཤས་ཀྱིས་མེར་སྲེག་བཏང་བ་དང་གཅིག་པ་ཆགས་ཀྱི་ཡོད་པ་ཤེས་སམ།  གོ་མཚོན་གྱིས་འཛམ་གླིང་ལ་སྡིགས་ར་བསྐུལ་བཞིན་པའི་དུས་སྐབས་འདིར། བོད་མི་ཚོས་ད་དུང་ཡང་འཚེ་མེད་ཞི་བའི་སྒོ་ནས་བློས་གཏོང་མི་བཟད་པ་བྱས་པ་འདིར་སྣང་མེད་བསྐྱུར་འཇོག་མི་བྱེད་པར། རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་ང་ཚོར་བདེན་པའི་རྒྱབ་ལངས་དང་དཔང་པོ་གནང་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། ད་བར་རང་ལུས་མེར་སྲེག་གི་གནས་སྟངས་ཐད་རྒྱལ་སྤྱིའི་སྟེང་ང་ཚོར་ངོ་སོ་དང་ངོས་འཛིན་ཙམ་ཡང་རག་མེད་པ་འདི་ནི་ཤིན་ཏུ་ཐབས་སྐྱོ་དགོས་པ་ཞིག་ཆགས་ཡོད། འདི་ལྟར་རྒྱ་གཞུང་ལྟ་བུ་ངན་པ་ལངས་ཤོར་ལ་བཏང་སྟེ་འཛམ་གླིང་སྟེང་འཚེ་མེད་ཞི་བའི་སྒོ་ནས་དཀའ་ངལ་ཁག་སེལ་ཐབས་བྱེད་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་མ་གནང་བར་རྩ་མེད་དུ་ཕྱིན་ཚེ་དེའི་འགན་ཁུར་ནི་རྒྱལ་ཁབ་ཚང་མར་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་འདུག

ཡང་ཁོང་གིས། ཕྱི་ལོ་ ༢༠༠༨ ཀྱི་རྗེས་ནས་བཟུང་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མངོན་གསལ་གྱིས་བཏང་སྟེ། ད་ལྟ་བོད་ཀྱི་ཆོས་རིག་གི་རྩ་བ་དགོན་སྡེ་ཁག་ལ་བཅོས་སྒྱུར་དང་གྲྭ་རྒྱུན་གྱི་ཡོང་ཁོངས་ལ་སྟངས་འཛིན་དང་བཀག་སྡོམ། བྱིས་པ་རྣམས་ཆུང་དུས་ནས་བཅའ་སྡོད་སློབ་གྲྭར་བསྐྱལ་ཏེ་བོད་མི་རིགས་འཆི་ལམ་དུ་རྫོང་བའི་རྒྱ་བསྒྱུར་སྲིད་ཇུས་སོགས་མགྱོགས་ནས་མྱུར་དུ་སྤེལ་བཞིན་ཡོད་ལ། མཐའ་ན་ཡོངས་གྲགས་བོད་(Tibet)ཅེས་པའི་མིང་ཡང་འཇིག་རྟེན་འདིའི་སྟེང་གསོན་པོར་གནས་པར་རྒྱ་གཞུང་གིས་བསམ་ཤེས་བྱ་ཐུབ་ཀྱི་མེད།  རྒྱ་གཞུང་གི་གུ་དོག་པའི་བསམ་བློ་དང་ཁྱབ་བསྒྲགས་རྫུན་མའི་འོག་འཚར་ལོངས་བྱུང་བའི་རྒྱ་རིགས་ཤེས་ཡོན་པ་དང་མི་མང་ཙམ་དུ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་རྒྱ་གཞུང་ལ་བདེན་ཁ་སྤྲོད་བཞིན་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་པའི་སྐོར་སོགས་འགྲེལ་བརྗོད་གནང་འདུག

མ་འོངས་པའི་༸གོང་ས་མཆོག་གི་ཡང་སྲིད་སྐོར་དང་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་ཕྱོགས་སྐོར་ལ་ཁོང་གིས། ༸རྒྱལ་བ་དོན་གྱི་བདག་པོའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་གཞིར་བཞག་གི་ཐོག་འགྲོ་དགོས་པ་དང་། རྒྱ་གཞུང་ལ་དེའི་ཐོག་ཐོབ་ཐང་གང་ཡང་མེད་པས་ཁོང་ཚོའི་ཧམ་བཤད་ལ་ང་ཚོ་ཐུན་མོང་གིས་ཁ་གཏད་གཅོག་དགོས་པ་དང་།  ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་སྤྲོད་བཞིན་པར་གདོང་ལེན་དགོས་པའི་འབོད་སྐུལ།  དེང་གི་སྤྱི་ཚོགས་འདིར་ཕྱི་དངོས་པོ་ཡར་རྒྱས་དང་མཉམ་དུ་ནང་བསམ་བློས་རྗེས་མ་ཟིན་པར་དཀའ་ངལ་འཕར་མ་འཕྲད་བཞིན་པའི་སྐབས་སུ། བོད་ཀྱི་རིག་གཞུང་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་པ་ནི་བོད་མི་ཙམ་གྱི་གནད་དོན་ཞིག་མིན་པར་འཛམ་གླིང་གི་བདེ་དོན་དང་འབྲེལ་བ་ཡོད་པའི་ལས་དོན་དམིགས་བསལ་བ་ཞིག་ཆགས་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་འདུག

དེ་བཞིན་ཧྤ་རན་སིའི་རྒྱལ་ས་པེ་རི་སིར་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། སུད་སིའི་ཛུ་རིཀ་ཏུ་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག  འཇམ་དབྱངས་སྦྱིན་པ་ལགས་ཀྱིས་རང་ཉིད་ཀྱིས་བློས་གཏོང་ཐོག་ཞི་རྒོལ་བྱས་པའི་བརྒྱུད་རིམ་དང་འབྲེལ་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་།   ༸གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་བསྐྱོད་དགོས་པའི་སྐོར་དང་། གཞོན་སྐྱེས་ཚོས་རང་གི་སྐད་ཡིག་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་རང་བཞིན་སོགས་ཀྱི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

བོད་དོན་ཞི་རྒོལ་ལས་འགུལ་བ་འཇམ་དབྱངས་སྦྱིན་པ་ལགས་ནི་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་གྲྭ་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་སྐབས། མདོ་སྨད་བླ་བྲང་དུ་འཇམ་དབྱངས་སྦྱིན་པ་ལགས་དང་ཁོང་གི་གྲོགས་པོ་ཞིག་གི་སྣེ་ཁྲིད་འོག ཁོང་ཚོ་མི་བཅུས་གསང་སྟབས་ཁྲོད་ཤོག་སྦག་འབོར་ཆེན་ཉོས་ཏེ་གྲྭ་མང་དང་ལྷན་དགའ་སྟོན་གྱི་རྣམ་པ་རྒྱ་ཆེར་རོལ་ཡོད་ཅིང་།  ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ དང་ ༡༥ སྟེ་ཉིན་གཉིས་རིང་བླ་བྲང་ས་ཆར་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་ནང་མཉམ་ཞུགས་གནང་སྟེ་དཀའ་ངལ་མང་པོ་འཕྲད་འདུག  ཕྱི་ལོ་ ༢༠༠༨ ཟླ ༤ ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དུ་འབྱོར་སྐབས་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འགུལ་ཞིག་སྤེལ་ཏེ་བོད་ནང་གི་གནས་སྟངས་ཕྱི་རྒྱལ་གྱི་གསར་ལམ་དུ་འབྱོར་ཡོད་འདུག  ཕྱི་ཟླ་ ༤ ཚེས་ ༡༤ ཉིན་གྱི་མཚན་དཀྱིལ་ཙམ་ལ་རྒྱ་ནག་གི་དམག་མི་མང་པོར་དགོན་པར་སླེབས་ཏེ། གྲྭ་ཤག་གཅིག་ཀྱང་མ་ལུས་པ་སྔོག་བཤེར་གྱིས་རྐུ་འཕྲོག་རྡུང་བཅག་མི་བཟོད་པ་བྱས་མཐར་དོགས་གཞིའི་འོག་དགེ་འདུན་པ་གྲངས་ ༡༨༠ འཛིན་བཟུང་བྱས་ཡོད་པ་དང་། འཇམ་དབྱངས་སྦྱིན་པ་ལགས་ལོ་གཅིག་ལྷག་རིང་དཀའ་ངལ་དང་འཇིགས་སྐྲག་ཆེན་པོའི་འོག་འབྲོག་ས་དང་མི་མེད་ས་སྟོང་ལུང་སྟོང་ཁུལ་དུ་བྲོས་བྱོལ་གྱི་འཚོ་བ་བསྐྱལ་ཡོད་འདུག་ལ། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡༠ ཉིན་ཁོང་དང་མཉམ་དུ་རྒྱལ་སྤྱིའི་གསར་འགོད་པའི་མདུན་ནས་སྣེ་ཁྲིད་མཁན་བློ་བཟང་དང་འཇིགས་མེད་གཉིས་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཞི་རྒོལ་སྔ་མའི་སྐབས་སྣེ་ཁྲིད་མཁན་གྱི་གྲས་སྐལ་བཟང་སྦྱིན་པ་དང་དགེ་འདུན་བཅས་ཁྱོན་མི་ལྔ་ལྷན་དུ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཡོད་འདུག

 གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese