མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འཇར་མན་གྱི་མངའ་སྡེའི་ཁག་ཅིག་གི་གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་རིག་གཞུང་དང་ཕྱི་འབྲེལ་གྱི་འབྲེལ་ལམ་ཐོག་བགྲོ་གླེང་གནང་ཡོད་འདུག

ཕྱི་དྲིལ་བཀའ་བློན་མཆོག་གིས་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཚེས་ ༢༢ ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་འཇར་མན་མངའ་སྡེ་ཤི་ལེ་སི་ཝི་གྷི་ཧོལ་སི་ཌིན་ (Schleswig-Holstein) རུ། ཕྱི་དྲིལ་བཀའ་བློན་མཆོག་གི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་ཐེ་ཨོ་དོར་སི་ཏེལ་ཙེར་ཀ་སེར་ནེ་ (Theodor-Steltzer-Kaserne)  དམག་སྒར་དུ་གཟིགས་ཞིབ་དང་། འཇར་མན་ཤི་ལེ་སི་ཝི་གྷི་ཧོལ་སི་ཌིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཀྱི་དྲུང་ཆེ། ཁེ་ཁི་བྷོན་གྲོང་སྡེ་ལྷན་ཁང་གི་གཙོ་འཛིན། འཇར་མན་རང་དབང་མང་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི། མེ་ཁི་ལེན་བྷར་གྷི་(Mecklenburg Western Pomerania )མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་འདུག

དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་གིས་ཤི་ལེ་སི་ཝི་གྷི་ཧོལ་ཤི་ཌིན་མངའ་སྡེའི་གྲོས་ཚོགས་ལ་གཟིགས་སྐོར་གནང་སྟེ།   མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དང་འཇར་མན་རང་དབང་དམངས་གཙོ་ཚོགས་པའི་སྐུ་ཞབས་ཧེ་ནར་གྷར་གྷི་(Heiner Garg) ལགས་དང་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་མངའ་སྡེའི་གྲོས་ཚོགས་ཀྱིས་འཇར་མན་སྲིད་གཞུང་གི་ལམ་ལུགས་སོགས་ཀྱི་ཐོག་བཀའ་མོལ་གནང་ཡོད་པ་དང་། ཤི་ལེ་སི་ཝི་གྷི་ཧོལ་ཤི་ཌེན་གྱི་ཚོང་ལས་དང་བཟོ་ལས་ཚོགས་པའི་ས་གནས་ཀྱི་དཔལ་འབྱོར་ཡར་རྒྱས་གོང་འཕེལ་དང་བཟོ་ལས་མཉམ་འབྲེལ་ལ་རྒྱབ་སྐྱོར་གྱི་ནུས་པ་གལ་ཆེན་སྐོར་འགྲེལ་བརྗོད་གནང་འདུག

ཟླ་འདིའི་ཚེས་ ༢༣ ཉིན་འཇར་མན་ཧཱམ་བྷུར་གྷི་མངའ་སྡེའི་གྲོས་ཚོགས་སུ། ཧཱམ་བགྷུར་གྷིའི་རྒྱ་གར་གྱི་བདུན་ཕྲག་ཐེངས་ ༡༡ པ་(11th India Week Hamburg) སྲུང་གཙི་ཞུས་ཡོད་ཅིང་། སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཧཱམ་བྷུར་གྷི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་།  རྒྱ་གར་གི་འཇར་མན་གཞུང་ཚབ་པ། རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་འཛིན་སྐྱོང་སློབ་སྟོན་པ་གྷོ་ཀུལ་བྷུ་ཊ་ཡིལ་ (Gokul Butail) ལགས། ཚོང་ལས་སྡེ་ཁག་གི་སྐུ་ཚབ་ཚུད་པའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད། དེ་བཞིན་ཕྱི་ཚེས་ ༢༢ ཉིན་འཇར་མན་ཧཱམ་བྷུར་གྷི་མངའ་སྡེ་རུ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ལ་འཇར་མན་རོགས་ཚོགས་ (Friedrich Naumann Foundation) ཀྱི་ལས་འཆར་འགན་འཛིན་རྒན་པ་ནུ་པུར་ཧ་ས་ཇི་ཡ་ (Nupur Hasija) ལགས་དང་། ལས་འཆར་འགན་འཛིན་ཕེ་རན་ཀི་ཧོབ་མན (Frank Hoffmann) ལགས། ཇོ་ཧ་ནེས་སི་བོ་གྷ་ཊི་ཛི་ (Johannes Bogatz) ལགས་བཅས་ལ་མཇལ་འཕྲད་གནང་ཡོད་འདུག་ལ།  བཀའ་བློན་མཆོག་གིས་༸གོང་ས་ཡང་སྲིད་དང་འབྲེལ་བོད་ཀྱི་མགོ་ཁྲིད་ཀྱི་མ་འོངས་མདུན་ལམ་ (The Future of Tibetan Leadership: Insights on His Holiness the Dalai Lama’s Succession) ཞེས་པའི་བརྗོད་གཞིའི་ཐོག་གི་གསར་འགོད་ཚོགས་འདུ་དང་བགྲོ་གླེང་གནང་རྒྱུ་ཡིིན་འདུག

གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese