མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐོག་ཨོ་གླིང་གཞུང་གི་ལངས་ཕྱོགས་གསལ་བོ་དགོས་པའི་རེ་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༧སྐུའི་གོ་སྟོན་དང་བསྟུན་༧གོང་ས་མཆོག་གི་མཛད་པ་དང་མ་འོངས་བའི་དགོངས་པ་བཞེས་སྟངས་འཛམ་གླིང་ནང་རྒྱ་ཁྱབ་ཏུ་འགྲོ་བའི་གོ་སྐབས་ཡག་ཤོས་ཤིག་ཆགས་ཡོད་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཨོ་གླིང་གནས་མཁར་གསར་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༧།༡༣ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།

ཁ་སང་ཕྱི་ཚེས་ ༡༤ ཉིན་ཨོ་གླིང་ཁུན་སི་ལེན་ཌི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་བོད་རིགས་མི་མང་ལ་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། དྷ་རམ་ས་ལར་༧སྐུའི་གོ་སྟོན་གྱི་ལས་རེིམ་གྱི་གསར་འགོད་གསལ་བསྒྲགས་ཐོག ཕྱི་ཟླ་ ༧ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་བཀའ་སློབ་ཅིག་ཕེབས་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད། གསལ་བསྒྲགས་དེ་བྱེད་དོན་ནི་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ པའི་ནང་༧སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་ཚིག་དེ་བོད་སྐད་ནང་༧རྗེ་དགེ་འདུན་གྲུབ་པའི་དགུང་ལོར་ཕེབས་པའི་སྐབས་དང་། དབྱིན་ཡིག་ནང་༧གོོང་ས་མཆོག་དགུང་ལོ་ ༩༠ ཕེབས་པའི་སྐབས་གྲོས་བསྡུར་བྱས་ཏེ་བཀའ་ཞིག་ཕེབས་ཀྱི་རེད་ཅེས་གསུངས་ཡོད། དེའི་ཐོག་ཏུ་འཛམ་གླིང་ནང་༧གོང་ས་མཆོག་དགུང་ལོ་ ༩༠ ཕེབས་སྐབས་བཀའ་ཅི་ཞིག་གནང་རྒྱུ་ཡིན་པར་དོ་སྣང་བྱེད་བཞིན་འདུག དེེའི་སྔོན་ལ་དབྱིན་ཡུལ་དང་འཇར་མན་དུ་ཕྱིན་ཏེ་༧གོང་ས་མཆོག་གི་ཡང་སྲིད་དང་བོད་ནང་གི་ཆོས་དད་རང་མོས་ཐོག་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་གཞུང་གི་སྲིད་ཇུས་ལངས་ཕྱོགས་ཤིག་གཏན་ལ་ཕབ་དགོས་ཞུས་ཡོད། ༧སྐུའི་འཁྲུངས་སྐར་གྱི་རྗེས་སུ་ཡུ་རོབ་རྒྱལ་ཁབ་བདུན་གྱིས་ཐུན་མོང་ཐོག་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་ཡོད་ལ། ༧སྐུའི་ཡང་སྲིད་ཀྱི་གསལ་བསྒྲགས་དང་བསྟུན་ནས་ཕྱི་དྲིལ་ལས་ཁུངས་སུ་གསར་འགོད་པ་ ༢༠༠ ལྷག་གིས་ཐོ་བརྒྱབ་འདུག ༧གོང་ས་མཆོག་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་སྐབས་སུ་འཛམ་གླིང་ནང་ཧ་ཅང་དོ་སྣང་ཆེན་པོ་བྱུང་ཡོད། དེའི་རྗེས་སུ་ད་ལན་གྱི་གསར་འགོད་གསལ་བསྒྲགས་ལ་གསར་འགོད་པ་མང་པོ་བསླེབས་འདུག ང་ཚོའི་དམིགས་ཡུལ་གཙོ་བོ་གསར་ལམ་འདི་དག་བརྒྱུད་ནས་༧གོང་ས་མཆོག་དགུང་ལོ་ ༩༠ ཕེབས་པ་དང་བསྟུན། ༧གོང་ས་མཆོག་གི་མཛད་པ་བསྐྱངས་པ་དང་། མ་འོངས་བའི་དགོངས་པ་བཞེས་སྟངས་འཛམ་གླིང་ནང་རྒྱ་ཁྱབ་ཏུ་འགྲོ་བའི་གོ་སྐབས་ཡག་ཤོས་ཤིག་ཆགས་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཨོ་གླིང་གནས་མཁར་གསར་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༧།༡༣ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།

ཡང་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱིས་བསམ་བློ་གཏོང་ཕྱོགས་ནི་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཞལ་བཞུགས་པའི་སྐབས་སུ་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ལ་གང་ཡང་བྱེད་ཐུབ་ཀྱི་མེད་པའི་ངོས་འཛིན་གྱི་ཐོག་ནས། ཕྱི་ལོ་ ༡༩༦༩ ལོ་ནས་བཟུང་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་མ་འོངས་བར་༧རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་ཕེབས་དགོས་མིན་བོད་མི་རྣམས་ཀྱིས་ཐག་གཅོད་གནང་གི་ཡིན་པ་བཀའ་ཕེབས་ཡོད་པ་ལྟར། ད་ལྟ་བར་དུ་འགྱུར་བ་གང་ཡང་མེད་པར་མུ་མཐུད་དེ་ཉེ་ཆར་གནང་བའི་བཀའ་སློབ་ནང་དུ་གསལ་བསྡད་ཡོད། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་གིས་བཀའ་སློབ་གནང་བའི་རྗེས་སུ་ཆོས་ཚོགས་ཚོགས་ཆེན་ཁག་གི་ནང་༧སྐུའི་ཡང་སྲིད་ཀྱི་གྲོས་ཆོད་ཐོག་བསྟན་བདག་བླ་ཆེན་རྣམ་པ་དང་དགོན་སྡེ་ཁག་གི་སྐུ་ཚབ་ཚང་མ་ཕེབས་ཡོད། ༧རྒྱལ་བའི་ཡང་སྲིད་ཐད་ཀར་འབྲེལ་བ་ཡོད་པ་བོད་མི་མང་ཆགས་ཡོད། བོད་ནང་ཡོད་པའི་བོད་མི་རྣམས་ལ་རང་དབང་ཐོག་སྐད་ཆ་བཤད་པའི་གོ་སྐབས་མེད། བཙན་བྱོལ་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་འདོད་པ་གང་ཡོད་པ་དེ་རེད། ད་ལྟ་བར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་མུ་མཐུད་གནས་རྒྱུར་ཞལ་བཞེས་གནང་ཡོད་པ་མ་རེད། ཟླ་འདིའི་ཕྱི་ཚེས་ ༢ ཉིན་གཞི་ནས་དགའ་ལྡན་ཕོ་བྲང་མུ་མཐུད་དུ་གནས་རྒྱུ་ཡིན་པ་ཞལ་བཞེས་གནང་འདུག དེ་དང་མཉམ་དུ་༧སྐུའི་ཡང་སྲིད་ཕེབས་དགོས་པ་དོན་དག་གཉིས་ཀྱི་ཐོག་བོད་མིའི་སྤྱི་ཚོགས་ནང་མཐོ་དམན་བར་གསུམ་གྱིས་བསམ་ཚུལ་སྤུངས་ཏེ་ཕྱོགས་སྒྲིག་བྱས་ཡོད། དེ་ལས་རྒྱ་ཆེ་བ་རྒྱ་གར་དང་།བལ་ཡུལ།འབྲུག་བཅས་ཀྱི་ཧི་མ་ལ་ཡ་དང་། སོག་པོའི་རྒྱུད་ཀྱི་བོད་བརྒྱུད་ནང་བསྟན། རྒྱ་གར་གྱི་ནང་པ། ཉི་ཧོང་གི་ནང་པ་སོགས་ཀྱིས་གྲོས་ཆོད་ཕྱོགས་སྒྲིག་བྱས་ཡོད། དེའི་ཐོག་ཡུ་རོབ་ཀྱིི་རྒྱལ་ཁབ་ཁག་གི་ལེགས་སྦྱར་དང་པ་ལི་ནང་བསྟན་མཐུན་ཚོགས་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་ཡོད་ལ།  དེ་བཞིན་ཡུ་རོབ་གྱི་རྒྱལ་ཁབ་བདུན་གྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་བསྒྲགས་གཏམ་སྤེལ་ཡོད། ཅེས་དང་། མ་འོངས་བར་ཨོ་གླིང་གཞུང་གི་ངོས་ནས་དེ་འདྲའི་ལངས་ཕྱོགས་གསལ་བོ་ཞིག་སྐོར་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༨ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཨོ་གླིང་གི་སིཌ་ཎི།(Sydney) ནཱོ་ར།(Nowra) སིན་ཌི་རལ་ཁོ་སི་ཌི།(Central Coast) གནས་མཁར་གསར།(Newcastle) བྷི་རས་བྷེན(།Brisbane) ཁན་བྷི་ར།(Canberra) མེལ་བྷོན་(Melbourne)བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར་། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨོ་གླིང་ནེའུ་སོ་ཐི་ཝལ་ (New Southwales) མངའ་སྡེའི་གནས་མཁར་གསར་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། དེ་བཞིན་ཕྱི་ཚེས་ ༡༢ ཉིན་ཨོ་གླིང་དང་བླངས་བོད་དོན་ཞུ་གཏུགས་པ་དང་སིཌ་ཎི་རིག་གནས་སྐྱེད་ཚལ་ཁང་གི་སློབ་མ་ཐུག་འཕྲད་གནང་། སོ་ཐི་ཁོ་སི་ཌི་(South Coast)ས་གནས་བོད་རིགས་མི་མང་བཅས་ལ་གསུང་བཤད་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན། སྲིད་སྐྱོང་གིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར། ༡༨།༠༧།༢༠༢༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་ཞུས་སོང་།

༢༠༢༣/༠༧/༡༨
༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ། ཕྱི་ལོ་ ༢༠༢༣།༧།༡
པར་དབང་། དགའ་ལྡན་ཕོ་བྲང་།
Mobile App

༧གོང་ས་མཆོག་གིས་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ།

༢༠༢༣/༠༧/༠༡
པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
Mobile App

འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དེ་རྒྱའི་ཁོངས་གཏོགས་ཡིན་ཟེར་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།

༢༠༢༣/༠༦/༢༩
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་ ༦ སྤྱི་མོས་གཏན་འབེབ་གནང་སོང་།

༢༠༢༣/༠༣/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese