མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

 བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་གིས་ལྐོག་རྔན་རྒྱ་སྒོར་དུང་ཕྱུར་ ༢ དང་བྱེ་བ་ ༧ ། ས་ཡ་ ༡ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་བཅད་ཡོད་ཀྱང་ལོ་གཉིས་རིང་ཕྱིར་འགྱངས་བྱས་ཡོད་འདུག

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།

ཞི་ཅིན་ཕིན་གཞུང་གིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག  ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བ་སོགས་ཀྱི་ནག་ཉེས་འོག་ཁྲིམས་ཆད་གཅོད་ཀྱིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༨ ཉིན་རྒྱ་ནག་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་གིས་ལྐོག་རྔན་རྒྱ་སྒོར་དུང་ཕྱུར་ ༢ དང་བྱེ་བ་ ༧ ། ས་ཡ་ ༡ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་བཅད་ཡོད་ཀྱང་ལོ་གཉིས་རིང་ཕྱིར་འགྱངས་བྱས་ཡོད་ཚུལ་བསྒྲགས་འདུག 

དེའི་ཐད་རྒྱ་ནག་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཝང་ཡུང་གིས་ཕྱི་ལོ་ ༢༠༠༧ ནས་ ༢༠༢༣ ལོའི་བར་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་གྱི་སྲིད་ཇུས་ཁྲིམས་སྲོལ་གྱི་མགོ་ཁྲིད་དང་། དམངས་སྤྱོད་མཁའ་འགྲུལ་ཀུའེ་ཀྲོའུ་བདེ་འཇགས་ལྟ་སྐུལ་དོ་དམ་ཁང་གི་དམར་ཤོག་ཚོགས་པའི་ཚོགས་མི་དང་མགོ་ཁྲིད། ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་ཚོགས་པའི་དམར་ཤོག་ཚོགས་པའི་དྲུང་ཡིག གཞུང་འབྲེལ་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ་མི་སྒེར་གྱི་ཁེ་ལས། ལས་གྲྭ་འགན་ལེན། གོ་གནས་སྤར་བ། ཁེ་ཕན་དོན་གཉེར་ཟེར་བ་སོགས་བྱས་ནས་ལྐོག་རྔན་ཁྱོན་རྒྱ་སྒོར་དུང་ཕྱུར་ ༢ དང་བྱེ་བ་ ༧ ། ས་ཡ་ ༡  བླངས་ཡོད་པའི་ནག་ཉེས་བཙུགས་ཡོད་འདུག

འདས་ལོར་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཁང་ཟེར་བས། ཝང་ཡུང་གིས་ཀུའེ་ཀྲོའུ་ཞིང་ཆེན་མཁའ་ལམ་འགྲིམ་འགྲུལ་ཁང་གི་འགན་འཛིན་གཞོན་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་སོགས་ཀྱི་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ། ལས་གནས་དང་མི་སྒེར་གྱི་ཁེ་ལས། ལྐོག་རྔན་འབོར་ཆེན། གཞུང་གི་དངོས་ཟོག་ཚོང་སྒྱུར་བྱས་ནས་ཁེ་བཟང་བླངས་བ་སོགས་ཀྱི་དོགས་གཞིའི་འོག་ནས་ཞིབ་བཤེར་བྱས་ཏེ། ལས་གནས་དང་། དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་དང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ ཟེར་བའི་འཐུས་མིའི་ཐོབ་ཐང་ཕྱིར་བསྡུ་བྱས་ཡོད་ལུགས་བསྒྲགས་འདུག

ཝང་ཡུང་ནི་ཕྱི་ལོ་ ༡༩༧༡ ལོར་རྒྱ་ནག་སི་ཁྲོན་ཞིང་ཆེན་ཧུའུ་ཀྲུའུ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༡ ལོར་སི་ཁྲོན་མཐོ་སློབ་ནས་རྩིས་འཕྲུལ་རིག་པའི་སྡེ་ཁག་ཏུ་སློབ་གཉེར་བྱས། ཕྱི་ལོ་༢༠༡༡ ལོར་ཀུའེ་ཀྲོའུ་ཞིང་ཆེན་མི་མང་གནམ་ཐང་གི་བདེ་འཇགས་ཚན་པའི་མགོ་ཁྲིད་བྱས། ཕྱི་ལོ་ ༢༠༡༥ ནས་ ༢༠༡༩ ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་གི་འགན་འཛིན་གཞོན་པ་དང་། གནམ་ཐང་འཛུགས་སྐྲུན་སྤྱི་ཁྱབ་འགན་འཛིན་སོགས་བྱས། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༤ བར་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་བྱས། འདས་ལོའི་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་རྒྱ་ནག་རྒྱལ་ཡོངས་ལྟ་ཞིབ་ཁང་གིས་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་འདུག

འདས་ལོ་གཅིག་པུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མཐོ་རིམ་མགོ་ཁྲིད་བདུན་གནས་དབྱུང་བཏང་སྟེ་ཞིབ་བཤེར་བྱས་ཡོད་ཅིང་།  འདས་ལོའི་ཕྱི་ཟླ་དང་པོའི་ནང་བོད་རང་སྐྱོང་སྲིད་གཞུང་དམར་ཤོག་ཚོགས་པའི་མགོ་འཁྲིད་གཞོན་པ་ཀྲང་ཧོང་ཙི་དང་། ཕྱི་ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་དམངས་ཆེན་གྱི་རྒྱུན་ལས་མགོ་ཁྲིད་གཞོན་པ་ཇི་གོ་ཀང་།  ཕྱི་ཟླ་ ༦ ཚེས་ ༡༤ ཉིན་བོད་རང་སྐྱོང་ལྗོངས་རྒྱུན་ལས་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཅང་ཅེ། ཕྱི་ཟླ་ ༦ ཚེས་ ༡༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་ཟུར་པ་ཝུའུ་ཡིན་ཅེ་སྔ་རྗེས་སུ་གནས་དབྱུང་བཏང་སྟེ་ཞིབ་བཤེར་བྱས། དེ་བཞིན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་ཟེར་བའི་དམར་ཤོག་ཚོགས་པའི་ཁོངས་མི་དང་དྲུང་ཡིག་ཆེན་མོ། གཞུང་དོན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཡིག་ཀྲུའུ་ཆང་ལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་འོག བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལྟ་ཞིབ་ཁང་ཟེར་བས་ཞིབ་བཤེར་བྱས་ཡོད་འདུག

 གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༤།༡།༡༠ པར་དྲ་ལམ་ནས་བླངས།
Mobile App

རྒྱ་ནག་གིས་ཚོགས་ཆེན་འཚོགས་ཀྱང་བོད་མིའི་འཚོ་བ་ལ་ཕན་ཐོགས་མི་འདུག

༢༠༢༤/༠༡/༡༡
Covid global health emergency is over, WHO says. Photo ;Reuters
Mobile App

རྒྱལ་སྤྱིའི་ནང་ཏོག་དབྱིབས་ཛ་དྲག་གི་གནས་སྟངས་ཡོལ་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ། 

༢༠༢༣/༠༥/༠༦
Choeyang Kyi (Qieyang Shenjie) wins in Madrid (© Organisers)
Mobile App

འདི་ལོར་ཆོས་དབྱིངས་སྐྱིད་ལ་གསེར་གྱི་རྟགས་མ་གསུམ་ཐོབ།

༢༠༢༢/༠༥/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese