མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་ཀྱིས་ང་ཚོ་བོད་པ་ཞིག་ཏུ་སྐྱེས་ཡོད་དུས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་བྱས་ཏེ་མི་རབས་རྗེས་མར་རྩིས་སྤྲོད་བྱ་རྒྱུ་ད་ལྟའི་མི་རབས་འདིའི་ཕྲག་ཏུ་བབ་པའི་འོས་འགན་ཡིན་སྐོར་བརྗོད་སོང་།

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག དབུས་གཙང་ཆོལ་ཁའི་ངོ་དེབ་ལས་པར་བླངས། ༢༠༢༥།༦།༢༧

དེ་རིང་ཕྱི་ཚེས་ ༢༧ ནས་ ༣༠ བར་དྷ་སའི་ཉེ་འཁྲིས་གྷོ་པལ་པུར་རང་བྱུང་ལང་ཚོ་གསོལ་མགྲོན་ཁང་(nature bloom hotel and resort Gopalpur)དུ། དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། དབུས་གཙང་གཞོན་སྐྱེས་རྣམས་བཅས་མཉམ་ཞུགས་གནང་འདུག

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ཉི་ཧོང་གི་རྒྱལ་ས་ཌོ་ཀྱོ་རུ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བ་དེ་འཛམ་གླིང་ཡོངས་སུ་ཐད་གཏོང་བྱས་ཡོད། དེ་འདྲའི་ཐད་གཏོང་བྱེད་དགོས་དོན་ནི་འཛམ་གླིང་ཡོངས་སུ་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་ཅི་ཙམ་ཡོད་མེད་དང་། རྒྱལ་ཁབ་དེ་དག་གིས་བོད་དོན་ཐོག་འཛིན་པའི་ལྟ་ཕྱོགས་ཙམ་མིན་པར་བོད་ཀྱི་གཞོན་སྐྱེས་རྣམས་ལ་བོད་ནང་གི་ལེགས་པའི་ཆ་དང་ཞེན་ཆའི་ཐོག་བསླབ་བྱ་སྤྲོད་ཀྱི་ཡོད། དེའི་ཁྲོད་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་བའམ་གྲོས་ཚོགས་གོང་མའི་འཐུས་མི་ཤྲི་སུ་ཇེ་ཀུ་མར་མཆོག་གིས་བོད་དོན་འཐབ་རྩོད་ཐོག་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་ནུས་པ་ཏག་ཏག་སྤུངས་ཐུབ་ཀྱི་མི་འདུག་པས་ཤུགས་རྒྱག་དགོས་ཀྱི་འདུག་ཅེས་གསུངས་ཡོད། ནུས་པ་ཇི་ལྟར་སྤུངས་དགོས་རྒྱུ་དེ་ང་ཚོའི་གཞོན་སྐྱེས་རྣམས་ཀྱི་དྲི་བ་ཞིག་རེད། ཅེས་གསུངས་སོང་།

ཡང་ཚོགས་གཞོན་མཆོག་གིས། དབུས་གཙང་གཞོན་སྐྱེས་ཚོགས་འདུ་ཐེངས་དང་པོ་སྔ་ས་ནས་གྲ་སྒྲིག་བྱས་ཡོད་ཀྱང་། མ་སྒྲིག་ལྷུན་འགྲུབ་ཀྱིས་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་གི་གོ་སྟོན་གྱི་དུས་ཚིགས་དང་ཉེ་བའི་སྐབས་སུ་ཆགས་ཡོད། ང་ཚོས་༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་དང་དགའ་སྟོན་བྱེད་དགོས་པ་ཞིག་ཡིན་པ་མ་ཟད། གཙོ་བོ་༧གོང་ས་མཆོག་དགུང་ལོ་བཅུ་དྲུག་ནས་རྒྱལ་སྲིད་ཆོས་སྲིད་བཞེས་ཏེ། ད་ལྟ་བར་དུ་ཁོང་ལ་གསོལ་བ་བཏབ་ནས་དགུང་ལོ་དགུ་བཅུ་ཕེབས་ཀྱང་ད་དུང་བཞུགས་རོགས་མཛོད་ཟེར་དུས། ང་ཚོས་ཅི་ཞིག་བྱ་དགོས་པ་རེད། གཞོན་སྐྱེས་རྣམས་ཀྱིས་ཅི་ཞིག་བྱ་དགོས་པ་རེད། ང་ཚོར་དམ་བཅའ་ཞིག་གཏན་གཏན་དགོས་ཀྱི་རེད་བསམ་གྱི་འདུག དམ་བཅའ་དེ་ཡང་ཁ་དང་ཚིག་ཙམ་གྱིས་ཕྱིར་བསྒྲགས་པ་ཙམ་མིན་པར་མི་རེ་ངོ་རེའི་དོ་སྣང་བྱེད་ཕྱོགས་ཐོག་ནས་དགོས་པ་ཞིག་རེད། ཐེེངས་འདིའི་གཞོན་སྐྱེས་ཚོགས་འདུ་ཐོག་མཁས་དབང་རྣམས་ཀྱིས་གནས་ཚུལ་སྣ་མང་གསུང་ཡོང་གི་ཡོད་ཀྱང་། གཞོན་སྐྱེས་རྣམས་ཀྱིས་ཚ་ཚ་འུར་འུར་ཐོག་དོགས་འདྲི་བྱེད་དགོས་པ་རེད། ཅེས་སོགས་གསུངས་སོང་།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་ཀྱིས། ང་ཚོས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་རིག་གཞུང་སོགས་དར་སྤེལ་རྒྱུད་འཛིན་བྱེད་དགོས་ཞེས་སྐད་རྒྱག་བཞིན་ཡོད་པ་རེད། དེ་དག་རྒྱུད་འཛིན་གྱི་དགོས་པར་སྡོམ་ཞིག་བརྒྱབ་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་དེབ་གསར་བ་བོད་དང་བོད་མིའི་མགྲིན་ཚབ་པའི་ལེའུ་བཅུ་དྲུག་པ་རེ་སྐུལ་གྱི་ནང་དུ། ༧གོང་ས་མཆོག་གིས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་དུ་ད་ལྟ་ནང་བཞིན་གནས་སྟངས་ངན་པ་ཞིག་བྱུང་མྱོང་མེད་ཀྱང་། ཉི་མ་སྤྲིན་པའི་འོག་ནས་དྭངས་བའི་དུས་སྐབས་ཤིག་སླེབས་ཀྱི་རེད། ཅེས་དང་།  འདས་བའི་ལོ་ངོ་ཉིས་སྟོང་ལྷག་གི་རིང་བོད་ཀྱི་ལོ་རྒྱུས་ནང་དར་རྒུད་སྣ་ཚོགས་བྱུང་ཡོད་ཀྱང་། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སོགས་མི་རིགས་གཞན་དང་མི་འདྲ་བར་ཁྱད་དུ་འཕགས་པའི་ངོ་བོ་མཚོན་གྱི་ཡོད། ཅེས་གསུངས་ཡོད། ད་ལྟ་བོད་འདིར་གཉན་འཕྲེང་དང་ཆག་འཇིག་གི་གནས་སྐབས་སུ་ལྷུང་བསྡད་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་བདག་གཅེས་དགོས་པ་རེད་དམ། གལ་སྲིད་ཆོས་དང་རིག་གཞུང་བདག་གཅེས་བྱེད་དགོས་ན། ད་ལྟའི་ང་ཚོའི་མི་ཐོག་འདི་བོད་པ་ཞིག་ཏུ་སྐྱེས་ཡོད་པས། བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་བྱས་ཏེ་མི་རབས་རྗེས་མར་རྩིས་སྤྲོད་བྱ་རྒྱུ་ནི་འདོད་པ་མེད་ན་རྡོག་ཁྲེས་རེད་ལ། ཡག་པོ་བཤད་ན་ང་ཚོའི་འོས་འགན་རེད།  དེ་ང་ཚོས་ཤེས་དགོས་པ་རེད། ཅེས་བརྗོད་སོང་།

དེ་བཞིན་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས། རྣམ་པ་ཚོ་ནི་མ་འོངས་བའི་བོད་ཀྱི་དབུ་ཁྲིད་དང་སྤྱི་ཚོགས་ཀྱི་མགོ་ཁྲིད་ཆགས་བསྡད་ཡོད། མ་འོངས་བའི་དབུ་ཁྲིད་ཞེས་པ་བོད་ཀྱི་སྤྱི་ཚོགས་ཆོལ་ཁ་གསུམ་གྱི་ཁོངས་སུ་ཐོན་དགོས་པ་རེད། སོ་སོ་ཆོལ་ཁ་གང་གི་ཁོངས་གཏོགས་ཡིན་ཡང་། སོ་སོའི་ལས་གནས་སུ་སྤྱི་བའི་སྤྱི་མི་སྡོད་དགོས་པ་མ་གཏོགས། ཆོལ་ཁའི་ཕྱོགས་ལྷུང་དུ་མ་འགྲོ་བའི་དགོངས་པ་བཞེས་རྒྱུ་གནད་འགག་ཆེན་པོ་རེད། ལས་གནས་དེའི་ཐོག་མི་ཚང་མར་ལྟ་སྟངས་གཅིག་གྱུར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱོགས་ལྷུང་དང་ཕྱོགས་རིས་ཟེར་བ་དེ་མགོ་ཁྲིད་ཞིག་གིས་དུས་ནམ་ཡང་བྱ་རྒྱུ་ཡོད་པ་མ་རེེད། ཕྱི་ལོགས་ཀྱི་མིར་ལྟ་སྟངས་ཅི་ཞིག་ཡོད་མེད་གནས་ཚུལ་ཐ་དད་རེད། སོ་སོའི་ངོས་ནས་བླ་མ་དཀོན་མཆོག་བྱས་ཏེ་ཕྱོགས་ལྷུང་མ་ཡོང་བ་དགོས་རྒྱུ་གལ་ཆེན་པོ་རེད། དབུ་ཁྲིད་ཞེས་སྒང་དུ་བསྡད་སྐབས་ལས་དོན་གང་ཡིན་ཡང་བརྟག་དཔྱད་དང་ཞིབ་འཇུག་གནང་རྒྱུ་དགོས། ཞེས་སོགས་གསུངས་སོང་།

དེ་རིང་གི་ཚོགས་འདུའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་དང་འབྲེལ་བོད་དང་བོད་མིའི་མགྲིན་ཚབ་ཕྱག་དེབ་ཀྱི་གལ་གནད་གང་གཟིགས་སྐོར་དང་།  ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་ཀྱིས་བོད་བཙན་པོའི་དུས་སྐབས་ཀྱི་སྲིད་དབང་ཁྱབ་ཚད། ས་རཱ་མཐོ་སློབ་ཀྱི་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་རྒྱབ་ལྗོངས། རྒན་ཐུབ་བསྟན་ཡར་འཕེལ་མཆོག་གིས་བོད་ཀྱི་ཆོས་སྲིད་མཚོན་དོན་ཕོ་བྲང་པོ་ཏ་ལའི་མཚོན་དོན་གསུང་བཤད་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese