མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ནང་ཏོག་དབྱིབས་ཛ་དྲག་གི་གནས་སྟངས་ཡོལ་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ། 

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཡོལ་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་ཀྱང་མུ་མཐུད་དུ་དོགས་ཟོན་དང་འགོག་སྲུང་བྱ་དགོས་པའི་འབོད་སྐུལ་གནང་།

Covid global health emergency is over, WHO says. Photo ;Reuters

འདས་པའི་ལོ་ཤས་རིང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་གྱི་སྲིད་འབྱོར་རིག་གསུམ་ཐད་ལ་གྱོང་གུད་ཚབས་ཆེན་ཐེབས་ནས་མི་གྲངས་ས་ཡ་དུ་མ་རྐྱེན་འདས་སུ་གྱུར་ཡོད་ཀྱང་། ཉེ་ལམ་རིམས་ནད་ཀྱི་གནས་སྟངས་ཇེ་བཟང་དུ་ཕྱིན་ཏེ། རྒྱལ་སྤྱིའི་མཁའ་ལམ་ཡོངས་སུ་སྒོ་ཕྱེ་ནས་རྒྱུན་ལྡན་གྱི་འཚོ་བར་རོལ་མུས་ཡིན་པ་ལྟར། ཁ་སང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཡོལ་ཟིན་ཡོད་ཀྱང་། ད་ལྟའང་གཉན་རིམས་ཀྱི་ནད་འབུ་རྩ་མེད་དུ་ཕྱིན་མེད་པའི་ཁར། མི་རྣམས་རིམས་ནད་ཀྱིས་རྐྱེན་འདས་སུ་འགྲོ་མུས་ཡིན་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཊེ་ཌོ་སུ་(Tedros Adhanom Ghebreyesus) ལགས་ཀྱིས། འདས་པའི་ལོ་ངོ་གཅིག་ལྷག་གི་རིང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཇེ་བཟང་དུ་ཕྱིན་ཡོད་པ་མ་ཟད། འགོག་ཁབ་རྒྱག་མཁན་ཡང་ཇེ་མང་དུ་གྱུར་ནས་རྐྱེན་འདས་སུ་གྱུར་བའི་མི་གྲངས་ཇེ་ཉུང་དང་། འཕྲོད་བསྟེན་ལྟ་སྐྱོང་ཐད་ཀྱི་དཀའ་ངལ་དེ་དག་ཞི་བཞིན་ཡོད་ལ། འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་ཕལ་མོ་ཆེའི་ནང་རྒྱུན་ལྡན་ལྟ་བུར་འགྱུར་བཞིན་ཡོད་པས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རེ་བ་དང་བཅས་རྒྱལ་སྤྱིའི་ནང་ཏོག་དབྱིབས་ཀྱི་ཛ་དྲག་གནས་སྟངས་ཡོལ་ཟིན་པ་ཞུ་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཡང་ཁོང་གིས། ད་ལྟའང་ཏོག་དབྱིབས་གཉན་རིམས་ཀྱི་ནད་འབུ་ཡོད་པ་མ་ཟད། དེའི་ངོ་བོ་འགྱུར་ནས་འཆི་སྐྱོན་འབྱུང་མུས་ཡིན་པས། རྒྱལ་ཁབ་ཁག་གིས་མུ་མཐུད་རིམས་ནད་དེ་ནད་ཡམས་གཞན་བཞིན་འགོག་སྲུང་དང་དོགས་ཟོན་བྱ་དགོས་སྐོར་དང་། རིམས་ནད་དེས་འདས་པའི་ལོ་ཤས་རིང་འཛམ་གླིང་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་ཚུད་པའི་དཔལ་འབྱོར་དང་། ཚོང་འབྲེལ། འགྲིམ་འགྲུལ་སོགས་ཀྱི་ཐད་ནས་གནད་འཚེ་ཆེན་པོ་བཏང་ཡོད་སྐོར་སོགས་བརྗོད་འདུག

Men wearing protective suits stand next to the body of their relative, who died from the coronavirus disease (COVID-19), before her cremation at a crematorium ground in New Delhi, India, May 4, 2021. REUTERS/Danish Siddiqui

འཛམ་གླིང་ཏོག་དབྱིབས་གཉན་རིམས་ཀྱི་གྲངས་ཐོ་ཞིབ་བཤེར་བྱེད་ས་ (World Meters) ལྟར་ན། འདས་པའི་ཆུ་ཚོད་ཉེར་བཞིའི་རིང་འཛམ་གླིང་ཁྱོན་ཡོངས་སུ་རིམས་ནད་འགོས་མཁན་མི་གྲངས ༥༦༡༧༢ བྱུང་ཡོད་ཅིང་། མི་གྲངས ༣༩༧ རྐྱེན་འདས་དང་མི་གྲངས ༤༧༨༠༥ དྲག་སྐྱེད་བྱུང་འདུག་ལ། ད་བར་འཛམ་གླིང་ཁྱོན་ཡོངས་ཀྱི་མི་གྲངས་ས་ཡ་དྲུག་བརྒྱ་(༦༨༧༦༩༠༠༢༦) ལྷག་ལ་རིམས་ནད་འགོས་ཡོད་པ་མ་ཟད། མི་གྲངས་ས་ཡ་༦(༦༨༧༠༧༠༣) ལྷག་རྐྱེན་འདས་སུ་གྱུར་ཡོད་འདུག

ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་གྲངས་ཐེར་འབུམ་བཅུ་གསུམ་ལྷག་བརྒྱབ་ཟིན་ཡོད་ཅིང་།  སྤྱིར་ཕྱི་ལོ་ ༢༠༢༠ ཟླ་ ༤ ནང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་(UNICEF)། སུད་སིའི་རྒྱལ་སྤྱིའི་འགོག་ཁབ་དང་ནད་སྲུང་ཚོགས་པ་གྷ་ཝི་(GAVI)བཅས་ཀྱིས།  ཐོག་མར་ཁཱོ་ཝེག་སི་ (COVAX) ཞེས་པའི་གོ་ལ་རང་བཞིན་གྱི་ཏོག་དབྱིབས་འགོག་ཁབ་བཟོ་སྐྲུན་གྱི་ལས་གཞི་ཞིག་མགོ་བརྩམས་ཡོད་ཅིང་།   དེའི་ཁོངས་སུ་འཛམ་གླིང་རྒྱལ་ཁབ་ ༡༩༠ ལྷག་གིས་ཆ་ཤས་བླངས་ཏེ་ཏོག་དབྱིབས་འགོག་ཁབ་བཟོ་སྐྲུན་གྱི་འགྲན་རྩོད་བྱས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ཨ་རི་དང་འཇར་མན། སྦེལ་ཇམ། ཁོ་རོ་ཤི་ཡ་དང་ཨཡེ་རི་ལེན་ཌི་བཅས་ཀྱིས་བཟོས་པའི་ (Pfizer/BioNTech)འགོག་ཁབ་ལ་ངོས་ལེན་དང་བེད་སྤྱོད་ཀྱི་ཆོག་མཆན་ཐོབ་སྟེ། འཛམ་གླིང་གི་ཏོག་དབྱིབས་འགོག་ཁབ་ཨང་དང་པོར་གྱུར་ཡོད་འདུག

དེ་བཞིན་ཕྱི་ལོ ༢༠༢༡ ཟླ་ ༡ ཚེས་ ༢༩ ཉིན་རྒྱ་གར་གཞུང་གི་(Oxford/AstraZeneca) ཆོག་མཆན་ཐོབ་ནས།  ད་ལྟའི་ཆར་རྒྱ་གར་གྱིས་ (COVOVAX) དང་ (Covishield)། (Bharat Biotech) ཡིས་བཟོ་སྐྲུན་བྱས་པའི་ (Covaxin)། ཨ་རིའི་ (Nuvaxovid)།  (Moderna)།  སྦེལ་ཇམ་ནང་རྟེན་གཞི་བྱས་པའི་ཨ་རིའི་ཇེན་སན་སྨན་རིགས་བཟོ་སྐྲུན་ཁང་( Janssen Pharmaceuticals) གིས་བསྐྲུན་པའི་  (johnson & johnson)།  རྒྱ་ནག་གི་ (Convidecia)དང་ (Covilo) (CoronaVac) བཅས་འགོག་ཁབ་ཁྱོན་ ༡༡ ལ་ཆོག་མཆན་ཐོབ་སྟེ་བེད་སྤྱོད་གཏོང་བཞིན་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢ བར་གླིང་ཕྲན་རྒྱལ་ཁབ་རེ་ཟུང་མ་གཏོགས་འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཏུ་ཕྱིན་ཏེ། མི་གྲངས་ས་ཡ་ ༦༨༧  ཙམ་ལ་ནད་འབུ་འགོས་ཡོད་པ་དང་། མི་གྲངས་ས་ཡ་ ༦། ༨༧  ལྷག་འདས་གྲོངས་སུ་ཕྱིན་ནས་མི་རྒྱུ་གཉིས་ལ་བསམ་ཡུལ་ལས་འདས་པའི་གོད་ཆག་ཆེན་པོ་བྱུང་ཡོད་པར་བརྟེན། ཨ་རི་དང་དབྱིན་ཡུལ། ཨོ་གླིང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་སོགས་ཀྱིས། སྔ་གཞུག་ཏུ་ཏོག་དབྱིབས་ནད་འབུ་དེ་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ (Wuhan Institute of Virology) ནས་ཕྱིར་ཤོར་བ་ཡིན་མིན་སོགས་ཁ་གསལ་བཟོ་དགོས་པའི་རེ་སྐུལ་དང་རྒྱ་ནག་གཞུང་ལ་བརྡ་འདེད་བཏང་ནས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་ཉུང་མཐར་ཐེངས་ ༡༠ ལྷག་ལ་རྒྱ་ནག་ཏུ་བསྐྱོད་དེ་ཞིབ་འཇུག་བྱས་ཡོད་ཀྱང་ཏོག་དབྱིབས་ཀྱི་འབྱུང་ཁུངས་ད་ལྟའང་ཁ་གསལ་བཟོ་མ་ཐུབ་པར་ལྷག་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༥/༡༥
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས། 

༢༠༢༣/༠༥/༠༨
Mobile App

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་རམ་ས་ལར་བསྡུས།

༢༠༢༣/༠༥/༠༥
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist